ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-09-18 08:30   青海  

གསར་འགྱུར་གལ་ཆེན།

དུས་ཡུན་ཉིན་གསུམ་གྱི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཚེས17ཉིན་མཇུག་སྒྲིལ། གུང་གསེང་རིང་འགྲིམ་འགྲུལ་འགྲོ་སྐྱོད་བདེ་འཇགས་ཡིན་ཞིང་གོ་རིམ་ལྡན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར6ལས་བརྒལ་རྒྱུ་རེད།

ཟླ8པར། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར38726ཟིན་པ་དང་། དུས་མཚུངས་ལས2.1%འཕར་ཡོད།

ཟླ8པར། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར37523ཟིན་པ་དང་། དུས་མཚུངས་ལས4.8%འཕར་ཡོད།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་རིམ་པའི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་སྟེགས་བུ་ཕལ་ཆེར་བསྐྲུན་ཟིན་པ་དང་། གྲོང་ཁྱེར204ཡིས་ཞིབ་བཤེར་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་འབྲེལ་མཐུད་དང་མཉམ་སྤྱོད་བྱེད་ཀྱི་ཡོད།

དམག་ཞབས་འཐིམས་པའི་དམག་མིའི་ལས་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་དམག་ཞབས་འཐིམས་པའི་དམག་མི་ཁྲི11.1རྩལ་ནུས་གསོ་སྦྱོང་སྣ་ཚོགས་སུ་ཞུགས་ཡོད།

ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་ཁྲོམ་ཞུགས་སྤྱི་གཉེར་གྱི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར7000ཡན་བཏང་ཡོད།

ཡུས་ཐུའུ(玉兔)རྟགས་གཉིས་པའི་ཟླ་བའི་གོ་ལའི་འཁོར་རིགས་ཀྱིས་ཉེ་ཆར་ཟླ་བའི་ཉིན71རིང་གི་ལས་ཀ་ལེགས་འགྲུབ་བྱུང་པ་མ་ཟད། གསར་དུ་པར་བླངས་པའི་ཟླ་བའི་རྒྱབ་ཀྱི་གཟུགས་བརྙན་རི་མོ་བརྒྱུད་སྤྲོད་བྱས།

ཚེས17ཉིན། རང་རྒྱལ་གྱི་ཆུ་འོག་སྣུམ་ཞིང་གི་གསར་སྤེལ་རྣམ་གྲངས་ཐེངས་གཉིས་པའི་ལས་གྲྭ་ཐོག་མ་དེ་བསྐྲུན་ཟིན་པ་དང་། རང་རྒྱལ་གྱི་རིགས་ཡོངས་ཀྱི་ཆུ་འོག་སྣུམ་ཞིང་གི་སྒྲིག་ཆས་རང་བརྟེན་འཛུགས་སྐྲུན་བྱེད་ནུས་ལ་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱུང་།

ཚེས16ཉིན་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་བརྒྱུད་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་ཏུན་ཁྲི1000ལས་བརྒལ་བ་དང་། དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར400ལས་བརྒལ་བ་རེད།

སྤྱི་ཚོགས།

རྒྱ་མཚོའི་རླུང་འཚུབ་ཨང14པ“ཕུའུ་ལ་སང”(普拉桑)སྔོན་དཔག་བྱས་ན་སང་ཉིན་ཕྱི་དྲོ་ནས་དགོང་མོའི་བར་ཀྲེ་ཅང་མཚོ་རྒྱུད(ཚ་ཁུལ་གྱི་དྲག་རླུང་རིམ་པ)དུ་ཐོན་རྒྱུ་རེད།

ཚེས17ཉིན། ཞིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཏ་པན་གྲོང་ཁུལ་དུ་ས་ཡོམ་རིམ་པ4.6བྱུང་བ་དང་། ཞིབ་བཤེར་རགས་ཙམ་བྱས་པ་ལྟར་ན་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་བྱུང་མེད།

