༈ སད་པར་རློམ་པ་ཕལ་ཆེར་གཉིད་ཡོད། སྒྲ་ཡིག:

文摘   2024-01-15 21:04   四川  

༢༠༢༤ / ༡ / ༦ ཉིན།



རྨི་ལམ་ནང་གི་མཁས་པ།

སད་

མེད།












མི་དྲང་པོའི་སེམས།






ཨོཾ་ཨ་ར་པ་ཙ་ན་དྡྷིཿ

ཨོཾ་ཨ་ར་པ་ཙ་ན་དྡྷིཿ

གཏམ

བདེན

པའི

ཚིག


ཨོཾ་ཨ་ར་པ་ཙ་ན་དྡྷིཿ

ཨོཾ་ཨ་ར་པ་ཙ་ན་དྡྷིཿ







SUMMER

 ད་སྔོན་མཁས་པ་ལ་ལས་བཤད་པ་ལྟར་ན། 



སྔོན་ཁྲི་སྲོང་སོགས་ཀྱི་སྐབས་བོད་དུ་མི་གྲངས་ཧ་ཀྱང་མང་པོར་ཡོད་པར་གསུངས་པ་དང་།ལྷག་པར་ང་ཚོའི་སྲོལ་རྒྱུན་ལོ་རྒྱུས་དང་ཡིག་ཆ་ལ།ངེས་པ་དོན་གྱི་ཐོག་ནས་མཁས་པ་ཆེན་པོ་ར་སྤྲུལ་མཆོག་གིས་སྒྲུབ་བྱེད་རྒྱས་པ་དང་བཅས་གསུངས་པ་ལྟ་བུ་ཡིན་དུས། 

དེང་སང་མ་དགོས་སྔ་མོ་ལའང་ས་གནས་འདིར་མི་དེ་ཙམ་འཚོ་སྡོད་ནུས་ཤིང་གནས་ཡོད་ན།ད་ང་ཚོ་གྲངས་ཉུང་གི་རུ་མ་ཙམ་འདི་ལ་གཏུགས་ཡོད་དུས།ད་ཁ་ཞིག་གྲག་ནས་དཔྱད་བསྡུར་ཞིག་མི་བྱེད་ཀ་མེད་རེད།དེ་ངའི་༼འཛམ་གླིང་མི་གྲངས་ཀྱི་ལོ་བསྡུས།༽ཟེར་བ་དེ་སོགས་ཀྱི་ནང་ནས་འབྱུང་གི་ཡོད། 

ད་དུང་ཁར་སང་དེ་རིང་མང་པོ་ཞིག་གིས་ང་སད་ཁོ་སད་ཟེར་བཤད་རུང་།ངས་བལྟས་ན།ཚང་མ་རྨི་ལམ་ནང་ན་ཡོད་རེད།སད་སྣང་ཤར་བ་ཙམ་རེད།རྒྱུ་མཚན་དེ་ཚོས་ཅི་བཤད་ངས་ཧ་གོ་གི་ཡོད་རེད།དེ་ཚོ་ཉིན་ན་ཡོད་རེད།ང་་སྲིབ་ན་ཡོད་རེད།  དེས་ན་ད་རིམ་གྱིས་བཤད་ནས་འགྲོ་དང་རྐང་གཏིང་ནས་ངོ་མ་སད་པ་དེ་སུ་རེད་ཤེས་ཡོང་གི་རེད། 

ད་སྔོན་དེ་ཚོས་ཅི་བྱས་ཡོད་ཅི་བཤད་ཡོད་ན་ཚར་ཚར་རེད།རྗེས་བརྗོད་དང་དགག་པ་ཆེན་པོ་མེད།ཅི་ཟེར་ཤེས་གི་ཡོད།དེ་ཚོའི་ནང་ནས་ཁོ་ཚོ་ནོར་ལུགས་ཀྱི་གོ་བ་རང་ལ་ཕོག་པ་ཙམ་གྱིས་འགྲིག་གི་ཡོད། 

