༡༽ དེ་རིང་བཤད་བྱ། ༼ཚན་རིག་ནི་རིག་པའི་རྒྱལ་པོ་ཡིན།༽ཟེར་བ་ཕྱོགས་གཅིག་ནས་ཀུ་རེ་འདྲ་བོས་བཏགས་པ་ཡིན་ལ། ཕྱོགས་གཉིས་ནས་ངོ་མ་དེང་སང་སྣང་རུང་འཛམ་གླིང་གི་འགྲོ་བ་སྐྱེ་དངོས་ཚུན་ཆད་དེ་འདིའི་ལག་རྩལ་གྱི་འོག་ཏུ་ཡོད་རེད་ལ། མི་རྣམས་ཀྱི་བསམ་བློ་ཡི་ཁ་ལོ་ཚང་མ་ཡང་འདིས་བསྒྱུར་ཅིང་། སྤྱོད་པ་ལག་ལེན་ཡང་འདིའི་རྗེས་སུ་འབྲང་གི་ཡོད་པ་དེ་འདྲ་ཞིག་ཡིན་པ་རེད།
དེ་ཡང་། ཚན་རིག་ཞེས་པ། ཆོས་ནས་བཤད་ན་ཁྱི་རྡོ་ལ་སྙིགས་པ་ལྟ་བུ་མིན་པར་སེངྒེ་རྡོ་ལ་སྙེགས་པ་ལྟ་བུ། དེང་སང་ཕྱི་སྣོད་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་ཡན་ཆད། རགས་པ་སྟོང་ཆེན་གྱི་འཇིག་རྟེན། ནང་བཅུད་ཀྱི་ལུས་ཁམས་ཀྱི་གྲུབ་ཆ་བ་སྤུའི་ཁུང་བུ་ཡན་ཆད། ནང་གི་རྩ་སྦུག་སྲིན་འབུ་འབུ་ཕྲ་མོ་ནས་གཞི་རྒྱུའི་བར་གྱི་ཕྲ་རགས་ཐམས་ཅད་དང་། མ་ཟད་སྤྱི་ཚོགས་ཐོག་གི་མིའི་བྱ་བ་སྤྱོད་ལམ། བླངས་དོར་བྱེད་ཐབས་ཀུན་ལ་དེ་ལས་ཞིབ་རྒྱུ་མེད་པའི་བར་ཞིབ་ནས། རྟོགས་བྱ་གསར་རྟོགས་གིས་བཞག་པའི་རྣམ་བཞག་གསར་པ་དེ་ཚོ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས། དེས་དེང་སང་འཛམ་གླིང་གི་ཁ་ལོ་བསྒྱུར་ཞིང་། འཛམ་བུ་གླིང་པ་ཚང་མ་དེ་དང་ཁ་འབྲལ་ཐབས་མེད་པར་གྱུར་ནས། མི་ཡུལ་སྟོང་འདྲ་མ་སོང་ན། དར་ནས་ནུབ་རྒྱུ་གཏན་ནས་མེད་པར་གྱུར་ཚར་ཡོད་པ་དེ་འདྲ་ཞིག་རེད། དེ་ལ་མཐོང་ཆུང་མ་བལྟ། རང་རེའི་ཆོས་འདི་ཡང་ཞོར་ནས། ཕྱོགས་གཅིག་ནས་དེ་དང་འགྲིག་མིན་བལྟ་རྒྱུ་གལ་ཆེན་པོ་རེད། རང་འདོད་ཀྱི་གཏམ་རྫིག་པོ་རེ་ཡིས་མཐོང་ཆུང་བྱས་ནས་བཞག་བཞག་ན་རང་མགོ་གཏུམ་ནས་དྲིལ་བུ་བརྐུས་པ་དང་དཔེ་གཅིག་པ་ལས་ཡོང་གི་མ་རེད།
