༈ སྣང་བའི་ཕྱི་ནང་།

文摘   2024-06-02 19:38   西藏  



      ཁྲུང་ཁྲུང་ཁྱུ་ཡི་མ་གྲགས་འུར་སྒྲ་བཞིན། །

         ས་ཟླའི་བོད་ཀྱི་མི་སྒྲུབ་ཆོས་སྒྲོགས་ཁྲོད། །

             དུས་ཆེན་དེ་ཡང་ཤོར་བའི་འགྱོད་སེམས་ཀྱིས། །

                ཕྱིར་དྲན་གཙང་མའི་སྨོན་པ་ཙམ་འདི་སྤེལ། །


     ༈ བར་ཐག།


མི་དང་མི་ཡི་བར་ཐག །

ཕྱི་ཤུབ་མི་ཚུགས་ཙམ་རེད། །

མི་དང་མི་ཡི་མི་ཚུགས། །

རྫུན་མའི་ཕྱི་ཚུལ་ཙམ་རེད། །


མི་དང་མི་ཡི་ཉེ་རིང་། །

སེམས་ཀྱི་བར་ཐག་ཙམ་རེད། །

སེམས་དང་སེམས་ཀྱི་བར་ཐག །

འདང་བརྩེའི་སྣང་བ་ཙམ་རེད། །


འདང་བརྩེ་ཉེ་བའི་མི་དེ། །

ཉེ་མོའི་དྲུང་ནས་བཀྲ་ཤིས། །

འདང་བརྩེ་རིང་བའི་མི་དེ། །

རིང་པོའི་རྒྱང་ནས་དོན་འགྲུབ། །


དགའ་སྤྲོས་ཡིད་ཁམས་གང་ཞིང་། །

དགོད་སྒྲས་ཡུལ་ཁམས་ཁྱབ་ཤོག །

སྐྱིད་པའི་ཉི་མ་འཆར་ཞིང་། །

བདེ་བའི་དུང་ཟླ་ཚེས་ཤོག །


སྨོན་པ་དེ་འདྲར་བྱས་ཤིང་། །

གསོལ་འདེབས་དེ་འདྲ་བྱས་ནས། །

མིག་ཆུང་དེ་འདྲས་ཟུམ་པས། །

དེ་འདྲར་དོན་ལ་གྱུར་ཅིག །


                               ཉི་མའི་བུ་མཆོག།



༈ སྨོན་པ། 


སྙིང་པོའི་གནས་མཆོག་མཇལ་བའི་ཨ་སྐྱོ་དེས། །

སྙིང་ལྟར་གཅེས་པའི་ཕ་མ་སེམས་ཅན་ལ། །

སྙིང་ནས་མཆི་མ་འདྲེན་པའི་གསོལ་སྨོན་རེ། །

སྙིང་པོའི་དོན་ལ་ཕན་པའི་ཆེད་དུ་བྱས། །


གནམ་རྒྱ་ཡན།



༈ རྒྱང་གླུ། 


འུད་སྒྲོག་ཆེ་མཐོའི་མིང་གིས་མིག་བསླད་པའི། 

ཡིན་སྣང་དགུང་ནས་ཤར་བའི་བོད་མིའི་ངོར། 

ནུས་མེད་འཁྱམས་པོའི་ཚུལ་བཟུང་མི་ཆུང་ང་། 

ཐམས་ཅད་ཁོང་དུ་ཆུད་པའི་འཇའ་པོ་ཡིན། 


ང་རྒྱལ་རི་བོ་གཞོམ་ཕྱིར་ས་མཐར་ཆས།།

འདོད་ཆགས་ཆུ་བོ་བྲི་ཕྱིར་ཡུལ་མཐའ་བསྐོར།།

ཞེ་སྡང་མེ་ཆེན་མཇིལ་ཕྱིར་རྒྱལ་ཁམས་འགྲིམ།།

གཏི་མུག་མུན་ཁང་གཏོར་ཕྱིར་ཕྱི་རོལ་འགྲོ།།


སེམས་ཀྱི་དམ་ཆོས་འཚོལ་ཕྱིར་ས་མཐའ་འཁྱར།།

ཆོས་ཀྱི་སྙིང་པོ་རྟོགས་ཕྱིར་ཡུལ་མཐའ་བསྐོར།།

རང་སེམས་དགེ་སྡིག་བལྟ་ཕྱིར་རྒྱལ་ཁམས་འགྲིམ།།

ཐམས་ཅད་རོ་སྙོམ་ནུས་ཕྱིར་ཕྱི་རོལ་འགྲོ།།

                        

                      རྣམ་རྒྱལ། 



༈ བལྟ་ཚུལ། 


བལྟས་ན་མི་ཡག་མདོག་ངན་གོས་ངན་གྱི་ཚུལ་ལ། 

རྒྱུས་མེད་རྒྱ་གྲོང་ནང་གི་ཕྱི་ཚུལ་གྱི་མི་ཚོས། 

ཉེ་རྒྱང་ཀུན་ནས་བྱེད་པའི་མཐོང་ཆུང་གི་རྣམ་པ། 

ངེས་མེད་འཁྱར་པོ་བདག་ལ་ཉམས་སྣང་ཙམ་མི་འདུག །




                 

       ངལ་བསོས་བུས། ✍️





བཀྲ་ཤིས་བདེ་ལེགས།


佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章