ད་རྩ་བ་དེང་སང་དངོས་ཡོད་ང་ཚོ་རུ་མ་ཙམ་ལ་ཐུག་ཀྱང་།ད་རུང་ཨུ་ཚུགས་བྱས།མར་སོང་རྒྱ་ནོར་ལྡན་ཆོས་ལ་བརྟེན་ནས་མགོ་བསྐོར།ཡར་སོང་བོད་དད་ལྡན་རྒྱུ་སྟོབས་ལ་བརྟེན་ནས་མགོ་བསྐོར།རྩ་བ་གཏིང་ནས་བསམ་ན་དཔལ་འབྱོར་དང་དབང་ཆའི་དོན་དུ་རང་གིས་རང་མན་ཆོད་ཀྱི་རང་རིགས་བོད་ཀྱི་མི་རྒྱུད་མང་པོ་རྩ་མེད་དུ་བཏང་།རུ་མ་མེད་པ་མ་བཏང་གིན་ཡོད་པ་འདི་མ་བྱེད་ཟེར་བཤད་གི་ཡོད། 

ཚོང་པ་འདྲ་ཞིག་ཡིན་ན་མ་རྩ་རྩ་མེད་བཏང་ན་སྡིབ་རྒྱུ་རེད་བ།ཆོས་ཀྱི་མ་རྩ།རིགས་གནས་ཀྱི་མ་རྩ།དེ་བཞིན་མི་རིགས་དང་།དབང་ཐང་སྟོབས་འབྱོར་ཀུན་གྱི་མ་རྩ་གང་རེད།གཞན་གང་ཡང་མ་རེད་མིའི་གྲངས་ཀ་དེ་རེད།ད་མ་རྩ་ངོ་མ་ལ་གཏུགས་ནས་མ་རྩ་ཡིས་རྩེད་མོ་རྩེ་མ་ཡོང་ཟེར་བཤད་པ་ཡིན།  གཟབ་དགོས།གཏིང་ནས་བསམ་དགོས།ཤིན་ཏུ་ནས་ཀྱང་བསམ་དགོས།ཡིན་ཤག་ཤག་གིས་གཏན་ནས་མི་ཡོང་། 















འདི་ལྟར་ལྷོད་ཀྱིས་

སོམ་དང་།


















 A Beautiful Summer Time 

SUMMER

ད་དེང་སང་མང་པོས་མང་པོ་བཤད། 




སྐད་ཡིག་རིག་གནས་དཔལ་འབྱོར་ཚོང་ལས་སོགས་མི་རེ་ཡིས་རེ་རེ་འུར་རུང་།རྩ་བ་སྡོང་པོ་བསྐྱུར་ནས་ཡལ་ག་མཛེས་བཟོ།མ་སྡིག་གི་ནང་ལ་མི་བལྟ་ཕོ་རུ་ནང་མང་ཞན་གྱི་རྩོད་པ།དེ་འདྲས་ཡོང་དོན་མེད།ད་ལྟོས་དང་ཆོས་དང་ཤེས་རིག་ཚོང་ལས་སོགས་གང་རྒྱ་བསྐྱེད་བསམ་ན་དེ་བེད་སྤྱད་སའི་མི་ཡིས་མ་མདངས་ནས།གང་ནས་ཡིན་ན་ཡང་ཤུགས་གཏོད་སའི་ཁྲོམ་ར་འདྲ་བོ་དེ་སྟོང་ལ་ཁད་དུ་ཡོད་པ་ལ་ལྟོས།ལ་ལས་དེང་སང་ཚང་མས་ཐབས་མཁས་པར་བྱེད་དགོས་རེད།རེད་དེ།ད་ཐབས་མཁས་དགོས་ཅེས་པས་མི་ཕན་པས་ཐབས་མཁས་ལ་མཁས་པའི་ལམ་སྟོན་ནུས་དགོས།སུས་ཀྱང་མཚང་དུ་ཤེས་ནུས་པའི།།གཡོ་ལ་ཐབས་མཁས་ཞེས་མི་བྱ །ཟེར་བ་དེ་འདྲས་མི་ཡོང་བས། 


