ཉིན་ཤས་རིང་། བསྟུད་མར་དྲག་ཆར་འབབ་པའི་གནམ་གཤིས་དང་འབྲུབ་འགོག་གི་དུས་བབ་ཀྱི་མདུན་དུ་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས“ཞོད་འགོག”“བཀའ་རྒྱར”བརྩིས་ཏེ། གནམ་གཤིས་རྩུབ་མོའི་མདུན་དུ་སྟོབས་ཤུགས་གཅིག་སྒྲིལ་དང་རང་འགུལ་ཧུར་བརྩོན་གྱིས་འབྲུབ་འགོག་གི་དམག་འཐབ་ཡག་པོར་བརྒྱབ་སྟེ་མང་ཚོགས་ལ་བདེ་འཇགས་ཀྱི་བར་སྟོང་མཁོ་འདོན་བྱས་ཡོད།
རེས་སྐོར་འདིའི་ཛ་དྲག་ཆེ་བའི་འབྲུབ་འགོག་དུས་བབ་ལ་ཁུལ་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཀྱི་ཐོག་ནས་ཞིང་ཆེན་དང་ཁུལ་གྱི་འབྲུབ་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་དགོངས་དོན་དང་འབྲུབ་འགོག་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གེགས་འགོག་གེགས་སེལ་གྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས།
མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། ས་གཤིས་གནོད་འཚེའི་ཉེན་བརྡ་གཏོང་བ་དང་མངོན་མེད་རྐྱེན་ངན་གནས་སར་སྐོར་ཞིབ་གྲལ་བཤེར་བྱེད་པ་དང་ཆེད་ལས་ལག་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། རྫོང་སོ་སོ་དང་ཅུས་སོ་སོས་ལག་རྩལ་འདེགས་སྐྱོར་ཚན་ཁག2དང་མཉམ་དུ་འཐབ་ས་དང་པོར་བསྐྱོད་དེ། རླངས་འཁོར28དང་མི་ཐེངས99བཏང་བ་དང་། གྲལ་བཤེར་ཚོགས་ཆུང29ཡིས་གཙོ་གནད་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས90རྩད་ཞིབ་བྱས། བཟོ་གཏེར་ཁེ་ལས8ལས་མཚམས་བཞག་པ་དང་ཐོན་སྐྱེད་བྱེད་མཚམས་བཞག་ལ། ཨར་ལས་དང་ལས་སྒྲུབ་མི་སྣ37ཕྱིར་འཐེན་བྱས་པ་དང་འཕྲུལ་ཆས་སྒྲིག་ཆས27སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད།
ཉེན་གཡོལ་སྤོ་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ། འཇུ་ལག་དང་མདོ་ལ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ལག་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། མང་ཚོགས་དང་མཉམ་དུ་ས་གཤིས་གནོད་འཚེ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཉེན་ཁའི་ཁུལ11ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ། ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་སུ་ཁྱོན་ཁྱིམ་ཚང2068དང་མི་གྲངས6187གནས་སྤོ་བྱས་པའི་ནང་འཇུ་ལག་རྫོང་གི་ཁྱིམ་ཚང1792དང་མི་གྲངས5313ཡོད་པ་དང་། རྐང་ཚ་རྫོང་གི་ཁྱིམ་ཚང10དང་མི་གྲངས26། མདོ་ལ་རྫོང་གི་ཁྱིམ་ཚང183དང་མི་གྲངས677། མདའ་བཞི་རྫོང་གི་ཁྱིམ་ཚང83དང་མི་གྲངས171བཅས་ཡོད།
ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་བ། ཡོངས་ཁྱབ་རང་བཞིན་གྱི་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་ལ་བརྟེན་ནས་ཉིན་མཚན་བལྟོས་མེད་དང་རྒྱུན་ཆད་མེད་པར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཏེ། ས་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དང་གནམ་གཤིས་སྡེ་ཁག་དང་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡ་དུས་ཐེངས་དང་པོ་ཡོངས་བསྒྲགས་བྱས་ནས་ཡོངས་ཁྱབ་རང་བཞིན་གྱི་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་རང་འགུལ་ཉེན་བརྡ15གྲལ་བཤེར་བྱས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北祁连山报
责编/项吉当知
监制/杨本才让 总监制/刘增奎
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系