༈ བུ་སྐྱེད་པ་ནི་མ་ཡི་འཕྲོད་བསྟེན་ཡིན། སྒྲ་ཡིག:

文摘   2024-01-18 23:14   四川  
 
 
 
 
 



༈.  བུ་སྐྱེད་པ་ནི་མ་ཡི་འཕྲོད་བསྟེན་ཡིན།   


  ཕྲུ་གུ་སྐྱེས་པ་ནི་བུད་མེད་རང་ལ་ཕན་པའི་རང་བྱུང་གི་བདེ་ཐང་གི་བཅོས་ཀ་ཞིག་རེད་ཟེ།  ད་ཡང་འདི་བོད་མི་བརྒྱ་ཆ་གོ་དགུས་མ་ཤེས་པ་འམ་བརྒྱ་ཡི་ནང་ནས་གཅིག་ཙམ་གྱིས་མ་གཏོགས་མི་ཤེས་པའི་འཇིག་རྟེན་གྱི་གསང་བ་གཅིག་རེད། 

༡༽ དེ་ཡང་སྤྱིར་བཏང་གི་སྲོག་ཆགས་ཕལ་མོ་ཆེ་ལས་མིའི་རིགས་འདི་སྐྱེ་བའི་སྡུག་བསྔལ་ཆེ་ཞིང་། བསྐྱེད་ནས་སྐྱོང་ཡང་དཀའ་ཆེ་གི་ཡོད་པ་དེ་འདྲ་ཞིག་རེད། དེའི་རྒྱུ་མཚན་གྱིས་ཚན་རིགས་པ་ལ་ལས་མི་ཟེར་བ་འདི་ས་གོ་ནས་སྐྱེ་འཕེལ་གྱི་འགྱུར་བ་ལས་བྱུང་ཞིག་ཡིན་ས་མ་རེད། གོ་ལ་གཞན་མ་ནས་ཡོང་བ་ཡིན་ས་རེད་ཟེར་གི་ཡོད་རེད། ང་ཚོའི་ཆོས་གཞུང་དེ་ཚོའི་ནང་། མ་བུ་གཉིས་ཀ་གཤིན་ཡུལ་གོ་ཕྱེད་བོར༔ ཟེར་བ་འདྲ་བོ་མང་པོ་གསུང་ཡོད་རེད་ལ། གནའ་སྔ་མོའི་དུས་དེ་ཚོར། ཧ་ཀྱང་མང་པོ་བསྐྱེད་ཆེ་ནས་ལུས་ཟུངས་ཀྱི་མི་འདངས་རྒྱུ་འདྲ་བོ། སྐྱེ་མ་ཐུབ་ནས་བུས་དྲུད་སོང་རེད་ཟེར་བ་འདྲ་བོ། བོང་ནད་འདྲ་མིན་ལ་སྨན་བཅོས་ཞན་པ་སོགས་ཀྱིས། རིག་གནས་གསར་བརྗེའི་སྔོན་ལྟ་བུ་ལ་ཡིན་ན། བུ་ཁྲི་ ༡༠ སྐྱེ་བའི་ནང་ནས་སྦྲུམ་མ་ ༡༥༠༠ རེ་ཤི་གི་ཡོད་པ་རེད་ཟེར། ཡིན་ན་ཡང་། དེང་སང་སྨན་བཅོས་འཕྲོད་བརྟེན་ཇེ་བཟང་དུ་སོང་ནས་ ༢༠༡༨ ལོར་ཁྲི་བཅུ་རེ་སྐྱེ་བའི་ནང་ནས། སྦྲུམ་མ་ ༡༨ ཙམ་དང་། བུ་ཕྲུག་ , རེ་ལས་ཤི་གི་མེད་པ་རེད་ཟེར། དེས་ན་དེ་ལ་དེང་སང་སྨན་དཔྱད་འཕྲོད་བརྟེན་གྱི་ལམ་ནས་ཧ་ཀྱང་གཟབ་རྒྱུ་ཡོད་པ་རེད་ཟེར། 

