ཀོས་ནན་རྫོང་གིས་ལས་དོན་དོན་གཉེར་ཚོགས་འདུ་འཚོགས།

时事   2025-01-10 19:40   青海  
ཉེ་ཆར ཀོས་ནན་རྫོང་གིས2025ལོའི་ལོ་འཁོར་གྱི་ཏང་འཛུགས་སྤུས་རྟགས་རྣམ་གྲངས་ཅན་དུ་འགྱུར་བའི་སྐུལ་འདེད་ལས་དོན་གྱི་དོན་གཉེར་ཚོགས་འདུ་འཚོགས།རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སྐར་མ་རྡོ་རྗེ་ཚོགས་འདུར་ཞུགས་ནས་གཏམ་བཤད།ཞང་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་ཨུ་ཡོནརྫོང་ཨུའི་སྡེ་ཚན་ཁག་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་ཏང་ཙུའུ་ཧྲུའུ་ཅིརྩ་འཛུགས་པུའི་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས་ཡོད།ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེནཏང་གི་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོསཞེས་པ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལཀྲུང་གོའི་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིགལ་གསལ་འགྲེལ་གཏིང་ཟབ་བྱས་པ་མ་ཟད། ཏང་འཛུགས་སྤུས་རྟགས་ཀྱི་གོ་དོན་དང་ཚད་མཐོའི་ཏང་འཛུགས་སྤུས་རྟགས་ལ་ཁས་ལེན་དང་དེ་བཞིན་ཏང་འཛུགས་སྤུས་རྟགས་འཛུགས་པ་དང་རིམ་སྤོར་གྱི་བསམ་ཕྱོགས་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས།   

     གྲོས་ཚོགས་ལས་བསྟན་དོན། 2024ལོར་རྫོང་ཨུའི་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་མཛུབ་ཁྲིད་ཞིབ་ཚགས་འོག རྫོང་ཡོངས་ཀྱི་གོང་འོག་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་གཅིག་དྲུག་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས།གནས་ཐོག་དཔེ་སྟོན་དང་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དམིགས་འབེན་དུ་བྱས་ཏེ།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་སྲོག་ཤིང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།གཞི་རིམ་གྱི་ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་སྤུས་རྟགས་དཔེ་སྟོན་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ།ཐོབ་ཐུབ་པ་དང་།གྲགས་ཆེ་བ།ཁྱབ་གདལ་གཏོང་ཐུབ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་བྱས་ཏེ།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།འོན་ཀྱང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་བསྡུར་ན།ཏང་རྩ་འཛུགས་ཁག་གཅིག་གི་རྩ་འཛུགས་ནུས་པ་དང་སྣེ་ཁྲིད་ནུས་པར་མི་འདང་བའི་གནད་དོན་སྔར་བཞིན་གནས་ཡོད་པས་སྔར་ས་འབད་བརྩོན་ཆེན་པོས་ཐག་གཅོད་བྱ་དགོས་པ་བསྟན།     

  གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཅིག་ནི་གསར་གཏོད་ཀྱི་དམིགས་འབེན་ཁ་གསལ་བཟོས་ནས་ཁྱད་ཆོས་ལྡན་པའི་ལེགས་པའི་ཆ་གནད་དུ་ཐོན་དགོས།གཉིས་ནས་སྤུས་རྟགས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་ཏང་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྤུས་རྟགས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།བཞི་ནི་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས། 


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章