མིའི་ལོ་རྒྱུས་ཀྱི་སྣེ་ཅིག་ནས་བསམ་ན།དེ་ཡང་ཡི་གེའི་ནང་ནས་སྔ་མོ་མང་པོ་མི་བཤད།ང་ཚོ་ད་ལྟའི་རིང་གི་དངོས་ཡོད་ལ་བསམ་ནས་ལྟོས་དང་།ད་སྔ་བོད་པས་ཅི་བྱས་སོང་།ཅུང་ཟད་འབུ་ཉི་མས་དྲོས་པ་བཞིན་གོ་སྐབས་འདྲ་ཞིག་ཡོད་ཚེ་དེར།ནུས་འཇོན་ཡོད་ཚད་ཁ་ཕོའི་རབ་བྱུང་གི་ལམ་ནས་མཐོ་ས་ལ་ཡར་འཇར་ནས་འཇིག་འཇིག་བྱས།ཕོ་བ་དགང་།ཚུགས་གཏོད་ནས།ཁ་ཁ་བྱས་ནས་གཅིག་ཏུ་བསྡད།མི་ཚེ་ལ་ཁ་གཅིག་དག་དག་ཁུར་ནས་བསྡད་ཅིང་།དེ་མིན་ནུས་མེད་འཇོན་མེད་མང་ཆེ་བ་གྲོང་པ་དང་རྒྱ་གྲོང་བཟུང་བའི་གཞིས་བཟུང་མི་བྱས་ནས་ཕྱོགས་ཁ་ཁ་གཅིག་ལོགས་གཅིག་ཏུ་འདུག་བཅུག་བཞག་དུས།ད་མཇུག་འབྲས་ཅི་རེད་གི་འདུག།རིག་འདུག་རྒྱུ་འདི་རེད།གཞོན་སྐྱེས་ཚང་མ་རང་རིགས་ཀྱི་ཤེས་ཡོན་མེད་པ།རིག་གནས་མེད་པ།བོད་ཞེན་མེད་པ་འདི་བྱུང་བ་རེད།མ་ཟད།ངོ་ཚ་མེད་ལ་རང་འདོད་དང་གཟེ་རེ་ཆེ་བ།འཛམ་གླིང་གི་སྔོན་དུ་ཞབས་འདྲེན་འཇོག་པ།ལ་ལ་ཞབས་འདྲེན་པའི་དཔོན་པོ།ལ་ལ་ཞབས་འདྲེན་པ་དེ་ཚོའི་ཡང་ཞབས་བམ།ཡང་ན་ཞབས་འདྲེན་པའི་རྗེས་འབྲང།ཞབས་རྗེས་པ་མང་པོ་ཞིག་དོན་ནས་མགོ་ཡུ་འཁོར་དགོས་པ་བྱེད་གི་འདུག་བ།འདི་དག་བོད་ཀྱི་མི་ཆེན་དང་།སྣེ་ཁྲིད་པ་དག་གིས་རང་རང་གིས་བཟོས་པ་རེད།ད་དེ་ནི།ར་རང་གིས་བཟོས་པའི་འུར་རྡོ་དེ།ར་རང་གི་མགོ་ལ་དཀྱི་ལི་ལི།ཟེར་བ་དེ་རེད། 

ད་ཁྱོད་ཚོས་གྱིས་དང་།སྐྱ་ལམ་སེར་ལམ་ཁ་ཁ་ཁེ་རུ་མ་འགའ་ཕྱོས་དང་།གནད་འགག་ག་ན་བུད་འདུག་སྔ་བསམ་ཕྱི་འདིང་གཏན་ནས་མི་བྱེད་པར།མགོ་ཕྱི་ལོག་ལ་ཕུད་དེ་གཅིག་གཏན་ནས་མི་བལྟ་བར།རེད་བསྡད་ཡོད་པ་གཞིར་བཞག་དག་དག་གཅིག་བྱེད་ནས་གཅིག་འདུག་འདུག་དུས།

