བྱེད་ཐབས་གསར་གཏོད་ཀྱིས་བདེ་འཇགས་ཀོས་ནན་འཛུགས་སྐྲུན་ལ་ཤུགས་བསྣན།

时事   2025-01-07 20:09   青海  

2024ལོར་ཀོས་ནན་རྫོང་གིས་བདེ་འཇགས་འཛུགས་སྐྲུན་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ཏེ། རིམ་སྤོར་དོ་དམ་བྱེད་པ་གཅིག་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་གཉིས།ཞིབ་ཕྲའི་བྱེད་ཐབས་གསུམ་སོགས་དམ་འཛིན་དང12345ཡི་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་བྱེད་ཐབས12ཞིབ་ཕྲ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་ལས་འགན་ལས་བགོས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཇུས་གཞིགཏན་འབེབས་དང་པར་འགྲེམས་བྱས་ཤིང་། དུས་རབས་གསར་པའིཧྥེང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྔ་རྗེས་སུ་འཆད་ཁྲིད་གཉིས་དང་ཐག་གཅོད་གཅིགགི་ལས་ཀའི་བཅའ་ཁྲིམས་དང་མགོ་མང་གྲོང་རྡལ་གྱི་བར་ཐག་མེད་པའིཆ་འཕྲིན་ཞབས་ཞུའི་སྟེགས་བུ་སོགས་འདུམ་འགྲིག་ལམ་སྲོལ་བསྐྲུན་པ་དང་། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐེངས7000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་འགལ་བ་དང་རྩོད་གཞི387བདག་སྤྲོད་བྱས་པ་མ་ཟད་ལེགས་གྲུབ་ངང་འདུམ་འགྲིག་བྱས་ནས་ཐག་གཅོད་བྱེད་ཚད100%ཟིན་ལ་མང་ཚོགས་ཀྱི་གྱོང་གུན་ཐེབས་པའི་མ་དངུལ་སྒོར་བྱེ་བ1དང་ས་ཡ5ཁྲི5ལྷག་ཚུར་བསྡུས་ནས་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེ་གཏོང་བ་དང་།སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྔོན་ཚུད་ཉེན་བརྡའི་ལས་སྟེགས་ཀྱི་ཆ་འཕྲིན་སྡེབ་སྒྲིག་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་ནུས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ ཁུལ་དང་། རྫོང་། གཙོ་གནད་ས་ཁོངས་བཅས་སུ་འགྲོ་འོང་བྱེད་པའི་གཞི་གྲངས་དུས་ཐོག་ཏུ་འཚོལ་བསྡུ་དང་ཤེས་ཚོར་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་འདོན་སྤྲོད་དང་། ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱས་ཏེ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་དྲུག་གི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་76དུསློབ་སྐྱོང་ལས་གནས་བཙུགས་པ་དང་། དམངས་རོགས་ཉེན་རྟོག་པ152བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཕྱོགས་གཅིག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་ནས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིབློ་བརྟན་འགྱུར་མེད་ངང་ཁུར་ནས་བདེ་འཇགས་ཀོས་ནན་འཛུགས་སྐྲུན་ལ་ནུས་པ་གང་ཡོད་བཏོན་དང་འདོན་བཞིན་ཡོད།


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章