མཚོ་བྱང་ཁུལ་ལ་ཆུ་ལོག་གནོད་འཚེའི་ཉེན་ཟོན་ཉེན་བརྡ་བཏང་འདུག

政务   2024-09-19 09:20   青海  

མཚོ་བྱང་ཁུལ་ཆུ་བེད་ཅུས་དང་མཚོ་བྱང་ཁུལ་གནམ་གཤིས་ཅུས་ཀྱིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ཉེན་ཟོན་ཉེན་བརྡ་བཏང་བ།

ཆར་བབས་པའི་རྐྱེན་གྱིས། སྔོན་དཔག་བྱས་ན་ཟླ9པའི་ཚེས18ཉིན་གྱི་ཆུ་ཚོད20ནས་ཚེས20ཉིན་གྱི་ཆུ་ཚོད20བར། མདའ་བཞི་རྫོང་དང་རྐང་ཚ་རྫོང་། འཇུ་ལག་རྫོང་བཅས་ལ་ཆུ་ལོག་གི་གནོད་འཚེ(ཉེན་བརྡ་སེར་པོ)འབྱུང་བའི་ཉེན་ཁ་ཅུང་ཆེ་བ་དང་། མདོ་ལ་རྫོང་དུ་ཆུ་ལོག་གི་གནོད་འཚེ(ཉེན་བརྡ་སྔོན་པོ)འབྱུང་བའི་ཉེན་ཁ་ཡོད་པས། ས་ཁུལ་སོ་སོས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། འབྲུབ་འགོག་སྔོན་བརྡ། ཉེན་གཡོལ་གནས་སྤོས་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་དོ་སྣང་བྱེད་དགོས།

འགོག་སྲུང་ཕྱོགས་སྟོན། 

1.རྫོང་རིམ་པའི་ཆུ་ལོག་སྔོན་འགོག་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཆུ་བེད་ཀྱིས་གནམ་གཤིས་དང་། མཁོ་བསྟུན། གཞི་རིམ་སྲིད་གཞུང་བཅས་དང་མཉམ་དུ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། མཉམ་དུ་གྲོས་མོལ་དང་ཞིབ་འཇུག་བརྡ་ཤ་གཅོད་པ། མཁོ་བསྟུན་ཐག་གཅོད་བཅས་གང་ལེགས་བྱེད་དགོས།     

2.ཆུ་ཚོད24རིང་གི་ལས་རེས་ལས་སྲུང་དོན་འཁྱོལ་ནན་མོ་བྱས་ཏེ། ཆར་ཆུ་འབབ་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས་དུས་ཐོག་ཏུ་སྔོན་ཇུས་ལག་བསྟར་བྱེད་པ་དང་ཆུ་ལོག་གི་ཉེན་ཁ་ཡོད་པའི་ས་ཁུལ་དུ་སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱ་བར་ཤུགས་སྣོན་དགོས། 

3.དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། གཞི་རིམ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས“འབོད་བརྡ”དང“འབོད་ལན་ཡོད་པའི”ལམ་སྲོལ་དོན་འཁྱོལ་བྱས་ནས་ཉེན་ཁ་ཡོད་པའི་ས་ཁུལ་གྱི་མང་ཚོགས་ཉེན་གཡོལ་གནས་སྤོའི་བྱ་བ་དུས་ཐོག་ཏུ་ལེགས་པོར་སྒྲུབ་དགོས།     

4.ཆུ་མཛོད(ཆུ་གློག་ས་ཚིགས)དང་འདམ་རགས། ཆུ་བོ་ཆུང་འབྲིང་། རི་ཁུལ་གྱི་ཆུ་ལམ་སོགས་སུ་ལས་རེས་སྐོར་ཞིབ་བྱེད་རྒྱུར་ཤུགས་བསྣན་ཏེ་ཆུའི་འབབ་རྒྱུད་ཀྱི་འབྲུབ་འགོག་བཟོ་སྐྲུན་མ་ལག་གི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།  



ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/海北州气象台 责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章