༈ ཆོས་སྒོ་ཡངས་པོར་ཕྱོས་ཤིག། སྒྲ་ཡིག:

文摘   2024-01-09 19:21   四川  
ཆོས་སྒོ

ཆོས་སྒོ་ཕྱོས། 

     ཆོས་ལམ་ལེགས་བཅོས་ཐོངས། 🫵



༈. ཆོས་སྒོ་ཡངས་པོར་ཕྱོས།སྒོ་ཐེམ་དམའ་རུ་ཐོངས། 


ང་ཚོ་མཐོ་སྒང་བོད་ཀྱི་མིའི་རིགས་ཀྱི་ཆོས་རིག་གཞུང་གི་དབུགས་འབྱིན་རྔུབ་འདྲ་བོ་དེ་ཧ་ཀྱང་དཀའ་བའི་་དུས་འདིར། ལ་ལས་དེའི་ཁར་རང་གིས་པོར་རང་གིས་རྐང་བཙུག་ནས་བསྡམ་པ་མཐོང་བས། དེ་མ་བྱེད་ཅེས་འབོད་པ་ཡིན།  ཁར་ཉིན་བཤད་པ་ལྟར། ང་ཚོ་བོད་ཀྱི་ཆོས་སློབ་སྦྱོང་གི་བསྟི་གནས་འདི་ཚོ་ལ། གཅིག་ནས་ཕྱི་སློབ་གླིང་གི་ཁོར་ཡུག་ཆགས་ལུགས་ཀྱི་ཐོག་ན་ཡང་སྐྱོན་ཆ་ཆེན་པོ་ཡོད་རེད་ལ། ནང་སློབ་སྦྱོང་བྱེད་ལུགས། སློབ་གསོ་བསྟང་སྟངས། བདག་གཉེར་བཟོ་སྟངས་བཅས་ཀྱི་ཐོག་ལ་ཡང་རྗེས་ལུས་ཀྱི་ཆ་ཤས་མ་མདངས་བའི་ཆ་ཤས་མང་པོ་ཡོད་རེད། དེ་དག་ཕལ་མོ་ཆེ་བརྗེ་སྤྲོས་དང་། བཅོས་བསྒྱུར་བཏང་དགོས་ངེས་ཅན་རེད། རེད་དེ་དེ་རིང་དེ་དག་གི་ངོས་ནས་མི་བཤད། དེ་རིང་བཤད་བྱ་གཙོ་བོ། 

༡༽ཆོས་ལ་ཐོས་བསམ་སློབ་གཉེར་གྱི་གོ་སྐབས་བགོ་སྟངས་ཀྱི་ཕྱོགས་ནས་ཡིན། 

ང་ཚོའི་ཆོས་ཆོས་དད་ཡོད་པ། མོས་པ་ཡོད་པ། ཤེས་འདོད་ཡོད་པ། ཤེས་རབ་ཡོད་པ་དེ་འདྲ་གི་མི་དེ་ཚོས། དུས་ཚོད་ཀྱང་ལོ་ཟླ་རིང་ཐུང་ལ་མ་ལྟོས་པ་རེ་བཏང་འདོད་ཡོད་ཅིང་། ཆོས་ལ་སྦྱང་འདོད་ཡོད་པ་དེ་ཚོ་ལ་ངེས་པར་དུ་གོ་སྐབས་དེ་སྤྲད་དགོ་གི་རེད། ནང་ཆོས་འདི་མི་རིགས་ཐུན་མོང་གི་རིག་གཞུང་དང་། བོད་པ་སྤྱི་ཁྱབ་ཀྱི་ཕ་ཆོས་ཞིག་རེད་མ་གཏོགས། རབ་བྱུང་གཅིག་པུ་སྒེར་གྱི་རིག་གཞུང་འདྲ་བོ། སྒེར་གྱི་ཆོས་འདྲ་བོ་གཏན་ནས་མ་རེད། དེ་ཡིན་དུས་སྤྱི་རྒྱུ་སྒེར་བདག་འདྲ་བོ་དེ་བྱས་ན་དེང་སང་ཡག་པོ་ཡོད་མ་རེད། ལྷག་པར་དེང་སང་ཚན་རིག་གི་གསར་གཏོད་ལ་ལ་དེ་ཚོ་ཡང་སོ་སོ་སྒེར་གྱི་专利ཆེད་ཕན་དེ་མི་དགོས་པ་སྤྱི་ཚོགས་སུ་ཞབས་འདེབས་བྱེད། ཕྱི་གསལ་ནང་གསལ་བྱེད་གི་ཡོད་པ་ཡིན་ན། ཆོས་འདི་ཡང་དེང་སང་གི་སྐད་དུ་བཤད་ན་སྟོན་པས་ཐོག་མ་ཉིད་ནས་སེས་ཅན་སྤྱི་ལ་ཆེད་ཕན་གྱི་དབང་ཆ་འདྲ་བོ་དེ་ཞབས་འདེབས་བྱས་ཚར་བ་ཡིན་དུས། 霸占 བཙན་དབང་དང་垄断 སྒེར་སྡོམ་འདྲ་བོ་དེ་བྱས་ནས་ཆེད་ཕན་གྱི་དབང་ཆ་ལྟ་བུ་དེ་བཟུང་འདུག་རྒྱུ་འདི་ཡག་པོ་མ་རེད། བསེ་རག་གི་ལས་ཀ་དང་མ་རུངས་པ་ཞིག་རེད། 