ད་འདི་ཚོའི་ཐད་ཁྱོད་ལ་ཚོར་བ་ཆེན་པོ་ཡོད་གི་འདུག་ན་ཟེར་ན།ལོས་ཡོད།འཛམ་གླིང་གསལ་བའི་སྒྲོན་མེ་ཆེན་པོ་ཞིག་ནུབ་རྩིས་བྱེད་གི་ཡོད་པ་རེད།ལོ་སྟོང་ཕྲག་མང་པོ་ནས་རླབས་ཆེན་གྱི་མི་རིགས་རིག་གནས་དང་བཅས་པ་ཞིག་ཚར་རྩིས་བྱེད་གི་ཡོད་པ་རེད། 









ཨེ་མ།

ཡ་མཚན་ཆེ། 








༣༽

བོད་པ་དག་ཕམ་ས་ངོ་མ་གྲངས་ཉུང་བའི་ཐོག་དེ་ན་ཕམ་ཡོད་རེད། 


སྐྱེ་བོ་རང་གི་རང་བྱས་ལས།གཞན་གྱིས་བྱས་པ་ཅུང་ཟད་མེད།ཟེར་བ་ལྟར།འདི་དག་ཐམས་ཅད་ཡར་སྟོད་དབུས་གཙང་རུ་བཞིའི་ཕྱོགས་ནས་མར་བསམ་བློ་ཐོངས།མར་ཕྱོགས་རྒྱལ་མོ་རོང་གི་རྫོང་ཁག་དག་ནས་ཡར་བསམ་བློ་ཐོངས།ཐ་ན་རང་རང་སོ་སོའི་རྗོང་དང་ཡུལ་ཚོ་ཚུན་ཆད་ནས་ཚུར་བསམ་བློ་ཐོངས།གནས་ཚུལ་ག་འདྲ་རེད་གི་འདུག།ཞིབ་མོ་བསམ་བློ་ཐོངས་དཔྱད་ཞིབ་གྱིས་དང་།ངས་བཤད་པའི་ཐབས་ལམ་འདི་མ་བྱས་ཐབས་མེད་ཀྱི་ལམ་ཀ་ཞིག་རེད་མ་གཏོགས།ཨེ་བྱེད་མི་བྱེད་ཟེེར་མོ་བརྒྱབ་དགོས་སའི་གནད་དོན་ཞིག་གཏན་མ་རེད།ནམ་རྒྱུན་བསྟན་པ་ཟེར་འདུག་རྒྱུ་དེའི་མདུན་ལམ་རིང་མོ་ལ་སྙིང་གཏན་ནས་མ་བསམ་ན་མ་བསམ་པ་རེད།གོང་རྩ་ཚོང་བདག་གི་སྒྲ་སྒམ་བཞིན།ཁ་ཡིས་རེ་རེ་བོས་ནས་བསྡད་ན་ཆོག་པ་ཡིན་ན་དེ་རེད།དེ་མིན་ན་འགྲོ་ས་གཞན་ཡོད་མ་རེད། 


མདོར་ན་ད་ཁྱོད་བོད་མི་དབང་པོ་ཚང་བ་ཞིག་ཡིན་ཞིང་།ཞ་བསྡད་འདྲ་མེད་ན་སོ་སོ་ལ་རིགས་བརྒྱུད་རེ་ངེས་པར་དུ་ཡོད་དགོས་རེད།དེ་ལས་གཞན་ཆེ་ཆེ་གཡེར་གཡེར་སྐྲག་མོ་ཅི་གང་མི་འཇོན།དེ་སྔ་དེ་ཚོ་ལ་ལྟོས་ཅི་འཇོན་འདུག།འུར་འུར་ཟིང་ཟིང་ཆེ་ས་མཐོ་ས་དག་དག་ལ་ངོས་གཡར་འདྲ་བོ་བྱས་གཅིག་རྒྱུག་བཞག་དུས།ཁ་གཅིག་གདང་བཞག་དུས།ད་ཅི་འཇོན་འདུག།འབྲས་བུ་ཅི་ལོན་འདུག། 

