ཟླ་མཆོད་དུས་ཆེན་བསུ།

政务   2024-09-17 10:31   青海  



ཟླ་མཆོད་

དུས་ཆེན།



ཟླ་མཆོད་དུས་ཆེན་ཏེ། སྟོན་ཟླའི་དུས་ཆེན་དང་ཟླ་བའི་དུས་ཆེན་དང་། ཟླ་དཀར་དུས་ཆེན་དང་། ལྷན་འཛོམས་དུས་ཆེན་སོགས་རྒྱ་ཡིག་ཏུ་འབོད་སྟངས་མང་པོ་ཡོད་ནའང་། བོད་ཡིག་ཏུ་བརྒྱད་པའི་བཅོ་ལྔའི་དུས་ཆེན་ཏེ། ཟླ་མཆོད་དུས་ཆེན་ཞེས་རྒྱ་བོད་ཚིག་མཛོད་ཆེན་མོར་བྱུང་པ་ལྟར། ཟླ་མཆོད་དུས་ཆེན་ཞེས་པའི་མིང་གཅིག་པོ་ལས་མེད་ལ། འདི་ནི་ཀྲུང་གོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་སྟེ། ནམ་ཟླར་དད་གུས་བྱེད་པ་ལས་བྱུང་ཞིང་། གནའ་རབས་སུ་སྟོན་ཁའི་མཚན་མོར་ཟླ་བར་མཆོད་པ་ལས་འགྱུར་ཏེ་ཡོང་བ་ཡིན་ནོ།།


གནའ་ནས་བཟུང་ཟླ་མཆོད་དུས་ཆེན་དུ་ཟླ་བར་མཆོད་པ་དང་ཟླ་བར་ལྟ་བ་དང་། ཟླ་གོར་བཟའ་བ་དང་། མེ་ཏོག་གི་མཆོད་མེ་མཆོད་པ་དང་། མེ་ཏོག་གསེར་སྤོས་ལ་ལྟ་བ་དང་། གསེར་སྤོས་ཆང་འཐུང་བ་སོགས་ཀྱི་དམངས་སྲོལ་མང་པོ་ཡོད་ཅིང་། ད་ལྟའི་བར་ཉམས་མེད་དུ་དར་བ་ཡིན་ནོ།།







ཟླ་བ་ཉ་གང་གིས་བཟའ་མི་ལྷན་འཛོམས་འོང་བའི་རྟེན་འབྲེལ་མཚོན་པར་བྱེད་ཅིང་། རང་གི་ཕ་ཡུལ་རྗེས་སུ་དྲན་པ་དང་། རང་གི་ཉེ་མི་རྗེས་སུ་དྲན་པའི་གདུང་བ་བཅོལ་བ་དང་། ལོ་ལེགས་བྱུང་བ་དང་། བདེ་སྐྱིད་འོང་བར་སྨོན་པ་སོགས་རྣམ་པ་ཕུན་སུམ་ཚོགས་ཤིང་། རིན་ཐང་ཆེ་བའི་རིག་གནས་ཤུལ་བཞག་ཅིག་ཡིན་ནོ།།


ཟླ་མཆོད་དུས་ཆེན་དང་ལོ་སར་དང་། དྭངས་གསལ་དུས་ཆེན་དང་། སྣྲོན་ཟླའི་དུས་ཆེན་བཅས་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་བཞི་ཡིན་ལ། 2006ལོའི་ཟླ5པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་ཆེན་འདི་ཉིད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཡིག་ཁག་དང་པོར་བཀོད་པ་དང་། 2008ལོ་ནས་བཟུང་ཟླ་མཆོད་དུས་ཆེན་དེ་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་གྱི་གུང་གསེང་གྲས་སུ་བཞག་གོ།།

ཡོང་ཁུངས། རྔ་བའི་རྔ་སྒྲ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章