གལ་ཏེ། གཞན་ཅི་མ་རེད་འདི་ཆེད་སྦྱང་བྱེད་པ་པོ་ངུར་སྨྲིག་འཛིན་པ་ཚོ་ཡིན་གསུང་ཡོད་རེད་ཟེར་ན། དེ་ཚོ་ལ་ཡང་སློབ་སྦྱོང་གི་ཚེ་ལ་སྡོམ་པ་ཕོག་ལ་ངུར་སྨྲིག་འཛིན་བཅུག་ན་ཆོག་གི་རེད་བ། སྐུ་དྲག་གདུང་རྒྱུད་དག་ལ་ནི་བོད་འདིར་སྔ་ནས་ད་ལ་དེ་འདྲ་ཆོག་ཡོད་པ་འདྲ་བོ་ཞིག་རེད་ལ། ཁས་ཞན་དབང་ཆུང་དག་ལ་ནི་དུས་ནམ་ཡང་། ཅི་ཡིན་ན་མ་ཆོག་བསྡད་པ་འདྲ་བོ་ཞིག་རེད། གང་ལྟར་ཀྱང་འདིའི་སྐོར་ནས། ༼རབ་ཏུ་བྱུང་ལུགས་དག་རྫུན།༽ཟེར་བའི་སྒྲ་ལམ་དེ་དང་། བོད་ཆོས་དང་དེང་རབས་ཟེར་བའི་དེབ་དེའི་ནང་བཤད་ཡོད་དུས་འདིར་ཡང་ཟློས་མི་བྱེད། 

དེ་འདྲ་ཡིན་དུས། ལྷག་པར་རྒྱས་ཟེར་ན། 精英ཟེར་དུས། བོད་མིའི་རིག་པ་དྭངས་རྩེ་ཡི་གྲལ། མི་བུ་ཤེས་འཇོན་ཅན། རེ་བ་ཅན། མ་འོངས་གྲོང་ཁྱེར་དང་གྲོང་བརྡལ་དག་ལ་ས་བཟུང་སོ་བཙུགས་ནུས་མཁན། མདུན་ལམ་ཅན་གྱི་སློབ་གྲྭ་བའི་རིགས་འདི་དག་གིས་གནས་སྐབས་རེ་ཉམས་སུ་ལེན་རྒྱུ་སྦྱང་ནས་ཞུགས་བསམ་ན་ཡང་། དེང་སང་དགོན་གནས་དག་གིས་ཆེད་དུ་ཕྱི་ལ་བཀག་བཞག་གི་ཡོད་ཀྱི་འདུག།  ད་དེ་འདྲ་མ་བྱེད་ཟེར་གི་ཡོད། ཡག་པོ་མ་རེད། དད་པ་ཅན་གྱི་སེམས་བསད་ཟེར་བ་དེ། དེ་རེད། 

དད་པ་ཅན་གྱི་སེམས་བསད་ཟེར་བ་དེའི་སྡིག་པ་གཅིག་པུའི་ཐད་ནས་བསམ་ན། བོད་ཀྱི་རབ་བྱུང་གི་ཐོག་མ། ལོ་རྩ་ཡི་དྭངས་མ། བོད་ཡུལ་རུ་བཞི་ལ་དུས་གསུམ་ཀུན་དུ་འགྲན་ཟླ་དང་བྲལ་བའི་མཁས་པ་བེ་རོ་ཙ་ནས། 

ཞེ་འདོད་ཁོང་དུ་བཅུག་ནས་དད་པ་ཅན་གྱི་སེམས་བསད་ན།

འཛམ་བུའི་གླིང་གི་སེམས་ཅན་བསད་པས་སྡིག་གི་ཆར་མི་ཕོད།

དེས་ན་དད་པ་ཅན་ལ་སྙིང་རྗེས་བསྟན་པར་བྱའོ།

གསུངས་པ་དེ་ལ་འདིང་ཡང་ཡང་རྒྱོབ། འདི་ནི་རྩོད་རའི་ནང་གི་སྐད་དུ་བྱས་ན་ཁྱོད་ལ་ཐལ་བ་ཞིག་རེད། ཐལ་བ་སྡུག་མོ་འདི་ཁྱོད་ཚོ་ཤི་དུས་འབབ་ས་ཨེ་འདུག་དེ་ལ་འདིང་རྒྱོབ། ད་ལྟ་ང་ཁ་དགག་ས་ཞིག་ད། ལོན་རྒྱུ་རེད་དེ། དེ་ལ་རེ་དོགས་ཅི་ཡང་མེད། གནད་ཀྱི་དོན་ལྷུ་འགྲིག་མིན་བསམ་ཡག་གྱིས། 

