རྟག་ཏུ་བཀྲ་ཤིས།
Holiday or overtime
祝你一直快乐
དཔའ་བས་མཐའ་བཞིའི་རྒྱལ་ཁམས་མངའ་དབང་བསྡུས། །
འཛང་པས་འཛམ་གླིང་རིག་གནས་ནང་དུ་དྲངས། །
སྔོན་བྱོན་བློ་ཁོག་ཅན་རྣམས་གཤེགས་ཤུལ་དུ། །
དེང་སང་ལྷག་པའི་བོད་སྙིགས་སྦར་མོ་གང་། །
ངལ་བསོས་བུ་མཆོག ✍🏻
ཕུགས་ཀྱི་མདུན་ལམ་ཆེ་ལ་མི་སེམས་པར། །
འཕྲལ་གྱི་ཁེ་ཕན་ཆེད་དུ་ཁྱི་བཞིན་རྒྱུག། །
དོན་གྱི་གནས་ལུགས་ཉིད་ལ་མི་དགའ་ཞིང་། །
ཚིག་གི་གྲགས་པའི་རྗེས་སུ་སྤྱང་བཞིན་འདུར། །
ངལ་བསོའི་བུ་རྣམ་སྲས། ✍🏻
。
Good Morning
ཞོགས་པ་
བདེ་ལེགས།
༈ བུ་ཡོད་པ་ཕའི་བསོད་ནམས་ཡིན།
ཁར་སང་གི་བཤད་པ་དེའི་ཐོག་ཏུ་ཁ་སྣོན་དགོས་རྒྱུ་གཅིག་ལ། ཕ་ཞིག་ལ་བསམ་བློ་བཏང་ན་ཡང་བུ་ཕྲུག་དེ་ཁྱོད་རང་ལ་ཕན་དགོས་ཅན་གྱི་ཅ་ག་ཞིག་རེད་ཟེར། དེ་ཡང་ཅ་ག་ཞིག་ལ་བསམ་བློ་བཏང་ན། དེ་རིང་ཁྱོད་ལ་འདི་ན་སྒོར་མོ་ཁྲི་བརྒྱ་རི་བའི་ཅ་ག་སྣུམ་མང་ཙམ་འགྲོ་མིའི་རླང་འཁོར་ཞིག་ཡོད། ཆ་རྐྱེན་གཅིག་ཡོད་པ་ནི་ཁྱོད་ཀྱིས་སུ་ལ་བཙོང་མི་ཆོག་ལབ་ན། ཚང་མས་ཐེ་ཚོམ་མེད་པར་དགོས་བལ་རྒྱུ་རེད་བ། བུ་ཕྲུག་ཟེར་བ་དེ་གཅིག་ཡོད་ཚར་དུས་ཕ་ཞིག་ལ་མཚོན་ན་ཁྲི་བརྒྱ་ཚོ་མ་དགོས་སྟོང་ཚོ་རི་བའི་འདིང་དང་དགའ་ཞེན་ཡོད་རེད་ཟེར་གི་ཡོད་རེད། དེ་འདྲ་ཡིན་དུས་ཕ་ལ་མཚོན་ན་ཡང་ངེས་པར་ཡོད་དགོས་པའི་དངོས་པོ་ཞིག་འཇིག་རྟེན་ཆོས་ཉིད་ཀྱིས་རེད་ཡོད་རེད། བོད་པ་དག་གིས་མཐོ་གཏམ་དག་དག་གིས་མི་གཤིས་ལ་ལྡོག་བརྫིས་བཏང་ནས། ཕ་མ་ཞིག་རེད་ཚར་དུས་སྡུག་རབས་ཡུས་རབས་སྡུག་ས་ཡུས་ས་ལྡོག་ཕྱོགས་དག་དག་ནས་བཤད་ནས་མནན་གི་ཡོད་རེད། དཔེར་ན་དེང་སང་གཅིག་གིས་མར་ལོགས་བུ་རྒྱུད་ཅན་དག་གི་སྡུག་བསྔལ་གྱི་གྲངས་དཔང་བསྡུ་ལེན་བྱེད་པའི་བྱ་འགུལ་ལམ་དུ་མ་སོང་ནས་ངོ་ཚ་བསག་པ་ལྟ་བུ་རེད།
དེང་སང་ཕྱི་རྒྱལ་དེ་ཚོ་ནས། རྟགས་དཔྱད་མང་པོ་བྱས་པའི་མཇུག་འབྲས་སུ། འདུག་རོགས་བུ་རྒྱུད་མེད་པའི་ཁེར་རྐྱང་དག་ལས། ཡོད་པ་དེ་ཚོའི་བདེ་སྐྱིད་ཀྱི་ཚད་གཞི་མཐོ་ཆེ་བ་མ་ཟད། ལེགས་འགྲུབ་ཀྱི་ཚད་གཞི་ཡང་མཐོ་ཆེ་བར་བཤད་གི་ཡོད།
