ཁུལ་དམངས་ཆེན་གྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས།

时事   2025-01-18 17:58   青海  


ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ལོ་འཁོར2024ཡི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས།


    ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ1ཚེས15ཉིན་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་འམ་ཀྲུའུ་རེན་མཱ་ཅན་ཧུང་གིས་ཚོགས་འདུ་མགོ་འཛིན་གནང་བ་དང་འབྲེལ་ཕྱོགས་སྡོམ་གཏམ་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཀྲའོ་ཆིང་ཧྲན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་དང་། ཚོགས་འདུ་མ་འཚོགས་གོང་ཚོགས་འདུའི་ཇུས་གཞི་གཏན་འབེབས། གཅིག་སྡུད་སློབ་སྦྱོང་། བསམ་འཆར་དང་གྲོས་མགོ་རྒྱ་ཁྱབ་ངང་བསྡུ་ལེན་བཅས་བྱས་ནས་སྙིང་གཏམ་ཤོད་རེས་དང་གླེང་མོལ་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་གནད་དོན་གསེད་བཀྲོལ་བྱས་ཏེ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་པའི་ལྟ་སྡུར་ཞིབ་བཤེར་ཡིག་ཆ་ནན་ཏན་ངང་འབྲི་དགོས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཚོགས་འདུའི་ཐོག་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་། 2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བསམ་འཆར་དང་གྲོས་མགོ་བསྡུ་ལེན་བྱས་ཚུལ་བརྡ་ཁྱབ་བཏང་ཡོད། ཁུལ་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་མཱ་ཅན་ཧུང་གིས་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་པའི་ཚབ་བྱས་ཏེ་སྒྲིག་ཁྲིམས་དྲུག་གི་སྣེ་ཁྲིད་དེ་ལྟ་སྡུར་ཞིབ་བཤེར་བྱ་རྒྱུ་མ་ཟད། སྣེ་ཁྲིད་དེ་མི་སྒེར་གྱིས་ལྟ་སྡུར་ཞིབ་བཤེར་བྱ་རྒྱུ་དང་། ཏང་ཁག་གི་ཁོངས་མིས་རེ་རེ་བཞིན་གཏམ་བཤད་བྱས་ནས་ཞིབ་བསྡུར་སྐྱོན་བཤེར་བྱས་ཏེ་ཕན་ཚུན་སྐྱོན་བརྗོད་ཀྱི་བསམ་འཆར་བཏོན།

    ཚོགས་འདུ་ལས་བསྟན་དོན། ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཚང་མས་བརྗོད་བྱ་གཙོ་བོ་དང་གནད་དོན་ལ་དམ་པོར་དམིགས་ནས་ལས་ཀའི་ཐོག་ནས་ཞན་ཆ་འཚོལ་བ་དང་འགན་འཁུར་ཕོད་པའི་ཐད་ནས་ཧེ་བག་འཚོལ་དགོས་ལ་ཆབ་སྲིད་ཐོག་ནས་འབྱུང་རྩ་རྩད་གཅོད་དང་། བསམ་བློའི་ཐོག་ནས་འབྱུང་རྩ་སྔོག་འདོན་དང་། རང་ཉིད་ལ་གནས་པའི་གནད་དོན་དང་མི་འདང་སར་བསམ་ཞིབ་གཏིང་ཟབ་བྱས་ནས། ཕན་ཚུན་སྐྱོན་བརྗོད་བྱ་རྒྱུ་དེ་སྤྱི་སེམས་དང་། ཐད་ཀར་སྐྱོན་བརྗོད་བྱེད་ཅིང་། རང་ཉིད་གསར་བརྗེའི་སྙིང་སྟོབས་མཚོན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ནས་བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་ཟབ་སྤེལ། ཕན་ཚུན་ལྟ་སྐུལ། མཉམ་དུ་མཐོར་འདེགས་བཅས་བྱེད་པའི་དམིགས་ཡུལ་འགྲུབ་ཡོད།

    ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་པས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་འཛིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བླ་སྲོག་མི་འདོར་བ་རྒྱུན་འཁྱོངས་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཏན་འཁེལ་གཉིས་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྲུང་ཐུབ་པར་བྱ་དགོས། ཏང་གཤིས་ཀྱི་རྨང་གཞིར་བརྩི་སྲུང་ནན་མོ་དང་། ཁྲིམས་ལྟར་འགན་འཁྲི་ནན་སྒྲུབ། དུས་ནམ་ཡང་ཕན་འབྲས་ལྡན་པའི་སྲོལ་བཟང་རྒྱུན་འཁྱོངས་བྱ་དགོས། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་རོགས་རམ་བྱས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་འཁུར་ཕོད་པ་དང་། རང་གིས་རང་ལ་གསར་བསྒྱུར་བྱེད་ཕོད་པ་དང་། དག་ཐེར་ཡོ་བསྲང་དོན་འཁྱོལ་ལ་དམ་འཛིན་དང་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས།

    ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚོགས་འདུར་ཟུར་ཞུགས་བྱས་ཡོད།


ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།



རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章