ལ་ལས་འདི་ཚོས་རྣམ་ཤེས་ཙམ་ཡང་ཡོད་པ་མ་ཤེས་ན། གཞན་ཅི་ཤེས་རེད། ཁོས་ཚིག་གཉིས་ཀྱིས་ཏག་ཏག་བྱེད་བཞག་གི་ཡོད་མདོག་སྟོན་རུང་། སོ་སོའི་གཏི་མུག་གི་གདུགས་ནག་ལ་ང་རྒྱལ་གྱི་ཏོག་གི་བརྒྱན་པའི་རྒྱལ་མཚན་ནག་པོ་དེ་ཕྱི་རུ་གསལ་བར་བསྟན་པ་ཙམ་ལས་གོ་ཅི་ཡང་གོ་མ་ཆོད་པའི་སྐད་ཆ་ཞིག་རེད་ཟེར།
དེ་ཡང་དེང་སང་ཚན་རིག་པ་ལ་རྣམ་ཤེས་ཁས་ལེན་མིན་གྱི་ཕྱོགས་གཉིས་ཀ་ཡོད་གི་ཡོད་པ་རེད། གཅིག་ནས་དེ་ཙམ་ཡང་མ་ཤེས་པའི་མུན་སྤྲུལ་གྱི་སྐད་ཆ། གཉིས་ནས་ལྷག་པར་དེ་གཉིས་ཀ་རྒྱུ་མཚན་གྱི་རྗེས་སུ་འབྲང་བ་ཡིན་དུས་བར་དུ་སོང་ནས་དཔྱད་པ་ཅིག་མ་བྱས་བར་སྟབས་བདེ་དེ་འདྲ་ག་ལ་ཡིན། ཡིན་བསམ་ན་དེ་དག་ས་སོང་ནས། དེ་ཚོ་ལ་རྣམ་ཤེས་ཟེར་བ་དེ་འདི་རེད་ཅེས་གཅིག་ངོ་གསལ་པོར་ཐོན་དང་། གཅིག་ཤོད་དང་། གོ་བརྡ་སྤྲད་ཡག་ཅིག་གྱིས་དང་ཝ་གི་ཡོད་མ་རེད། དེ་མ་བ་ན་བོད་འདི་ན་བོས་སྐད་ཀྱིས་གཅིག་ཤོད་དང་། གསལ་པོ་ཇི་ཙམ་བཤད་རྒྱུ་ཡོད་ན། སྤུ་གུ་ཚོ་ཁ་རོག་སྡོད།
རྫིག་ཕུད་སྔ་མ་བྱེད། རང་སྡེ་རྒྱལ་བའི་དགྲ་ལྷའི་དཔང་སྟོད་བྱེད་མ་སྔ། གཏན་ཚིག་གིས་གསལ་པོར་སྟོན་མ་ནུས། བརྡ་གསལ་པོར་སྤྲད་མ་ཐུབ་ན་མཐོང་ཆུང་ཚིག་ངན་ཕ་རོལ་པོ་སྤྲོ་བསླང་བྱེད་རེད་བ། གཞན་ཚར་གཅོད་རྗེས་འཛིན་མ་ནུས་ན་ཡང་། ཞེ་སྡང་ལྟ་བུའི་སྡིག་པ་ལ་སྦྱར་དགོས་དོན་ག་རེ་ཡིན།
༢༽དེ་མ་ཟད། གཞན་ཡང་། དེང་སང་མི་རིག་གནས་ཅན་དག་གིས། ཕྱི་རྒྱལ་ནང་རྒྱལ་དང་རྒྱལ་ཁབ་མི་རིགས་ཀྱི་སྡེས་མ་ཕྱེས་པའི་ཚན་རིག་གིས་བདེན་དཔང་བཅས་པའི་གོ་བ་གསར་པ་ཞིག་རག་ཡོང་ནས། དེ་སུ་ཤེས་སྔོན་ན་སྔོན་ཐོན་དང་། དེ་ལག་ལེན་སྟར་སུས་ཐོན་ན་དེ་འཇོན་ཐང་དུ་བརྩི་ནས་འགྲོ་གི་ཡོད་རེད། ང་ཚོའི་བཀའ་གདམས་པའི་དགེ་བཤེས་ཀྱིས་འདུལ་བ་བལྟ་སྟང་ལྟར་ཤེས་མ་ཐག་ལག་ལེན་བསྟར་བཞིན་ཡོད། ཡང་དགོས་བདེ་ཐང་སྐོར་འདི་ཚོ། ང་ཚོས་ཀྱང་