དེས་ན་དེང་སང་བོད་ཀྱི་བུད་མེད་དག་ལ་ཡང་དགོས་ངེས་ཅན་ནི། མཐུན་བསྒྲིགས་རང་དབང་དེ་རེད། དེ་ཡང་ཟོག་ལྟར་དུ་མང་པོ་སུ་ཐུག་སུ་དང་བསྒྲིགས་རྒྱུ་མ་ཡིན་པར། ༡༽དེང་སང་དུས་རབས་གྱི་འགྲོ་ཕྱོགས་ལྟར་རེ་རེ་ལ་རེ་རེས་ཆོག་ཤེས་བྱེད་ཨེ་ཐུབ་བལྟ་རྒྱུ་དེ་གལ་ཆེན་པོ་རེད། དེ་མ་བྱས་ན་བཞི་མི་བདེ་བརྒྱད་མི་བདེ་བརྒྱད་གཉིས་བཅུ་དྲུག་མི་བདེ་ཟེར་བ་འདྲ་བོ་འཇིག་རྟེན་ན་ཕུང་དཀྲུག་གི་རྙོག་གྲྭ་བསླང་། མི་གཞན་པ་མང་པོ་ཞིག་གི་སེམས་བསད་ཡིད་ཆེས་བརླག་ནས་བདེ་སྐྱིད་མེད་པར་བཟོ་གི་རེད། མ་ཟད་༢༽བོད་མི་དག་གིས་མ་མཐའ་རྒྱ་དང་ཟི་རྒྱ་ཟ་ལ་འདྲ་བོ་དང་བསྡོང་ནས་བོད་མིའི་ཁྲག་འདི་མི་གཙང་བ་བྱེད་མི་བཞག་རྒྱུ་ཧ་ཀྱང་གལ་ཆེན་པོ་རེད། ཕོ་རང་གིས་བསམ་ན་རྩ་བ་དེ་གཉིས་གལ་ཆེན་པོ་རེད།
དེ་མིན་ཡུལ་ལུང་རེ་ན་བླ་རྒན་རེ་ཡིས་བསམ་བློ་རེ་བཤད་ནས་སྒེར་ཁྲིམས་རེ་བཞག། དུད་ཁྱིམ་རེའི་ནང་དུ་རྣ་མ་གཅིག་འདྲ་བོ་རེ་བླངས་ནས་བུ་ཐམས་ཅད་དེ་མ་གཏོགས་ཕྱི་ལོག་ལ་ཡོད་མི་ཆོག། ཁ་ཁ་གཞིས་གསར་འཚུག་མི་ཆོག་ཟེར་ཁྲིམས་རེ་རེ་བཞག། སྡེ་ནང་གིས་ཀྱང་དེ་རུ་བ་ལ་གཅིག་སྐྱེས་ཚར་ནས་ཕྱི་ལོག་གི་ཁྲིད་མི་ཆོག་ཟེར་ཁྲིམས་རེ་རེ་བཞག། དགོན་གནས་རེ་རེ་ལ་གྲྭ་གཅིག་བྱེད་ཚར་ནས་ཁ་ཕྱིར་འཁོར་མི་ཆོག་ཟེར་ཁྲིམས་རེ་རེ་བཞག། དང་པོ་མི་ཉུང་བའི་ཐོག་ཏུ་དེ་ལྟར་མི་ཆོག་དགུ་བརྩགས་འདྲ་བོ་དང་། སྲོལ་རྙིང་ངན་པའི་ལྕགས་སྒྲོག་འདྲ་བོ་དེས་ཨ་བཅིང་ཡང་བཅིང་འགའ་གྱིས་ཤོག་དང་། རང་གིས་རང་མེས་ཕུག་ཟེར་བ་དེ་འགྱུར་རྩིས་བྱེད་པ་རེད་ཅེརས་བཤད་གི་ཡོད།
ཚང་མ་ཚེ་རིང་ནད་མེད། བཀྲ་ཤིས་དེ་ལེགས། དེ་རིང་ཡང་དེ་ཙམ་ཡིན།
འོག་ཏུ་རྩོམ་ཞིག་བྲིས་པ་ཡང་ཞོར་ལ་གཅིག་གསན་ན།
WINTER。
བརྩེ་དུང་ནམ་མཁའ་གང་བའི་བྱང་སེམས་ལ། །
འཇིག་རྟེན་བརྩེ་དུང་ཡོད་པ་ཅི་ཞིག་འགལ། །
དེ་རྗེས་ངེས་པར་འཇུག་པའི་གང་ཟག་གིས། །
དེ་ཡི་ལད་མོ་ཙམ་ཞིག་ཅིས་མི་བྱེད། །
བོད་པའི་དེང་སང་ན་ཆུང་གཞོན་དུས་དགའ་བའི་གྲོགས་སྒྲིག་པའི་རང་དབང་ཟེར་བ་དེ་མེད་པའི་རྟགས་སུ། སུ་དང་ཐུག་ན་བརྩེ་བས་ཕོངས་ཏེ་ཡོད་པ་ལྟ་བུས་གང་བ་དང་། ཚེ་འདིར་དགོས་པའི་རྒྱུ་ནོར་གྱི་རང་དབང་ཟེར་བ་དེ་ཡང་མེད་པས། གང་དང་འཕྲད་ན་སྒོར་གྱིས་ལག་སྡུག་ཏེ་ལུས་ཡོད་པ་ལྟ་བུ་འདི་ཡང་། མི་རིགས་ཀྱི་ནད་ངན་ཞིག་མ་རེད་ཟེར་རྒྱུ་ཡོད་ས་འདུག་གམ།
རྣམ་
སྲས་
དབང་
རྒྱལ།
HAPPY FOREVER
Holiday or overtime
Good Afternoon
午安
你好
愿你每一天的遇见
都如午时艳阳一样
光芒四射、温暖无比
愿你能享受和煦的阳光
和舒畅的心情
祝你一直快乐
HAPPY FOREVER