མཚོ་སྔོན་པོའི་བྱང་ངོགས་ཀྱི་དཔལ་དགེ་གྲོང་རྡལ་ནས་གསའ་ཞིག་མཐོང་བ།

政务   2024-09-18 11:00   青海  


 

ཟླ9པའི་ཚེས16ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་འབྲོག་པ་ཞིག་གིས་རང་ཁྱིམ་གྱི་རྩྭ་རའི་ནང་དུ་བསྟུན་མར་ཉིན་མང་པོར་གསའ་མཐོང་བར་མ་ཟད།  གནས་ཚུལ་དེ་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་དུས་ཐོག་ཏུ་སྙན་སེང་ཞུས།    

གསའ།  པའོ་ཡུང་ཆིང་གིས་པར་བླངས།

གསའ་དེས་ས་གནས་དེ་གའི་འབྲོག་པའི་སྒོ་ཕྱུགས་ལ་གནོད་འཚེ་མི་ཕོག་པའི་བྱ་སྐྱོད་སྔོན་འགོག་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་དུས་ཚོད་དང་པོར་འབྲོག་པར་གསའ་ཡི་གོམས་གཤིས་དང་རི་སྐྱེས་སྲོག་ཆགས་མཐོང་སྐབས་ཀྱི་འབྲེལ་ཡོད་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་དང་། འབྲོག་པར་དེ་མཚུངས་ཀྱི་དོགས་ཟོན་བྱ་ཐབས་ཡག་པོ་སྒྲུབ་རོགས་བྱས། དེ་དང་ཆབས་ཅིག གསའ་ལ་སྲུང་སྐྱོབ་དེ་བས་ལེགས་པ་བྱ་ཆེད། ཁོ་ཚོས་ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་རྩ་འཛུགས་ཏེ་མཚོ་སྔོན་པོའི་རྒྱལ་སྤྱིའི་དང་བླངས་པའི་ལག་ལེན་ས་ཚིགས་ལ་དུས་ཐོག་ཏུ་སྙན་སེང་ཞུས།

མཚོ་སྔོན་པོའི་རྒྱལ་སྤྱིའི་དང་བླངས་པའི་ལག་ལེན་ས་ཚིགས་ཀྱི་འགན་འཁུར་བ་ཝང་ཁའེ་པོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཁོ་ཚོས་མཚོ་སྔོན་པོའི་ས་ཁུལ་གྱི་འདམ་ར་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན། རི་སྐྱེས་སྲོག་ཆགས་ལ་སྲོག་སྐྱོབ་བྱ་རྒྱུ་ནི་བྱ་བ་གཙོ་བོ་ཡིན་ཟེར། ཡར་སྔོན་ཁོ་ཚོས་ས་ཁུལ་དེར་དམར་ཕྱིའི་པར་ཆས21བཙུགས་པ་དང་ཟླ་བ་གཅིག་གི་སྔོན་ལ་གསའ་ཡི་བྱེད་སྒོའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ཐུབ་པ་རེད།

གསའ། ལིས་ཡུན་ཕིང་གིས་པར་བླངས།

གསའ་ནི་སྐྱེ་ཁམས་དམིགས་ཚད་རང་བཞིན་གྱི་ཚབ་མཚོན་སྐྱེ་དངོས་རིགས་ཤིག་ཡིན་པའི་ཆ་ནས་སྐྱེ་ཁམས་མ་ལག་གི་འགྱུར་ལྡོག་ཐད་ཀར་མཚོན་ཐུབ། མཚོ་སྔོན་པོའི་ས་ཁུལ་དུ་རྔོན་དངོས་འདང་ངེས་ཤིག་ཡོད་ན་ད་གཟོད་གསའ་ཡི་གྲངས་འབོར་ངེས་ཅན་ཞིག་ཐེག་ཐུབ། 

གསའ་ཡི་རྐང་རྗེས།  མཚོ་སྔོན་པོ་རྒྱལ་སྤྱིའི་དང་བླངས་པའི་ལག་ལེན་ས་ཚིགས་ཀྱིས་པར་རིས་མཁོ་འདོན་བྱས།

ཝང་ཁའེ་པོ་ཡིས་ཁོ་ཚོའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལ་གཞིགས་ནས་མཚོ་སྔོན་པོའི་བྱང་རྒྱུད་ས་ཁུལ་གྱི་སྤྱི་ལེ་བརྒྱ་རེའི་དྲ་མིག་དཔེ་འཐེན་བརྟག་དཔྱད་བྱས་པ་བརྒྱུད། གསའ་ཡི་རིགས་ཁྱུའི་མང་ཉུང་ཕལ་ཆེར་གསའ་གཉིས་ནས་གསུམ་བར་ཡིན་པ་ཤེས་རྟོགས་བྱུང་། ཐེངས་འདིར་འགུལ་ཚད་མཐོ་བའི་གསའ་ཐོན་པ་དེའང་ཁོ་ཚོས་དུས་ཚོད་དང་པོར་དང་ལེན་བྱས་པ་ཞིག་ཡིན་པས་གསའ་ཡི་ཁེར་རྐྱང་གནས་ཚུལ་གཏན་འཁེལ་བྱེད་དགོས་པར་མ་ཟད། དུས་མཚུངས་ཡུལ་ཚོ་སྲིད་གཞུང་ལ་གཞོགས་འདེགས་ཡག་པོ་བྱས་ནས་འབྲོག་པ་མང་ཚོགས་ལ་འབྲེལ་ཡོད་རི་སྐྱེས་སྲོག་ཆགས་དང་དེ་བཞིན་བདེ་འཇགས་ཤེས་བྱ་ཁྱབ་གདལ་ཡག་པོ་གཏོང་དགོས་ཟེར།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/青海日报

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章