མཚོ་ཤར་གྲོང་ཁྱེར་གྱི་ཟབ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་དུ་འཚོགས།

政务   2024-09-18 16:49   青海  

མཚོ་ཤར་གྲོང་ཁྱེར་གྱི་དུས་ཐེངས་དང་པོའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་ལས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་བྱ་བའི་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཟླ9པའི་ཚེས11ཉིན། མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ཁོངས་གཏོགས་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་ལས་བྱེད་པ25གསོ་སྦྱོང་ཁྲོད་ཞུགས།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ནི་ཉིན3ཡིན་ཞིང་། ཡུལ་དངོས་ནས་སློབ་ཁྲིད་བྱ་རྒྱུ་གཙོ་བོར་བཟུང་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། མཚོ་བྱང་ཁུལ་སྲིད་དོན་གཙང་སྐྱོང་སློབ་གསོའི་རྟེན་གཞི། དུས་རབས་ཀྱི་མིག་དཔེའི་དྲན་གསོ་ཁང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཉམས་ལེན་ཁང་། འབར་གས་ཚོད་ལྟ་ར་བ། 221རྟེན་གཞིའི་ས་འོག་བཀོད་འདོམས་ལྟེ་གནས། ཡན་ལག་བཟོ་གྲྭ་དང་པོ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་བཏང་སྟེ། སློབ་མ་རྣམས་ལ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གསོ་དང་ལེན་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་བྱང་ཚད་སྦྱོང་བརྡར་ཐེབས་པ་དང་། གསར་བརྗེའི་སྔོན་བྱོན་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཁྲོད་དུ་ཏང་གཤིས་བློ་སྦྱོང་མཐོར་འདེགས་བྱས།



ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/海北党建

责编/格日加布

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章