2024ལོའི་ཟླ་མཆོད་དུས་ཆེན་སྐབས་ཀྱི་མཚོ་བྱང་ཁུལ་གྱི་གནམ་གཤིས་སྔོན་བརྡ།
སྔོན་དཔག་བྱས་པ་ལྟར་ན། "ཟླ་མཆོད་དུས་ཆེན"གྱི་གུང་གསེང་སྐབས་ཁུལ་ཡོངས་ལ་ཆར་ཆུ་མང་དུ་འབབ་པའི་གནམ་གཤིས་ཀྱི་བརྒྱུད་རིམ་འབྱུང་རྒྱུ་རེད། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར།
ཟླ9པའི་ཚེས15ཉིན། འཇུ་ལག་དང་རྐང་ཚ། མདའ་བཞི་བཅས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་ཞིང་། མདོ་ལར་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་རེད།
ཟླ9པའི་ཚེས16ཉིན། མདོ་ལ་དང་རྐང་ཚར་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་ཡིན་ཞིང་། ས་ཁུལ་གཞན་དག་ལ་ཆར་འབྲིང་ཙམ་འབབ་རྒྱུ་རེད།
ཟླ9པའི་ཚེས17ཉིན། ཁུལ་ཡོངས་ལ་ཐོལ་ཆར་འབབ་རྒྱུ་རེད་།
བྱམས་བརྩེའི་དྲན་སྐུལ།
1. "ཟླ་མཆོད་དུས་ཆེན"སྐབས། ཁུལ་ཡོངས་ལ་ཆར་ཆུ་མང་པོ་འབབ་པར་མ་ཟད། ཆར་ཆུ་འབབ་ཁུལ་དེ་དུས་མགོའི་ཆར་ཆུ་འབབ་ཁུལ་དང་རིམ་བརྩེགས་བྱེད་སྲིད་པས། རྒྱུན་མཐུད་རང་བཞིན་གྱི་ཆར་ཆུ་དང་ས་ཁུལ་ཁ་ཤས་སུ་ཆར་ཆེན་བབས་ནས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། ཆུ་བོ་ཆུང་འབྲིང་གི་ཆུ་ལོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་སོགས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས། བརྒྱུད་རིམ་འདིའི་ནང་གཏད་རྒྱུག་ཆེ་བའི་གནམ་གཤིས་ཡོད་པས་དུས་ཐུང་ནང་ཆར་ཆེན་འབབ་པ་དང་ཐོག་རྒྱག་རླུང་གཡུག སེར་བ་འབབ་པ་སོགས་ཀྱི་ཤུགས་རྐྱེན་ངན་པར་དོ་སྣང་དང་སྔོན་འགོག་བྱེད་དགོས།
2. ཟླ9པའི་ཚེས17ཉིན། ཁུལ་ཡོངས་ལ་ཆར་ཆུ་འབབ་པའི་གནམ་གཤིས་ཡོད་པས། ཟླ་གཟིགས་གནམ་ངོ་ལེགས་པོ་མེད།
3. གུང་གསེང་སྐབས་སུ་དྲོད་ཚད་འཕར་ཆག་ཅུང་ཆེ་བས། དུས་ཐོག་ཏུ་ལྭ་བ་མཐུག་པོ་གྱོན་པར་མཉམ་འཇོག་བྱེད་དགོས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
来源/海北天气
责编/格日加布
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系