མ་ཟད། སྤྱིར་རྒྱ་ཆེ་ས་ནས་བསམ་ན། དེང་རབས་སྨན་དཔྱད་རིག་པ་བས་བཤད་པ་ལྟར་ན། བུ་མངལ་དུ་ཆགས་ནས་སྐྱེ་རྒྱུ་ཁོ་རང་གི་ངོ་བོ་ལྟ་བུ་དེ་བུད་མེད་ཀྱི་ལུས་ལ་གཙང་སྦྲ་དང་འཕྲོད་བསྟེན་ཆེན་པོ་ཞིག་རེད་ཟེར་གི་ཡོད་རེད། དེ་ཡང་དང་པོ་བུ་ཆགས་པ་ནས་བཟུང་། ༡༽མ་ཡི་ལུས་ཁམས་དང་སེམས་ཁམས་ལ་འགྱུར་བ་ཆེན་པོ་རེ་ཐེབས་ནས། ཞེན་པ་ལོག་པ་མགོ་ཡུ་འཁོར་བ།  ཤེས་པ་ཉོབ་ནས་གཉིད་ཡུར་བ། ཐ་ན་སྤྲོ་ཐུང་བ་ལ་སོགས་པ་འབྱུང་བ་ནི་རང་བྱུང་རྒྱུན་ལྡན་གྱི་རྟགས། གཙོ་བོ་孕激素 བུ་བཙའི་བསྐུལ་རྒྱུ་དང་སྐུལ་རྒྱུ་འདྲ་མིན་སྣ་ཚོགས་ཀྱི་བྱེད་ནུས་དབང་བསྒྱུར་བ་ལ་ལ་བརྟེན་ནས་འབྱུང་བ་རེད་ཟེར། དེ་ཡང་བཙས་ཟིན་པའི་རྗེས་སྔར་བཞིན་雌激素མོའི་བསྐུལ་རྒྱུ་ཟེར་བ་དེས་ལུས་ལ་དབང་བསྒྱུར་ནས་རིམ་གྱིས་རྟགས་དེ་ཚོ་མེད་འགྲོ་གི་ཡོད་པ་རེད་ཟེར།  



 གོ་དགོས་ཤེས་དགོས།






༢༽ད་དེ་འདྲ་ཡིན་དུས་མདོར་ན་བུད་མེད་བུ་མེད་པའི་དུས་སུ་ལུས་ཁམས་ལ་གཙོ་བོ་雌激素མོའི་བསྐུལ་རྒྱུ་ཟེར་བ་དེས་དབང་བསྒྱུར་ཞིང་།ལུས་ལ་བུ་འཁོར་ནས་སྐྱེས་ཟིན་པའི་བར་དུ་གཙོ་བོ་孕激素 བུ་བཙའི་བསྐུལ་རྒྱུ་ཟེར་བ་དེས་དབང་བསྒྱུར་བ་ཡིན་དུས།ད་གལ་ཏེ་བུད་ཅིག་ལ་རྟག་ཏུ་བུ་མེད་པ་ཡིན་ན།རྟག་ཏུ་雌激素མོའི་བསྐུལ་རྒྱུ་ཟེར་བ་དེས་དབང་བསྒྱུར་ན།དེ་ལ་དཔེར་ན་མོ་ནད་ཆུང་རིགས་འདྲ་མིན་དང་།ལྷག་པར་卵巢癌、子宫内膜癌、乳腺癌 མངལ་དང་ནུ་མའི་ངན་སྐྲན་ལ་སོགས་པ་འཇིགས་སུ་རུང་བའི་ནད་ཆེན་པོ་མང་པོ་ཞིག་ཕོག་པའི་ཉེན་ཀ་ཡོད་རེད་ཟེར།འདི་དག་ག་ཤིག་ལ་ལ་ཞིག་གིས་མཐའ་ཡས་རྒྱ་མཚོའི་ཕ་རོལ་ན་ནད་ངན་ཞིག་འདུག།དམགས་འཁྲུག་གཅིག་འདུག་བྱས་བསྡད་པ་ཙམ་མ་རེད།སོ་སོའི་ཉེ་ས་རྩར་རྒྱུད་དེ་ཚོ་ལ་བསམ་བློ་ཐོངས་དང་ཡོད་པ་མ་ཚད།མང་པོ་ཡོད་པ་དེ་འདྲ་རེད།འདི་དག་ངེས་པར་ལོ་རེ་ཙམ་ནས་བརྟགས་དཔྱད་བཏང་དགོས་ཟེར་སྨན་པ་དེ་ཚོས་འབོད་གི་ཡོད་རེད།འདི་དག་སྐྱེས་པ་ལ་མེད་པའི་བུད་མེད་སྒེར་གྱི་ལུས་ཀྱི་གྲུབ་ཚུལ་ལས་བྱུང་བའི་ནད་རེད།དེ་ལ་སྨན་པ་ཚོས་བརྟགས་དཔྱད་བཏང་འདུག་དུས།བུད་མེད་སྦྲུམ་མ་ཆགས་ནས་ཕྲུ་གུ་སྐྱེས་པའི་གོ་རིམ་དེ་བརྒྱུད་ནས།ངན་སྐྲན་གྱི་རིགས་དེ་ཚོ་འགོག་པ་ལ་ཕན་པ་ཧ་ཀྱང་ཡོད་པ་མ་ཟད།ཡ་མཚན་པ་ཞིག་ལ།དེ་ཡང་བུ་བསྐྱེད་པའི་ལོ་ཚོད་ག་ཚོད་ཆུང་ན།སྐྱེས་གྲངས་ག་ཚོད་མང་ན་དེ་དག་ལ་ཕན་ཐོག་ཆེ་ཆེ་བ་ཧ་གོ་ཡོད་པ་རེད་ཟེར།མ་ཟད་མོ་ནད་རིགས་མང་པོ་ཞིག་ལ་སྨན་བཅོས་བྱས་པ་ལས་ལྷག་པའི་ནུས་ལྟ་བུ་དངོས་སུ་ཐོན་གི་ཡོད་རེད་ཟེར།ད་དེ་ཚོ་དཔེ་དང་བཅས་པ་རེ་རེ་ནས་བཤད་རྒྱུ་ཡོད་རེད་དེ་དེ་ཙམ་གོ་བའི་བུ་བརྡ་ཟེར་བ་དེ་ཡིན།མདོར་ན་གནད་དོན་དེ་ལ།སྨན་པ་དེ་ཚོ་ཡང་ཡ་མཚན་དགོས་པ་ལྟ་བུ་འདི་ནི་འཇིག་རྟེན་རང་བྱུང་གིས་བུད་མེད་རྣམས་ལ་རོགས་སྐྱོར་འདྲ་བོ་ཞིག་ཡིན་ས་འདུག་ཟེར་དགོས་པ་ལྟ་བུ་ཆགས་ཡོད། 





