མཚོ་སྔོན་གྱི་གྲུབ་འབྲས་བསྐྲུན་ཏེ། འབད་འབུངས་ཀྱི་ལེའུ་གཏོད།

时事   2025-01-17 21:57   青海  



མཚོ་སྔོན་གྱི་གྲུབ་འབྲས་བསྐྲུན་ཏེ། འབད་འབུངས་ཀྱི་ལེའུ་གཏོད།

ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བསུ་བའི་ཆེད་བསྒྲིགས།

འདས་ཟིན་ལ་ཕྱིར་ལྟ་བྱས་ན། འོད་སྟོང་ལྡན་པའི་འབད་འཐབ་བརྒྱུད་རིམ་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱིས་ང་ཚོར་ལོ་རྒྱུས་ཀྱི་རང་རྟོན་བརྟན་པོ་བསྩལ་ཡོད།

འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་གྱིས་མངག་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་དྲིན་གཟོ་ཡར་བརྩོན་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ཤུགས་ཀྱིས་ཨང་ཀའི་དཔལ་འབྱོར་གྱི་དར་ལུགས་གསར་པར་སྣེ་ཁྲིད་པ་བཅས་བྱས་ལ། ཚྭ་མཚོ་ཐོན་ལས་ཀྱིས་གནས་གཅིག་བདག་འཛིན་བྱས་པ་དང་། ནུས་ཁུངས་གཙང་མའི་སྟོབས་ཤུགས་འབུར་དུ་ཐོན་པ། སྐྱེ་ཁམས་ཡུལ་སྐོར་གྱི་ལྗོངས་རྣམ་ཁྱད་དུ་འཕགས་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཡར་ངོས་ཟླ་ལྟར་འཕེལ་ཞིང་། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ་ཏེ་འོད་སྟོད་འབར་བའི་གྲུབ་འབྲས་བསྐྲུན་ཡོད།

རྒྱང་ལྟ་བྱས་ཚེ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེའི་ལག་ལེན་དེ་ཕྱོགས་ཡོངས་དང་རིམ་པ་ཟབ་མོའི་ངང་སྤེལ་བཞིན་པའི་སྒང་ཡིན་པས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ཕུགས་འདུན་གྱིས་ང་ཚོ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།

 ལོ་གསར་པའི་ནང་། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་སྒོས་མཉམ་འདྲེས་ཡོང་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད། བཅོས་བསྒྱུར་གྱི་རྣམ་པ་གསར་བ་བཏོད་པ་དང་འཕེལ་རྒྱས་ཀྱི་གོམ་པ་གསར་པ་སྤོ་བ། ལྗང་མདོག་གི་དྲིས་ལན་གསར་པ་འདེབས་པ། དམངས་འཚོའི་ལྗོངས་རྣམ་གསར་པ་འབྲི་བ། མཁར་ཞང་གི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་པ་དང་། བདེ་ཞིང་སྐྱིད་པའི་འཚོ་བ་རོལ་དུ་འཇུག་རྒྱུ་རེད།

མ་འོངས་པར་རེ་བའི་ཁེངས་ཤིང་། བློ་སྤོབས་ཆེན་པོས་ལེའུ་གསར་པ་རྩོམ་བཞིན། མཚོ་སྔོན་གྱི་བུ་བུ་མོ་རྣམས་ཀྱིས་མུ་མཐུད་དུ་དཔུང་བ་མཉམ་གཤིབ་སྒོས་སྐྱེ་སྟོབས་རྒྱས་པའི་གནས་མཆོག་འདི་རུ་དུས་རབས་གསར་པའི་མཚར་སྡུག་གི་ལེའུ་མཉམ་འབྲི་བྱེད་ངེས་རེད།

ཏང་གི་མི་རིགས་སྲིད་ཇུས་འོག མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་བརྩེ་བའི་ལག་གདང་གཅིག་ཏུ་སྦྲེལ།

ཅི་ཧྲི་རི་བོའི་རིམ་པ6.2ཅན་གྱི་ཡོམ་རྗེས་བསྐྱར་བསྐྲུན་ལས་གཞི་ཡོངས་འགྲུབ་བྱས་པ།
འོད་ཧྥུའི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་སྟེ། ནུས་ཁུངས་གཙང་མའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་ཐོན་ལས་འདུས་གྲུབ་ཀྱི་ཕན་འབྲས་ཉིན་བཞིན་མངོན་པ་བྱེད་པ།
མཁར་གྲོང་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱིས་ཟི་ལིང་གི་འགྲིམ་འགྲུལ་བཀོད་སྟངས་གསར་པ་ཆགས་པར་རོགས་སྐུལ་བྱས།
ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱིས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་རོལ་དབྱངས་གསར་པ་དཀྲོལ་བ།
རྨ་ཆུ་མཉམ་འཐུང་དང་ཧྲན་ཏུང་དང་མཚོ་སྔོན་གྱི་བརྩེ་བ་མཉམ་རོལ་བྱེད་པ།
རྒན་གསོ་ཞབས་ཞུའི་སྤས་འབྲས་ཇེ་མཐོར་བཏང་བ།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་མཐོ་སྒང་བྱིས་པའི་སློབ་གསོའི་སྒྲོན་མེ་སྦར་བ།
གཏེར་ལེན་ཁའི་གནས་ཐ་དག་བསམ་པའི་རྒྱགས་ཕྱེ་འཚོལ་སར་གྱུར།
སློབ་རའི་གདམ་གསེས་གཉིས་ཀྱིས་ཁེ་ལས་ཀྱི་ལས་བཟོ་བ་འཚོལ་དཀའ་བ་དང་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་དཀའ་བའི་གནད་དོན་ནུས་ལྡན་སྒོས་ཐག་བཅད།
སྐྱེ་ཁམས་ཡུལ་སྐོར་གྱིས་མཚོ་སྔོན་སྐྱེ་ཁམས་དཔལ་འབྱོར་གྱི་སྒོ་མོ་ཕྱེས།
མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱས་པ།
ཚན་རྩལ་གསར་སྐྲུན་གྱིས་རང་ཉིད་འཕེར་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དེ། མཚོ་སྔོན་གྱི་ཐོན་ལས་གསར་པའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྒུལ་ནུས་གསར་པ་བསྩལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 



རྩོམ་སྒྲིག་པ། སྐར་མ་རྡོ་རྗེ། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章