དངོས་ཐོག་བདེན་འཚོལ་གྱིས།གོམ་པ་བརྟན་པོ་སྤོས་མ་སོང་ན་ད་ཚར་རན་པ་རེད།ཡང་མོས་ཡང་མོ་བཅག།ཡང་མོ་རླུང་གིས་ཁུར།རང་སྡུག་རམ་པ་དག་དག་དེ་གཅིག་འཐག་མ་འདུག་ཅེས་འབོད་གི་ཡོད། 

རང་རང་སོ་སོའི་ངོས་ནས་རབས་ཕྱི་མ་རེ་ཡོད་པ་ཡིན་ན་མ་མཐའ་ཡང་།སོ་སོའི་རབས་ཕྱི་མ་ལ་རེ་བ་ཅུང་ཟད་རེ་ཡོད་རེད།རབས་ཕྱི་མ་ཙམ་ཡང་མེད་ཚར་ནས་བཟུང་།སྤྱི་ལ་རེ་བ་ཡོད་མ་རེད་་ལ་སྒེར་ལའང་དེ་བཞིན་རེད།ད་ཅི་ཡོད་རེད།ཅི་གང་ཡོད་མ་རེད།ཚར་ཚར་བ་རེད།ཞག་ཚར་བ་རེད།ལྟོས་ང་ཚོའི་རིང་ལ་ནི་འདི་རེད།དེའི་ཐོག་མ་འོངས་རེ་བའི་ས་བོན་རྩ་བ་ཙམ་ཡང་མེད་པ་བྱེད་ཚར་ནས་ད་ལྟ་ས་གང་ན་འདུག།  མཁས་པ་ཆེན་པོ་སུ་ཆིག་མས་ཆིག་ཟེར།མ་ངེས་མས་གཉིས་ཟེར་གི་ཟེར།བཤད་མ་ཡོང་།མུ་སྟེགས་པའི་ཁ་ལ་མ་སོང་ན།ཚང་མ་སྤྱང་ཀའི་རྐང་རྗེས་དག་དག་རེད།དངོས་ཡོད་མངོན་སུམ་རིག་འདུག་རྒྱུའི་གནས་ཚུལ་ལ་ཁོ་ཚོ་ལ་མའོངས་པའི་རེ་བའི་རུ་མ་ཙམ་ཡང་མེད་ན།ཆེན་པོའི་འུད་སྒྲོག་ཡོང་ས་ག་རེ་འདུག།ཤི་ཁའི་ཉི་མ།འདའ་ཁའི་འབར་ལྷབ་ཙམ་རེ་མ་རེད་བེ། 

དེས་ན་ད་གཞན་པ་ཁྱོད་ཚོས།ཆེན་པོ་མ་ཞིག་བཤད་མ་ཡོང་།ཁྱོད་ཚོས་ཆེན་པོ་མ་ཞིག་དག་དག་བཤད་ནས།ཆེན་པོ་ཆུང་ཆུང་ལ་བསྒྱུར།ཆུང་ཆུང་རྩ་མེད་དུ་བཏང་ལ་ཁད་བཟོས་ཡོད་རེད།ཤེས་རབ་ཀྱིས་གནད་མ་ཕིག་བཞིན་དེ་ན་ཆེན་པོ་ཞིག་བཤད་གི་ཡོད་མདོག་གིས་གཟི་གཏམ་འདྲ་ཆེན་པོ་མ་དེ་ཚོ་བཤད་མ་ཡོང་།  

ང་ཚོས་ཆོས་དང་རང་རིགས་ལ་བསམ་བློ་ཞིག་མ་བཏང་ན་མ་བཏང་བ་རེད།བཏང་ནས་བཟུང་།བཅོས་ཀ་ལེགས་བཅོས་འདི་དག།ད་ནི།རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ།།གསུངས་པ་ལྟར་འབད་རན་རེད།ཟེར་གི་ཡོད།གནས་ལུགས་ཀྱི་ཅི་དག་འཁོ་གི་འདྲ་ཡོད་ན་དེ་རེད།མིན་ནས་མི་མང་མང་ཚོགས་མགོ་བསྐོར་སའི་རྗུན་ཆེན་པོ་དེ་འདྲ་དག་དག་ལས་གཞན་འཁོ་གི་མེད་ན་དེ་རེད།