 རྣ་བས་ཉོན།







༣༽མ་ཟད་བུད་མེད་བུ་སྐྱེས་ཟིན་པའི་རྗེས་སུ་ལུས་པོའི་ནུས་སྟོབས་དེ་ཚོ་ཡང་ཇེ་རྒྱས་སུ་སོང་ནས།དཔེར་ན་བུ་མོ་ལུས་རྩལ་བ་དེ་འདྲ་བུ་སྐྱེས་པའི་རྗེས་སུ་འཛམ་གླིང་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལོན་པ་ཡང་མང་པོ་ཡོད་རེད་ཟེར།དེ་ཡང་བུ་བསྐྱེད་པའི་ཕན་པ་ཡིན་པར།རྒྱུ་འབྲས་ཀྱི་འབྲེལ་བ་ཚན་རིག་གི་ལམ་ནས་མང་པོ་བཤད་གི་ཡོད་རེད།མ་ཟད་བུད་མེད་སྦྲུམ་མའི་སྐབས་སུ་ནད་ཆེན་པོ་མང་པོ་ཞིག་སྔོན་དཔག་གིས་ངོས་ཟིན་ནས་ཤེས་ཐུབ་ཟེར།དེ་ཡང་དཔེར་ན།བུད་མེད་བུ་སྐྱེ་ལ་ཁ་དེ་ཚོར་བརྟགས་དཔྱད་བྱེད་དུས་ཁྲག་མངར་ཚད་མཐོན་པོ་རེད་ཡོད་པ་དང་།ཁྲག་མཐོན་པོ་ལྟ་བུ་རེད་ཡོད་ན།བུ་སྐྱེས་པའི་རྗེས་སུ་གནས་སྐབས་ཚང་མ་དྲག་འགྲོ་ཡང་།ལོ་ན་མཐོ་དུས་ངེས་པར་དུ་ནད་དེ་ཚོ་ལ་གཟབ་དགོས་པ་ཧ་གོ་གི་རེད་ཟེར།འདི་དག་སྨན་པ་ཆེད་མཁས་པ་ཚད་ལྡན་དེ་ཚོས་བཤད་པའི་སྐད་ཆ་དག་མ་རེད།ད་དུང་ཨེ་བདེན་མི་བདེན་མོ་ཞིག་བརྒྱབ་དགོས་བསམ་ན་ཁྱོད་ཚོ་ཤེས། 

གང་ལྟར་དེ་རིང་ཡང་གནས་སྐབས་དེ་ཙམ་ཡིན།





བོད་པ་ལ་དགོས་པའི་སློབ་གསོ། 

བོད་པས་ནམ་ཡང་བཤད་མི་སྲིད་པའི་སློབ་གསོ།





 བསམ་བློ་ཐོངས།🫵







ངལ་བསོའི་བུ་རྣམ་སྲས་དབང་རྒྱལ། ✍🏻



 
 
 
✍🏻

佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章