࿐གྲྭ་ཆས་དང་གྲུག་ཆས་གསར་བཅོས། སྒྲ་ཡིག།:

文摘   2024-01-07 21:18   四川  



མི་ལ་ལ་འཚོ་བ་ལ། 

ཁ་ཕོའི་ཕྱི་ཤུབ་ཞིག་ཡོད་ན་ཆོག་ལ།


མི་ལ་ལ་འཚོ་བ་ལ། 

གནས་ལུགས་ཀྱི་ནང་སྙིང་ཞིག་དགོས།

             

 


བཀྲ་ཤིས་པ།



ཉམས་ཆུང་སྦྲང་མ་འདྲ་བའི་མི་ཆུང་ངས། །

ས་ཆེན་པདྨའི་ཚལ་གྱི་མཐའ་བསྐོར་བཞིན། །

རང་དོན་ཁོང་བཅུག་རྟོག་པས་མ་སླད་པའི། །

རང་བྱུང་བདེན་པའི་ངག་སྙན་ཅི་ཡང་འགྱུར། །


ངལ་བསོས་བུ་རྣམ་སྲས། ✍🏻







རྐང་གྲུག་གི་མཛེས་རླབས།






དེང་རབས་ཀྱི་ལམ་བུ།


ཟ་ཉལ་ཕག་གི་མགྱོག་དར་མི་ལོན་བཞིན། །

མདུན་བསྐྱོད་མེད་པའི་མི་ལ་གྲུབ་འབྲས་མེད། །

འཁྱོག་པོའི་མདའ་ཡིས་འབེན་ལ་ཕོག་བཞིན། །

ཡོ་བཅོས་མེད་པའི་ལུགས་ལ་རྒྱལ་ཁ་མེད། །


མདོར་ན་འཁོར་འདས་བར་གྱི་བརྟན་གཡོའི་ཆོས། །

གང་ལ་བཅོས་བསྒྱུར་མེད་ན་ཡར་རྒྱས་མེད། །

མི་ནུབ་ཡར་རྒྱས་ལེགས་བཅོས་ལམ་ནས་བྱུང་། །

རྟག་བརྟན་གོང་འཕེལ་ལེགས་བསྒྱུར་ལུགས་ཀྱིས་འབྱུང་།།


སྒུལ་བསྐྱོད་མེད་པའི་རྡོ་ལ་ཡར་འཕེལ་མེད། །

ཡོ་སྲང་མེད་པའི་སྡོང་སྐམ་ཡར་སྐྱེས་མེད། །

བཅོས་སུ་མེད་པའི་རྒན་པོར་ཡར་རྒྱས་མེད། །

བསྒྱུར་དུ་མེད་པའི་རོ་ལ་ཡར་ཐོན་མེད། །   


ངལ་བསོས་བུ་རྣམ་རྒྱལ། 










佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章