ཨ་མྱེས་བྲག་དཀར་གངས་རིའི་རི་འཛེགས་བྱེད་སྒོ་ཐོག་མ་སྤེལ།

时事   2025-01-06 19:32   青海  
ཉེ་ཆར།ཀོས་ནན་རྫོང་གི་རྒྱལ་ཁབA3རིམ་པའི་མཛེས་ལྗོངས་ཁུལ་ཏེ།བྲག་དཀར་ལྗོངས་ཁུལ་དུ་དག་གཙང་མཚོ་ལྷོར་མཉམ་འཛོམས་བྱས་ནས་གངས་རིའི་མཛེས་བར་མཉམ་རོལ་བྱེད་པའི2025ལོའི་ཀོས་ནན་རྫོང་གིཨ་མྱེས་བྲག་དཀར་རི་འཛེགས་བྱེད་སྒོ་ཐོག་མ་དེ་གཟབ་རྒྱས་ངང་གོ་བརྩམས། ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་དེས་བྲག་དཀར་ལྗོངས་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་ལ་ངོ་བོའི་རང་བཞིན་གྱི་གོམ་་སྤོས་པ་མཚོན་པར་མ་ཟད།མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་འགུག་པའི་བགྲོད་ལམ་གསར་བ་ཞིག་བཏོད་ཡོད་དེ།ལུས་རྩལ་དང་ཡུལ་སྐོར་གྱི་ལས་རིགས་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད།

མགོ་ཚུགས་མཛད་སྒོའི་སྟེང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མགོན་པོ་ཐར་གྱིས་ཤིས་ཚིག་ཕུལ་བ་དང་འབྲེལ་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་པར་མ་ཟད།ཡུལ་དངོས་དེའི་མགོ་ཁྲིད་དང་མཉམ་དུ་ཨ་མྱེས་བྲག་དཀར་གྱི་མཚོ་ངོས་སྨི5011ཡི་མཚོན་རྟགས་བྱང་བུ་དང་རི་འཛེག་ལམ་རིས་སྒོ་འབྱེད་མཛད་སྒོ་མཉམ་དུ་སྤེལ་བ་དེས་ཨ་མྱེས་བྲག་དཀར་གངས་རྩེ་དེ་མཚོ་སྔོན་ཞིང་ཆེན་གཞུང་ཕྱོགས་ཀྱིས་ཁས་ལེན་བྱས་པའི་རི་འཛེག་བྱེད་ཆོག་པའི་སྨི5000ཡན་གྱི་གངས་རྩེ་གསུམ་པར་གྱུར་བ་མཚོན་ཡོད།    

མཇུག་མཐར་མགོ་ཁྲིད་དང་རི་འཛེགས་ལུས་རྩལ་པས་མཉམ་པར་བླངས། ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གངས་འཁྱགས་དཔལ་འབྱོར་སྐོར་གྱི་རྒྱས་བཤད་ལག་བསྟར་བྱེད་པ་དང་སྣོད་བཅུད་ཡུལ་སྐོར་འཛུགས་སྐྲུན་དང་མཉམ་འདྲེས་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་པས།  ཀོས་ནན་གྱི་ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་དོན་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། 

བྲག་དཀར་ལྗོངས་ཁུལ་དེ2013ལོར་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དུ་བདམས་པ་དང་། 2023ལོར་རྒྱལ་ཁབ་ཀྱིA3རིམ་པའི་མཛེས་ལྗོངས་ཁུལ་གྱི་ཆོག་མཆན་ཐོབ། མངའ་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5011ཡོད་ཅིང་། བྲག་དཀར་གངས་རི་དང་གཡུ་མཚོ་གཉིས་ཕན་ཚུན་འབྲེལ་ཞིང་།གདོད་མའི་ནགས་ཚལ་དང་ཆུ་ཕྲན།ཆུ་ཚན་སོགས་དང་། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་པས། ལྟ་སྐོར་དང་། རི་ལ་འཛེགས་པ། པར་ལེན་པ་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་ཡུལ་སྐོར་གནས་ཡུལ་ཞིག་ཡིན། བྲག་དཀར་གངས་རི་ལ་ཕེབས་མྱོང་བའི་ཡུལ་སྐོར་བ་ཚང་མས་མཚོ་སྔོན་ས་མཐོའི་གཟི་ཚ་སྡེ་དགུ་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།  


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章