སྒྲོལ་མ་འབུམ་གྱིས་ཁྲོམ་རའི་བདེ་འཇགས་ལས་དོན་ལ་ཞིབ་བཤེར་བྱས།

时事   2025-01-15 23:43   青海  
ཉེ་ཆར་རྫོང་དཔོན་སྒྲོལ་མ་འབུམ་གྱིས་རྫོང་འཕེལ་བསྒྱུར་ཅུའུ་དང་། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུའུ་སོགས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱི་སྣེ་ཁྲིད་དེ་ལོ་སར་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་རིན་གོང་བརྟན་པོ་མཁོ་སྤྲོད་འགན་ལེན་བྱེད་པ།ཟས་རིགས་བདེ་འཇགས་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ལྟ་སྐུལ་ཞིབ་བཤེར་བྱས།རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་སྒྲོལ་མ་དོན་འགྲུབ་ཀྱིས་ཕེབས་རོགས་བྱས།  

སྒྲོལ་མ་འབུམ་གྱིས་གཞུང་ལམ་འགྲམ་གཉིས་ཀྱི་ཚོང་ཁང་བཀོད་སྒྲིག་བྱས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས་ལོ་སར་ཐོན་རྫས་སྣ་ཚོགས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་།ཚོང་ཟོག་ནང་འདྲེན་ཡོང་ཁུངས།ཕྱིར་ཚོང་གནས་ཚུལ།དེ་བཞིན་ཟས་རིགས་བདེ་འཇགས་ལས་དོན་དོན་འཁྱོལ་བྱས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ནན་གྱིས་བསྟན་དོན།ཁྲོམ་རའི་མཁོ་སྤྲོད་དང་ཟས་རིགས་བདེ་འཇགས། བདེ་འཇགས་ཐོན་སྐྱེད་བཅས་ནི་དམངས་འཚོ་དང་འབྲེལ་བ་ཡོད་པ་མ་ཟད་ཁྱིམ་ཚང་ཁྲི་སྟོང་དང་འབྲེལ་བ་ཡོད་པས་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་ནན་མོ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ཚོང་ཟོག་མཁོ་འདོན་གྱི་ཐབས་ལམ་ཤར་གཏོང་བྱེད་པ།ཚོང་ཟོག་ཡོང་ཁུངས་སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཏེ་ལོ་སར་སྐབས་འབྲུ་སྣུམ་དང་སྔོ་ཚལ།ཤ་རིགས་བཅས་མཁོ་འདོན་འདང་ངེས་ཡོང་བའི་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་དུས་ཆེན་རིང་རྫོང་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བསྟན།  ཁོས་བསྟན་དོན། ལོ་སར་ཐོན་ལ་ཉེ་བས་མི་སྣའི་འཁོར་རྒྱུག་རང་བཞིན་ཆེ་རུ་ཕྱིན་པ་དང་། གཞུང་ལམ་ཕྱོགས་གཉིས་སུ་ཁྲོམ་འགྲེམས་བྱེད་ས་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པས།འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་དང་།ཁྲོམ་ར་གོ་རིམ་ལྡན་པ། ཟོག་གོང་བརྟན་པ།འཛད་སྤྱོད་བདེ་འཇགས་བཅས་འགན་ལེན་བྱས་ཏེ་རྫོང་ཡོངས་ཀྱི་མི་དམངས་ལ་སྤྲོ་སྣང་དང་། ཞི་མཐུན་། བདེ་འཇགས་བཅས་ཀྱི་ལོ་སར་ལ་རོལ་དུ་འཇུག་དགོས།ཁོས་རེ་བར། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་ཁྲོམ་ར་མཁོ་སྤྲོད་བྱ་ཡུལ་སྣ་ཚོགས་ཀྱི་འཕྲོད་བསྟེན་གནས་ཚུལ་དང་ཟས་རིགས་སྤུས་ཚད། ཟས་རིགས་རྒྱུ་ཆ་བཅས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རྒྱུན་ལྡན་གྱི་སྒོ་ནས་ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་སོགས་ཟས་རིགས་བདེ་འཇགས་སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་བཅས་བྱས་ཏེ། ཚོང་ཟོག་གི་གྲངས་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱ་དགོས།  


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章