༤༽

སྤྱིར་ན་ང་མི་རིགས་ལ་ང་བསམ་པ་དཀར། ཁོས་ལས་ཀ་ལས་ཟེར་མི་འདྲ་བོ། 

ལྷག་བསམ་ང་ཆེ་ཁོ་ཆེ་ཟེར་མི་མང་ཡང་། 

མི་རིགས་ཞིག་ལ་བསམ་བློ་བཏང་ན་ད་ཁྱོས་བཏང་ཤེས་རྒྱུ་དེ་གལ་ཆེ་ན་པོ་རེད།

 ཁ་ཕྱོགས་ཆེ་ན་པོ་ནས་བསམ་བློ་བཏང་ཤེས་དགོས་རེད། རྩ་བའི་རྐང་ག་ན་ཟུག་འདུག་བལྟ་ཤེས་དགོས་རེད། དེ་མ་ཤེས་ན་ཡར་ལྷག་བསམ་བྱེད་པ་ཡིན་བྱས་ལས་ལས་པའི་འབྲས་བུ་རང་རང་གི་མི་རིགས་ལ་ཅི་གནོད་ལས་བསྡད་པ་འདྲ་བོ་མང་པོ་རེད།  རང་གིས་མ་ཤེས་ན་གཞན་པས་བསམ་བློ་ག་འདྲ་བཏང་གི་ཡོད་ཟིག་བལྟ་ནས་མང་པོ་ལ་སློབ་སྦྱོང་བྱས་ནས་གནད་འགག་ཟིན་རྒྱུལ་གལ་ཆེན་པོ་རེད། བསམ་པ་ཡག་མོ་ཡིན་བྱས་པས་ཕན་མ་རེད། བསམ་པ་ཡག་ན་ལས་ཀ་ཡག་བས་ཁྱབ་ཟེར་རྒྱུ་དེ། ཉེས་པ་མེད་ཟེར་རྒྱུ་དེ་ཚོ་ཚེ་ཕྱི་མའི་དགེ་སྡིག་གི་ལས་འབྲས་ལ་བསམ་བློ་བཏང་ས་རེད། འདི་འདྲའི་བྱ་བ་ཆེན་པོ་ལ་ཕན་དང་གནོད་ཤེས་རབ་ཀྱིས་གནད་འགག་ཟིན་མིན་གཅིག་པུ་གལ་ཆེ་བ་རེད།  མི་རིགས་ཀྱི་དོན་དུ་གླེན་ལས་བྱས་ན། ནག་ཉེས་ཡོད་རེད། གནོད་ཆེན་པོ་སྐྱེལ་གི་རེད།  བསམ་པ་བཟང་པོ་ཡིན་མདོག་ཁོ་ན་ལ་རྒྱབ་རྟེན་ནས་ལས་ཀ་གླེན་ལས་དེ་ཚོ་བྱེད་མ་ཡོང་ཟེར་རྒྱུ་དེ་ཡིན། དེའི་ཕྱིར་ད་སྔོན་ལས་རྒྱུའི་ནང་ལའང་། ལས་ཉེས་མང་པོ་རེད།  རེད་དེ་དེ་དག་ལ་དགག་པ་མི་བྱེད་ད་ཕན་ཆད་ལས་མ་ཡོང་ཟེར་དེ་དགག་གི་ཡོད་ཟེར་བ་དེ་ཡིན། 

དེ་རིང་ཡད་དེར་མཚམས་བཞག་རྒྱུ་ཡིན། ཚང་མ་བཀྲ་ཤིས་བདེ་ལེགས། 


ངལ་བསོའི་བུ་རྣམ་སྲས་དབང་རྒྱལ། 





འབྲེལ་དང་།

བདེན་གཏམ་གླེང་། 



佛教与现代
༈ འདི་ན། གཏམ་གྱི་དགྲ་འཛིང་དང་། ཀླད་པའི་བཤག་བཅོས་ཡོད། 💐💐💐 ཉན་མ་ཤེས་ན་ཁྱོད་ཡིན། 🫵 བཤད་མ་ཤེས་ན་ང་ཡིན། 👌
 最新文章