ངེས་པར་དེ་ལྟར་ལག་ལེན་བསྟར་དགོས་རེད། མི་རིགས་རྒྱལ་ཁབ་ཀྱིས་མ་ཕྱེས་མིའི་ཐུན་མོང་གི་འཛམ་གླིང་ཡོངས་ཁྱབ་ཀྱིས་ཁས་ལེན་པའི་གནས་ལུགས། སུས་ལག་ལེན་བསྟར་ཤེས་ན་ཁེ་ལ་ཕན། བསྟར་མ་ཤེས་ན་ཕམ་གནོད་པའི་གི་ཤེས་བྱ་གཙང་མ་ཞིག་རེད། ད་དེ་ལ་མཐོང་ཆུང་བལྟ་བ་སོ་སོ་གླེན་རྟགས་བསྟན་པ་མ་ཚད། རང་རང་གི་རྗེས་འབྲང་བླུན་པོ་ཐམས་ཅད་ལའང་གནོད་བསྐྱལ་བཞག་མི་འདུག་བེ།
མ་ཤེས་ཤེས་མདོག་བྱེད་མ་ཡོང་སོ་སྐྱེ་ཡིན་པ་སུས་སུ་ལ་གསང་། ཀུན་མཁྱེན་འཁྲབ་མ་ཡོང་། ཁ་ཡིས་བཤད་རེད་མ་གཏོགས་ལག་ལེན་བློ་མཆིན་ནང་ཁྲོལ་ཚང་མ་ཚན་རིག་ལ་ཁ་ཕེད་བཅུག་ནས། སྲོག་ཚན་རིག་གི་ལག་ནང་ལ་བཞག་བཞག་གི་ཡོད་བ། ཐང་བདེ་མོ་ལ་ཨ་ལ་ལ་ལ་མོ་འུར་ཆེ་མ་ཡོང་། འགག་དོག་མོ་ནས་ཨོ་རྒྱན་པདྨ་ཟེར་ངུ་དགོས་ཆེ་ཡོང་།
ཡང་དེང་སང་ལ་ལས། ཚན་རིག་དང་མཐུན་མ་མཐུན་མེད་ཟེར་བ་ནི། རང་བཞིན་གྱི་སྟོང་གཏམ་ཞིག་རེད། འབྲོག་པ་ཚོའི་ཁ་ལ་མ་སོང་ན། ལབ་ལབ་ནག་ཅིག་རེད། མཐུན་ཚད་བསྟུན་ནས་མཐར་གཏུགས་སའི་གནད་འགག་དབུ་སེམས་ཀྱིས་གཞུང་གི་བདེན་པ་འདི་ཚོས་ཟིལ་གྱིས་ནོན་ལ་ལྡོག་ཐུབ་པའི་འགག། དཔེར་ན་གནས་སྐབས་སྣང་བ་ཀུན་རྩ་བ་སེམས་དང་རྡུལ་ཡིན་པ་རང་རང་ས་ནས་གནས་སྐབས་འགྲེལ་རྒྱུ་ཡོད་ལ་ཡ་མཚན་པའི་མཐུན་པའི་ཆ་སྒྲིག་ཏུ་ཡོད། མཐར་ཐུག་དེ་ཀུན་གྱི་རྩ་བ་སེམས་དང་རྡུལ་གང་ལ་ཐུག་པའི་ལ་ཟླའི་སྐབས་ཀྱི་རིག་པ་འགྲན་ཤེས་ན་དེ་ལས་ཀྱང་ངོ་མཚར་བ་ཡོད། དེ་བཞིན་དབུ་མས་སྟོང་ཉིད་ལ་རྩ་བ་བཟུང་བ་དང་། དངོས་ཁམས་ཚན་རིག་པས་དངོས་པོའི་ནུས་པ་ལ་རྟེན་འཆའ་བ་གཉིས་བསྡུར་ནའང་གནས་སྐབས་འདྲ་བའི་ཆ་ཡ་མཚན་པ་དང་མཐར་མི་འདྲ་བའི་གནད། དེ་ཚོ་ག་ལེར་དཔྱད་ཤེས་ན་ཆོས་ལ་ཐུན་མིན་གྱི་ངེས་ཤེས་ཁྱད་པར་ཅན་དང་ཐོབ་ཅིང་། གཞན་ཚན་རིག་ལ་ཡང་ཡ་མཚན་སྐྱེས་པ་སོགས་གནས་ལུགས་རྩ་བ་འཚོལ་བ་ཞིག་ལ་ནི་དེ་ཚོ་ཧ་ཀྱང་གལ་ཆེན་པོ་རེད། སྔ་མོའི་བོད་ཀྱི་ཕུལ་བྱུང་གི་མཁས་པ་དེ་ཚོ་དུས་རབས་འདི་ལ་བཞུགས་རྒྱུ་ཡིན་ན། དེ་དག་སློབ་བྱའི་གནད་འགག་ཆེན་པོ་ཞིག་ཏུ་བརྩི་བ་ལས། མཐོང་ཆུང་གིས་མི་དབྱུག་པར་ཐག་ཆོད། དེང་སང་ཡང་གཟིགས་པ་རིང་བ་དེ་ཙོས་གལ་འགག་ཏུ་བརྩི་གི་ཡོད་ན་ཡང་། མི་ཤེས་ང་རྒྱལ་ཅན་གྱིས་གང་ལའང་རྡོག་བརྫིས་བྱེད་པ་ཆོས་ཉིད་འདྲ་བོ་ཞིག་ཡིན་དུས་འདི་འདྲ་རེད། འདི་ལ་གནས་ལུགས་མེད་པའི་སྤྱི་ཚོགས་ཟེར་བ་རེད།
༣ ༽དེས་ན་དེང་རབས་ཚན་རིག་གི་རིག་གནས། ཧ་ལས་པ་འདི་དག་ལ། ཧ་ལས་པ་ལ་མི་ཁར་བྱེད་རྒྱུ་ཅི་ཡང་མེད། དེ་ཅི་ཡང་ཡག་པོ་མ་རེད། དེའི་མ་ཚད་ཆོས་ཚན་རིག་དང་མཐུན་པ་ཡང་ཧ་ཀྱང་ངོ་མཚར་བའི་གནས་རེད། དེ་ལ་ངོ་མཚར་མ་ཤེས་ན།. ངོ་མཚར་གྱི་གནས་ལ་ངོ་མཚར་མ་ཤེས་པ་དང་། ངོ་མི་མཚར་བ་ལ་ངོ་མཚར་དུ་འཛིན་པ་དེ་གླེན་པ་དང་བཟའ་བོ་ཡིན་པའི་རྟགས་སུ་གསུངས་པ་ནང་བཞིན་རེད།
དེས་ན་མི་ལ་ལ་ཞིག་གིས། དགེ་འདུན་ཆོས་འཕེལ་གྱིས་ཚན་རིག་ཟེར་བ་དེ་ནང་ཆོས་དང་ལག་གདང་སྦྲེལ་ནས་སོང་སོང་བའི་མཐའ་ལ། མཚམས་ཞིག་ནས་ཚན་རིག་གིས་རྗེས་མ་ཟིན་ཏེ་ལུས་པ་རེད་ཟེར་བ་འདྲ་བོ་དང་། ཡང་རྒྱ་ཡི་མཁས་པ་ཞིག་གིས། ཚན་རིག་པ་རྒྱུག་རྒྱུག་ནས་ཐོན་པའི་རི་རྩེ་དེ་ན་ནང་པའི་སྟོན་པ་སྔ་ཚེ་ཞིག་ནས་ཐོན་ཏེ་སྒུག་བསྡད་པ་འདྲ་བོ་རེད་བྱས་ཡོད་རེད་ཟེར་བ་དེ་ཙམ་གྱིས་འགེབ་རྩིས་འདྲ་བོ་ཞིག་བྱེད།
གཡའ། ད་རྒོལ་བ་གསོན་པོ་ཞིག་ཐོན་ཡོང་ནས། གཡའ་ཚན་རིག་གིས་ནང་པ་རྗེས་མ་ཆོད་ཟེར་རྒྱུ་དེ་གང་མ་ཆོད་ཟེར་ལེ་ཡིན། ཚན་རིག་ཡར་རྒྱས་རེད་ཡོང་ན་གོ་ཡོང་ས་འདུག་ད་ལྟ་གོ་གི་མི་འདུག་ཟེར་རྒྱུའི་ཆོས་ཀྱི་ནང་ན་གསལ་པོར་བཤད་ཡོད་པ་དེ་གང་ཡིན། དཔེར་ན་ཚན་རིག་གིས་