སྐྱེ་ཁམས་སྲུང་སྐྱོང་མཁན་བསོད་ནམས་རྒྱལ།

时事   2025-01-14 18:43   青海  


བསོད་ནམས་རྒྱལ་ནི་ཀན་སུའུ་ཞིང་ལས་སློབ་ཆེན་རྩྭ་ལས་ཚན་རིག་ཚན་ཁག་ནས་མཐར་ཕྱིན་པ་དང་། མཐར་ཕྱིན་རྗེས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ནས་ལོ26རིང་ལས་ཀ་བྱས། ཁོས་ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་ལག་བསྟར་ནན་ཏན་བྱས་ཏེ། བདེན་འཚོལ་དངོས་གཉེར་དང་།མཐུན་སྒྲིལ་མཉམ་ལས།འགག་སྒྲོལ་དཀའ་སེལ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། རྫོང་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་བྱས་རྗེས་བཞག་ཡོད།

བསོད་ནམས་རྒྱལ་དུས་རྒྱུན་གཞི་རིམ་དུ་སོང་ནས་སྐྱེ་ཁམས་འཐབ་ཕྱོགས་སུ་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་བྱེད་ཐབས་ལ་བརྟག་དཔྱད་ཞིབ་འཇུག་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན། ཀོས་ནན་རྫོང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་དང་ལས་སྒྲུབ་ཇུས་འགོད་སོགས་སྒྲིག་བཟོ་བྱས་ཤིང་། རྩྭ་ཐང་སྐྱེ་ཁམས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་མཚོ་སྔོན་གྱི་གཙང་གསུམ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དུས་རིམ་གཉིས་པ་དང་། གུང་ཧོ་གཤོང་སའི་བྱེ་ཐང་ཅན་འགོག་བཅོས་དང་ཉམས་ཞན་རྩྭ་ཐང་ཉམས་གསོ་བཅོས་སྐྱོང་། བྱེ་འགོག་བཅོས་སྐྱོང་། རི་བཀག་ནགས་གསོ་སོགས་ཀྱི་སྣོད་བཅུད་སྲུང་སྐྱོང་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཏེ། རང་གི་རྫོང་གི་སྣོད་བཅུད་སྲུང་སྐྱོང་འཕེལ་རྒྱས་ལ་རང་ནུས་ཕུལ།     

བསོད་ནམས་རྒྱལ་ལ་ལས་སྒོའི་ཐད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ལག་ལེན་གྱི་ཉམས་མྱོང་ཆེན་པོ་ལྡན་པའི་ཁར་སྐྱེ་ཁམས་སྲུང་སྐྱོང་སྐོར་ལ་ཞིབ་འཇུག་གཏིང་ཟབ་བྱས་པས་རྩྭ་ཐང་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་མང་པོ་བླངས་ཡོད། ཁོས《མཚོ་སྔོན་གྱི་གཙང་གསུམ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དུས་རིམ་གཉིས་པའི་ལས་གྲྭ》    《ཕྱུགས་རིགས་ཕྱིར་འཐེན་རྩྭ་ཐང་སླར་གསོ་བྱེད་པའི་ལས་གྲྭ》《རྩྭ་ཐང་དང་ཕྱུགས་ལས་འཕེལ་རྒྱས་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས། 》《ཀོས་ནན་རྫོང་གུང་ཧོ་གཤོང་སའི་བྱེ་ཐང་ཅན་འགོག་བཅོས་དང་ཉམས་ཞན་རྩྭ་ཐང་ཉམས་གསོ་བཅོས་སྐྱོང་རྣམ་གྲངས》སོགས་སྣོད་བཅུད་རྣམ་གྲངས་གལ་ཆེན་ལེགས་འགྲུབ་བྱས་ཡོད། མཚོ་ལྷོ་ཁུལ་གྱི་རྩྭ་དང་ཕྱུགས་ཀྱི་འགུལ་རྣམ་དོ་མཉམ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལག་རྩལ་འདུས་གྲུབ་ཉེར་སྤྱོད་དཔེ་སྟོན་དང་གཙང་གསུམ་ཆུ་མགོའི་སྐྱེ་ཁམས་སླར་གསོ་དང་འཚམ་པའི་རྩྭ་སོན་གསོ་སྤེལ་དང་འབྲུ་རིགས་དང་སྲན་མ་བསྲེས་འདེབས་ལག་རྩལ་དཔེ་སྟོན་ཁྱབ་གདལ་བཅས་ཚན་རིག་ཞིབ་འཇུག་རྣམ་གྲངས་གཉིས་གཙོ་སྐྱོང་དང་ལག་བསྟར་བྱས་པ་དང་།    ཀོས་ནན་དཔེ་མཚོན་ཁུལ་གྱི་ལག་རྩལ་འདུས་གྲུབ་དང་ཉེར་སྤྱོད་དཔེ་སྟོན།མཐོ་གྲང་རྩྭ་ཐང་གི་བྱི་བའི་གནོད་འཚེ་རྒྱུན་མཐུད་ཚོད་འཛིན་དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་ལག་རྩལ་འདུས་གྲུབ། མཚོ་བོད་ས་མཐོའི་ཕྱུགས་རིགས་ཕྱིར་འཐེན་རྩྭ་ཐང་སླར་གསོ་ལག་རྩལ་འདུས་གྲུབ་ཞིབ་འཇུག་དང་ཉེར་སྤྱོད་ཁྱབ་གདལ་གཏོང་བ་སོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་ཞུགས་ནས་ལག་བསྟར་དང་། ལས་ཀའི་ཁྲོད་སྤྱོད་ཚུལ་དངོས་གཉེར་བྱས་པས་ལས་བྱེད་པའི་ཁྲོད་ཀྱི་མིག་དཔེ་བཟང་པོ་ཞིག་ཏུ་གྱུར། ཁོས་རྒྱུན་ལྡན་གྱི་ལས་ཀའི་ཁྲོད་རང་ཉིད་ལ་བླང་བྱ་ནན་མོ་བཏོན་ནས། བརྩོན་པ་ཆེན་པོས་སྐྱེ་ཁམས་སྲུང་སྐྱོང་ཐད་དཀའ་བ་ལྷུར་ལེན་བྱས་པས་གྲུབ་འབྲས་མི་དམན་པ་ཐོབ།  


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章