ཚ་རྒྱུད་ཕལ་བའི་མཐོ་གནོན་ཕྱི་སྐོར་གྱི་ལྷོ་ནུབ་དྲོད་བརླན་རླུང་རྒྱུན་དང་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོའི་ཐུན་མོང་གི་ཤུགས་རྐྱེན་ཐེབས་པས། སྔོན་དཔག་བྱས་ན། ཟླ9པའི་ཚེས18ཉིན་ནས་ཟླ9པའི་ཚེས20ཉིན་བར་མཚོ་བྱང་ཁུལ་ལ་ཆར་འབབ་པའི་གནམ་གཤིས་ཀྱི་བརྒྱུད་རིམ་འབྱུང་རྒྱུ་ཡིན་ཞིང་། དེའི་ནང་ཟླ9པའི་ཚེས19ཉིན་ཁུལ་ཡོངས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་ལ། རིམ་རྩིས་བྱས་ན་ཆར་འབབ་ཚད་ཧའོ་སྨི15ནས35བར་ཟིན་རྒྱུ་ཡིན་ཞིང་། ཆེས་འབབ་དུས་ཆུ་ཚོད་རེའི་ནང་ཧའོ་སྨི15ནས20བར་ཟིན་རྒྱུ་རེད། དྲག་ཆར་འབབ་ཚད་གཙོ་བོ་ཚེས19ཉིན་གྱི་དགོང་མོ་ཡིན་པ་དང་། བརྒྱུད་རིམ་དེའི་ཁྲོད་དུས་ཐུང་ནང་དྲག་ཆར་དང་། ཐོག་རྒྱག་རླུང་གཡུག སེར་བ་འབབ་པ་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་འབྱུང་རྒྱུ་རེད། ཟླ9པའི་ཚེས19ཉིན་ནས་ཟླ9པའི་ཚེས20ཉིན་བར་ཉིན་རེའི་ཆེས་མཐོ་བའི་དྲོད་ཚད་རིམ་རྩིས་བྱས་ན4~6℃ཇེ་དམའ་རུ་འགྲོ་རྒྱུ་ཡིན་པ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་ལ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད།
གཉིས། ཤུགས་རྐྱེན་དང་དོ་ཁུར།
1.ཐེངས་འདིར་ཆར་འབབ་པའི་བརྒྱུད་རིམ་དེ་དུས་མགོའི་ཆར་འབབ་ཁུལ་དང་རིམ་བརྩེགས་བྱས་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་ཆར་ཆུ་རིམ་བརྩེགས་བྱས་པ་ལས་འབྱུང་སྲིད་པའི་ས་གཤིས་གནོད་འཚེར་དོ་ཁུར་བྱས་ཏེ། ས་གཤིས་གནོད་འཚེའི་མངོན་མེད་ཉེན་ཁ་གྲལ་བཤེར་དང་ཆུ་ལོག་སྔོན་འགོག་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས། འགོག་སྲུང་བྱ་ཐབས་ནུས་ལྡན་སྤྱད་དེ་ས་གཤིས་ཀྱི་གནོད་འཚེ་འབྱུང་རྒྱུར་སྔོན་འགོག་བྱེད་དགོས།
2.ཆར་འབབ་པ་དང་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱིས་མང་ཚོགས་ཕྱིར་སྐྱོད་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ཕྱུགས་ལས་ཐོན་སྐྱེད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱེད་དགོས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北州气象台
责编/项吉当知
监制/杨本才让 总监制/刘增奎
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系