མི་གོ་འདུག་རྒྱུའི་དཀའ་གནད་མང་པོ་མི་དགོས། སྣེ་ཁ་གཅིག་གསལ་པོར་སྔོན་ལ་སྒྲོག་དང་། དེ་ཞིབ་འཇུག་གི་བདེན་དཔང་ལོན་སོང་ན་ནོར་བེར་དངོས་ཁམས་རིག་པའི་དཔའ་དར་འདྲ་བོ་རགས་གི་ཡོད་རེད། དེ་གཅིག་རགས་ན། སྒོར་ཁྲི་བརྒྱ་ཚོ་མང་པོ་ཡོད་རེད། ནང་པའི་ཆོས་ཀྱང་འཛམ་བུ་གླིང་སྒང་ནས་ངོ་སོ་དགུང་ལ་བཏེགས། རྗེས་འཇུག་སྡབ་འགྱུར་གྱིས་གོང་འཕེལ་དུ་འགྲོ་ཤག་ཤག་རེད།
དེ་མིན་ཁ་རོག་རང་གར། ཚན་རིག་པས་གསར་མཐོང་ལེགས་པོ་རེ་ཡོད་དུས་དེ་སྔོན་ནས་གསུངས་ཚར་རེད་བྱས་བསྡད་ན་ཆོ་ག་ེ་ཡོད་རེད། རྗེས་ནས་འགྲེལ་བཤད་མཁས་པ་དེ་ལ། རྒྱ་ཡི་གཏམ་དཔེ་ཞིག་ལ། 事后诸葛亮 ཅི་ཚར་ཚར་དུས་ཀྱི་ཀྲུས་གི་ལིས་ཟེར་ནའང་འདྲ། ཅི་ཚར་ཚར་དུས་ཀྱི་མཁས་པ་ཟེར་བ་དེ་རེད།
མངོན་ཤེས་མེད་པས་དེ་ལྟར་མི་ནུས་ཟེར་ན་སྡེ་པ་གྲངས་རིག་པ་པ་དེ་ཚོས་གསལ་པོར་བཤད་དེ་འོད་ལམ་ལ་གྱུ་ཁུག་བྱེད་ཆོག་པ་བཤད་པ་བདེན་པ་ཕྱིས་མངོན་དུ་གྱུར་པ་དཔེར་ན་བཞིན་་་་་
爱因斯坦1916年计算出光线弯曲的正确结果,然后1919年5月29号,就有一次日全食。那时候第一次世界大战刚刚结束,英国天文学家爱丁顿,专门说服英国政府给了一笔经费,组织了两个观测团队,一个去巴西一个去非洲,专门为了验证广义相对论观测这次日食。结果爱丁顿的团队就真的看到了原本不该出现在太阳周围的几颗星 ——爱丁顿在皇家科学院宣读了观测结果,证明是广义相对论说得对。英国泰晤士报的报道用了个通栏标题 —— 《科学革命 —— 关于宇宙的新理论 —— 牛顿思想被推翻!》
དེ་འདྲའི་བདེན་དཔང་ལ་བརྟེན་ནས་ཉུག་ཏུན་མར་ཕབ་ནས་འཛམ་བུའི་གླིང་གི་ཚན་རིག་གི་རྒྱལ་ས་ལ་ཁོ་རང་ཡར་བཞག་ཡོད་པ་དེ་འདྲ་རེད། དེ་དང་འདྲ་བ་ཅིག་ཤོད་ཤོག་དང་། བཟོད་བོད་ཀྱི་བླ་མའི་ནང་དུ་ཚན་རིག་མཁས་པ་ཡོད་ཟེར་ངས་ཁས་ལེན། དེ་མིན་པས་ཚན་རིག་གི་འདོད་པ་ཡང་འདོན་ཙམ་ཤེས་པ་ནི་དེ་ཀ་རེད། དེ་ཡང་དེ་ཙམ་ཡིན། སང་ཉིན་ནས་དོན་འདིའི་ཐོག་ནས་མུ་མཐུད་དེ་བཤད། ཚང་མ་བདེ་མོ།
ངལ་བསོའི་བུ་རྣམ་སྲས་དབང་རྒྱལ།