མཚོ་བྱང་ཁུལ་གྱིས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་འདུག

政务   2024-09-14 15:03   青海  

མཚོ་བྱང་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲ་རྒྱའི་འགྲན་སྡུར་སྐབས་དང་པོའི་མཚོ་སྔོན་འགྲན་ཁུལ་དུ་གྲུབ་འབྲས་བཟང་པོ་བླངས།

ཟླ9པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད་ལག་བསྟར་བྱ་བའི་གཞུང་ལས་ཁང་གིས《ནུབ་རྒྱུད་ས་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲ་རྒྱའི་འགྲན་སྡུར་སྐབས་དང་པོའི་མཚོ་སྔོན་འགྲན་ཁུལ་གྱི་གྲུབ་འབྲས་དང་བྱ་དགའི་གནས་ཚུལ་སྐོར་གྱི་ཁྱབ་བརྡཔར་འགྲེམས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དྲ་རྒྱའི་འགྲན་སྡུར་སྐབས་དང་པོའི་མཚོ་སྔོན་འགྲན་ཁུལ་གྱི་ཕུལ་བྱུང་རྩ་འཛུགས་ལས་ཁུངས10དང་ཕུལ་བྱུང་མི་སྒེར10ཁྱབ་བརྡ་བཏང་ཡོད་པ་རེད། དེའི་ནང་མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་དང་། མདོ་ལ་རྫོང་ཚན་རྩལ་མཐུན་ཚོགས། འཇུ་ལག་རྫོང་ཚན་རྩལ་མཐུན་ཚོགས། རྐང་ཚ་རྫོང་ཚན་རྩལ་མཐུན་ཚོགས། མདའ་བཞི་རྫོང་ཚན་རྩལ་མཐུན་ཚོགས་བཅས་ལས་ཁུངས་ལྔ་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པ་དང་། མདའ་བཞི་རྫོང་གི་ལི་ཀྲི་ཧྲིན་དང་ཡའོ་ཡུང་ཧྥང་གཉིས་ལ་ཕུལ་བྱུང་མི་སྒེར་གྱི་བྱ་དགའ་ཐོབ།       

བྱེད་སྒོ་དེ་སྤེལ་བ་ནས་བཟུང་། མཚོ་བྱང་ཁུལ་གྱིས་ཕྱོགས་མང་པོ་ནས་གྲབས་གསོག་དང་སྐུལ་སློང་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་དང་། རོང་འབྲོག་མང་ཚོགས། ཁེ་ལས་པ། ཐོན་ལས་བཟོ་པ། བུད་མེད། རྒན་རྒོན། མགོ་ཁྲིད་ལས་བྱེད་པ། གཞུང་ཞབས་པ་བཅས"གཙོ་གནད་མི་ཚོགས"དྲུག་ཚན་རིག་བྱང་ཚད་འཛུགས་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས་མི་ཚང་མས་ཚན་རིག་ལ་མཐོང་ཆེན་དང་ཚན་རིག་ལ་དགའ་ཞེན། ཚན་རིག་སློབ་སྦྱོང། ཚན་རིག་བེད་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད།
མཚོ་སྔོན་འགྲན་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་བསགས་སྐར་ཨང་རིམ་དང་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲན་ཞུགས་མི་གྲངས་ཀྱི་ཨང་རིམ་ཐོག་མཚོ་བྱང་ཁུལ་གྱི་བསགས་སྐར(128251)དང་འགྲན་ཞུགས་མི་གྲངས(16423)ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྫོང(གྲོང་ཁྱེར་དང་ཆུས)གི་སྔོན་གྱི་མི10ཡི་ལན་བཏབ་པའི་ཨང་རིམ་དང་བསགས་སྐར་ཨང་རིམ་ཐོག་མདོ་ལ་རྫོང་གིས་ལན་བཏབ་པའི་གྲངས་ཀ(31912)དང་བསགས་སྐར(15532)ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད་ལ། འཇུ་ལག་རྫོང་གིས་ལན་བཏབ་པའི་གྲངས་ཀ(26752)དང་བསགས་སྐར(12099)ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་བཞི་བར་སླེབས་ཡོད། རྐང་ཚ་རྫོང་གིས་ལན་བཏབ་པའི་གྲངས་ཀ(23922)དང་བསགས་སྐར(10312)ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་ལྔ་བར་སླེབས་ཡོད། མདའ་བཞི་རྫོང་གིས་ལན་བཏབ་པའི་གྲངས་ཀ(15277)དང་བསགས་སྐར(7867)ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དྲུག་པར་སླེབས་ཡོད།
མཚན་སྙན་དེ་ནི་ནུབ་རྒྱུད་ས་ཁུལ་ཚན་རྩལ་ཁྱབ་གདལ་མནའ་འབྲེལ་གྱིས་མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་ཚན་རྩལ་ཁྱབ་གདལ་བྱ་བར་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་རྣམ་པ་བཟང་པོ་མངོན་པ་ཞིག་ཀྱང་ཡིན་ལ། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་སོ་སོ་ཡར་རྒྱས་གོང་འཕེལ་བྱུང་བ་བཅས་གཅིག་སྡུད་ཐོག་མཚོན་ཡོད། 
གོམ་སྟབས་རྗེས་མར། མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་དུས་ཐོག་ཏུ་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱས་ཏེ། ཚན་རིག་ལ་བརྩི་མཐོང་དང་ཚན་རིག་ལ་དགའ་ཞེན་བྱེད་པའི་རྣམ་པ་བཟང་བོ་རྒྱུན་མཐུད་ངང་བཏོད་དེ་རིམ་པ་མཐོ་རུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་བ། ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ལ་ཤུགས་བསྣན་ནས་མགྱོགས་མྱུར་སྒོས་མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་རོགས་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

源/海北农科

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章