ངོ་མ་ཆོས་བརྒྱད་ཀྱི་ཁྲམ་པ་ཁ་བྱང་ཅན་འདི་ཚོ་ནི་འཇིགས་སུ་རུང་བ་རེད།  འདི་འདྲ་ཡི་ཆོད་རྒྱུ་མེད་ས་དང་བཅད་མ་དགོས་ས་ལ་ཆོད་ཆོད་བྱེད། སྡེ་ཚན་ཕྱེས། དུམ་བུར་བགོས།  དོན་གྱི་ཡར་རྒྱས་ཕར་ཞོག་མའོངས་པའི་རེ་བ་བཅའ་སའི་གཞི་མ་ཙམ་ཡང་མེད་པར་བྱེད་གི་ཡོད་རེད། 

༢༽ཆོ་ག་དང་འདོན་པ་འདི་རེད། 

འདི་དག་ད་ལྟའི་བླ་མ་གྲྭ་པས་འདོན་སྲོལ་ཡོད་པ་ནང་བཞིན་ཆོས་དད་ཤུགས་ཆེན་གྱི་ཡི་གེ་ཤེས་པའི་བོད་པ་རྣམས་ཀྱིས་འདོན་ཤེས་པ་བྱེད། མ་ཤེས་པའི་སྣེ་ཁྲིད། ཤེས་པ་ཚོ་ལ་རྒྱབ་སྐྱོར་བྱེད་ཅིང་། ཐ་ན་ཚེས་བཅུ་ཉེར་ལྔའི་སྐབས་སུ་ཆུ་ཚོད་རེ་གཉིས་རེ་ཡར་མར་ཙམ་ལ་ཆོ་ག་སོགས་འདོན་པའདོན་བཅུག་རྒྱུ་དེ་གལ་ཆེན་རེད། ཚེས་བཅུ་ཉེར་ལྔ་འདི་ནི། ས་དགེ་བཀའ་རྙིང་རིས་མེད་ཀྱི་སྔགས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་དེ་ཡིན་དུས། ཚོགས་མཆོད་འདྲ་བོ་མཉམ་འཚོག་བྱས་ན་ཆོག་གི་རེད། དེ་མིན་ན་སོ་སོ་གཅིག་པུ་བྱས་ནའང་ཆོག་གི་རེད། གང་ལྟར་འདོན་བཅུག་དགོས་རེད། དེང་སང་བླ་མ་ཚོས། དབང་དེ་ཡིན་ཤག་ཤག་གིས་གནང་ཆོག་ན། ད་དེའི་ཆོག་ག་འདོན་ལོས་ཆོག་དགོས། དེ་ཡང་བན་དེའི་སྒེར་ཆོས་འདྲ་བོ་ཞིག་བྱེད། སྒོ་ཡང་བསྡམ་སྒོ་ཐེམ་ཇེ་མཐོ་འདྲ་དེ་བཏང་འདུག་རྒྱུ་འདི། ཕྱིན་ཅི་ལོག་པའི་ལམ་སྲོལ་གཅིག་རེད། ངོ་མ་བྱས་ན་ད་དབང་གནང་བྱས་ན་སྔགས་ཀྱི་སྡོམ་པ་གནང་བ་རེད། ཆོ་ག་དང་ཚེས་བཅུ་ཉེར་ལྔ་འདོན་པ་དེ། དེའི་གསོ་སྦྱང་དང་བསྐང་བཤག་འདྲ་བོ་ཡིན་དུས་མ་བྱས་ཐབས་མེད་འདྲ་བོ་ཆགས་བསྡད་ཡོད་རེད། 

རེད་དེ་ལག་ལེན་བྱེད་ལུགས་ལ་ངས་ཁྱོད་དབང་དུ་བསྡུ་བའི་ཆེད་དུ་དབང་དེ་གནང་། རེད་དེ་ཆོ་ག་ང་ཚོ་དང་འདྲ་འདྲ་འདོན་མ་ཡོང་མ་གཏོགས་ང་ཚོ་ལ་ཁྱད་ཆོས་འདྲ་བོ་དེ་མེད་འགྲོ་རེད་བསམ་པ་ལྟ་བུའི་བྱེད་སྤྱོད་ནི། ཧ་ཀྱང་གིས་མ་རུངས་པ་རེད། དེ་མ་ཡིན་ན་ད་དུང་རྒྱུ་མཚན་གཞན་པ་གང་ཡོད་ན། སོ་སོས་འོག་ཏུ་ཞབས་མཆན་སྤེལ་ཤོག། དེ་རིང་དེ་ཙམ་ཡིན། ཚང་མ་བདེ་མོ། 


ངལ་བསོའི་བུ་རྣམ་སྲས་དབང་རྒྱལ། 





བཀྲ་ཤིས། 



བདེ་ལེགས། 

佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章