མཚོ་སྔོན་གྱི་ཐུན་མོང1དང་མི་སྒེར2ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ།

时事   2025-01-04 12:32   青海  

མཚོ་སྔོན་གྱི་ལས་བྲལ་ངལ་གསོ་ལས་བྱེད་པའི་སྔོན་ཐོན་ཐུན་མོང1དང་སྔོན་ཐོན་མི་སྒེར2ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ།





རྒྱལ་ཡོངས་ཀྱི་ལས་བྲལ་ངལ་གསོ་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན2024ལོའི་ཟླ12པའི་ཚེས30ཉིན་པེ་ཅིན་དུ་འཚོགས་པ་དང་། ཚོགས་ཆེན་སྟེང་ལས་བྲལ་ངལ་གསོ་སྔོན་ཐོན་ཐུན་མོང150དང་སྔོན་ཐོན་མི་སྒེར450ལ་གཟེངས་བསྟོད་བྱས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལས་བྱེད་པ་རྒན་པའི་ཏང་ཀྲི་པུའུ་ལ་རྒྱལ་ཡོངས་ཀྱི་ལས་བྲལ་ངལ་གསོ་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་དང་། ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ལིའུ་ཏི་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་དཔལ་ཆེན་རྒྱལ་གཉིས་ལ་རྒྱལ་ཡོངས་ཀྱི་ལས་བྲལ་ངལ་གསོ་ལས་བྱེད་པའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།

པེ་ཅིན་དུ་ཚོགས་འདུར་ཞུགས་པའི་འཐུས་ཚབ་མི་སྣ་སྟེ་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་ལས་བྱེད་རྒན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུང་མེ་ཡིས་གཟེངས་བསྟོད་འདི་འདྲ་མཐོན་པོ་ཐོབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། འདི་ནི་ཏང་ཀྲི་པུའུ་ལ་མཚོན་ན་ཆེས་ཆེ་བའི་སྐུལ་ལྕག་དང་སྐུལ་སློང་ཡིན་པས། ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་དང་། ཆབ་སྲིད་ཀྱི་རང་མདངས་ཡུན་སྲུང་བྱེད་པ་དང་མུ་མཐུད་དུ་ནུས་པ་བཏོན་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རེ་སྒུག་སྟོང་ཟད་དུ་མི་གཏོང་བ་དང་། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཐད་རང་ཉིད་ཀྱི་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ལིའུ་ཏི་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་གཟེངས་བསྟོད་འདི་འདྲ་མཐོན་པོ་གནང་བར། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ་བླ་མེད་ཀྱི་གཟི་བརྗིད་ཡང་ཡིན་པར་བསམ་ཡོད། ཕྱིར་ལོག་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ལས་བྱེད་པར་གནང་བའི་ཐུགས་ཁུར་གཟིགས་སྐྱོང་དུས་ཐོག་ཏུ་ཉེ་འགྲམ་གྱི་བློ་མཐུན་རྒན་པར་བརྒྱུད་སྒྲོག་བྱ་རྒྱུ་ཡིན་པ་དང་། མངག་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་ བཀའ་དྲིན་ཡིད་ལ་བཅངས་ནས་མདུན་དུ་སྐྱོད་པ། མུ་མཐུད་དུ་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱེད་པ། སྔར་ལས་འགན་འཁྲི་དང་དུ་ལེན་པ་དང་དང་སྙིང་སྟོབས་སྔར་ལས་ཆེན་པོ། སྔར་ལས་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། ཡན་ཨན་སྙིང་སྟོབས་དར་སྤེལ་གཏོང་བ་དང་མི་རབས་རྗེས་མར་ཐུགས་ཁུར་དང་སློབ་གསོ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ཞེས་བསྟན།  །  




ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章