ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་མི་ཐེངས་ཁྲི32སྐྱེལ་ལེན་བྱ་རྒྱུ་རེད།

时事   2025-01-17 21:57   青海  

2025ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་མི་ཐེངས་ཁྲི32སྐྱེལ་ལེན་བྱ་རྒྱུ་རེད།


 ཟླ1པོའི་ཚེས14ཉིན2025ལོའི་ལྕགས་ལམ་དཔྱིད་གསར་སྐྱེལ་འདྲེན་གྱི་མགོ་ཚུགས་ཤིང་། ཟླ2པའི་ཚེས22ཉིན་དངོས་སུ་མཇུག་སྒྲིལ་ནས་བསྡོམས་པས་དུས་ཡུན་ཉིན40རིང་སྤེལ་རྒྱུ་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་བ་མི་ཐེངས་དུང་ཕྱུར5.1སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་བ་མི་ཐེངས་ཁྲི1275སྐྱེལ་ལེན་བྱེད་དགོས། དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི32སྐྱེལ་ལེན་བྱ་རྒྱུ་ཡིན་ལ། ཉིན་རེར་ཆ་སྙོམས་འགྲུལ་བ་མི་ཐེངས་ཁྲི0.8ལ་ཟིན་ཡོད།




ད་ལོའི་འགྲུལ་རྒྱུན་གྱི་ཁ་ཕྱོགས་གཙོ་བོ་ཕ་ཡུལ་དུ་ལོག་པའི་ཞོར་ལས་པ་དང་། གཉེན་ཉེ་ཐུག་པར་འགྲོ་བ། ཐག་ཐུང་སྐྱེལ་འདྲེན། སློབ་མ་སོགས་ཡིན། ལྷ་ས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་བོད་ནས་ཕྱིར་འགྲོ་བའི་ཁ་ཕྱོགས་ཀྱི་འགྲུལ་རྒྱུན་ཅུང་ཆེ་བ། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་རྒྱུན་དབྱེ་ཞིབ་ལས་དོན་ལེགས་པོར་སྒྲུབ་ནས་དུས་ཐོག་ཏུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ལེགས་སྒྲིག་ཇེ་མང་དུ་གཏོང་བའི་བསམ་འཆར་འདོན་པ། འགྲུལ་བའི་ཞབས་ཞུའི་སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། འབབ་ཚུགས་ནང་ཁུལ་གྱི་འགྲུལ་བའི་ཞབས་ཞུའི་མ་ལག་སོགས་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ལེགས་བཅོས་བྱས་ནས། སྒྲིག་ཆས་ཐོག་མཐའ་བར་གསུམ་དུ་ཅུང་ལེགས་པའི་འཁོར་སྐྱོད་རྣམ་པར་གནས་པ་འགན་ལེན་བྱེད་དགོས།


  དཔྱིད་གསར་སྐྱེལ་འདྲེན་ནི་ལོ་རེར་ཐེངས་གཅིག་གི་འགྲིམ་འགྲུལ་སྐྱེལ་འདྲེན་དུས་སྐབས་གལ་ཆེན་ཞིག་ཡིན་ལ། མི་སྣ་འཁོར་རྒྱུག་ཆེས་གཅིག་བསྡུས་ཀྱི་དུས་སྐབས་ཞིག་ཀྱང་ཡིན། འགྲུལ་བའི་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་བ་དང་འགྲུལ་བར་སྟབས་བདེ་དང་དྲོ་སྐྱིད་ལྡན་པ། འཐུས་སྒོ་ཚང་བའི་ཞབས་ཞུ་མཁོ་འདོན་བྱ་ཆེད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ཟླ1པོའི་ཚེས14ཉིན་ཏེ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར“སྐལ་བཟང་མེ་ཏོག་རྣམ་པར་བཞད་པས་དྲོ་སྐྱིད་ཀྱི་རྣམ་པ་བསྐྲུན་པ་དང་། མཁའ་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་ལ་རོགས་འདེགས”ཞེས་པ་བརྗོད་གཞི་ཡིན་པའི་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།



ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 





贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章