ཚེས17ཉིན། ཀྲུང་གོའི་རུ་ཁག་གིས2024ལོའི་སྐྱེས་པའི་དབྱུག་ཀྱོག་སྤོ་ལོའི་ཨེ་ཤེ་ཡའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་ནས། འགྲན་བསྡུར་དེའི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བླངས་ཡོད།

ཧོ་ཧྥེའི(合肥)ཀུའོ་ཞིན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བརྡ་ཁྱབ་སྤེལ་ནས། སན་ཀྲི་ཡང་དྲ་རྒྱ་ཚན་རྩལ་ཚད་ཡོད་སྤྱི་གཉེར་གྱིས་ཐད་གཏོང་ཁྲོད“འཛད་སྤྱོད་པར་གོ་ནོར་ཐེབས་སུ་འཇུག་པའི”དོགས་པ་ཡོད་པའི་གྱོད་གཞི་ཐོ་འགོད་བརྟག་དཔྱད་བྱེད་རྒྱུ་རེད།

སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་ཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་དེ་སི་ཁྲོན་དང་། ཡུན་ནན། ཁྲུང་ཆིང་བཅས་ས་ཆ་མང་པོ་ཞིག་དང་འབྲེལ་བ་ཡོད་པའི་དུག་ཚོང་ཚོགས་པའི་དྲ་བ་ཞིག་རྩ་གཏོར་བཏང་བ་རེད།

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཐེངས་དང་པོར་རང་བརྟེན་ངང་ཞིབ་འཇུག་གསར་སྤེལ་བྱས་པའི་བར་སྣང་རྒྱང་ཤེལ་སྤྱད་ནས་ཟླ་བའིXའོད་ཀྱི་པར་རིས་ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད།

རང་རྒྱལ་གྱི་ཚན་ཞིབ་མི་སྣས་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ“གསེར་ཙོམ་གཡང་ཕོར”(金樽水玉杯)ཤེས་རྟོགས་བྱུང་།

སྲིད་ཇུས།

ཅང་སུའུ་ཡིས་ཡིག་ཆ་བཀྲམས་ནས་ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་རང་སྡོད་སྡོད་ཁང་གི་གློག་སྐས་གསར་སྐྲུན་དང་གསར་སྒྱུར་བསྒྱུར་བཀོད་བྱེད་པར་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཁོངས་རང་ཉིད་དང་བཟའ་ཟླ་ཕྱོགས་གཉིས་པོའི་ཕ་མའི་བར་བཅས་སུ་རྒྱ་སྐྱེད་བཏང་ཡོད།

ཧྲན་ཏུང་གིས་རྒན་གསོའི་སྒྲིག་གཞིས་རྒན་གསོའི་ཞབས་ཞུའི་འགྲོ་གྲོན་སྔོན་བསྡུ་བྱེད་པའི་དུས་ཡུན་རིང་ཤོས་ཟླ12ལས་བརྒལ་མི་ཆོག་པ་གཏན་འབེབས་ཁ་གསལ་བྱས་ཡོད།

ཅི་ལིན་གྱིས་ཡིག་ཆ་བཀྲམས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ཁྲོད་སློབ་མ་མི་སྒེར་གྱི་གསོ་སྦྱོང་ལ་ཞུགས་ཚད70%ཡན་ཟིན་པར། སློབ་མ་མི་སྒེར་གྱི་གསོ་སྦྱོང་ཞུགས་ཚད་ལ་གཞིགས་ནས་འོས་མཚམས་ཀྱི་གསོ་སྦྱོང་ཁ་གསབ་ལོངས་སྤྱོད་བྱས་ཆོག་པ་དང་། གསོ་སྦྱོང་ལ་ཞུགས་ཚད90%ཡན་ཟིན་པར་ཁ་གསབ་ཧྲིལ་བོ་ལོངས་སྤྱོད་བྱས་ཆོག་ཅེས་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

ཧོ་ནན་གྱི་དབུས་ཤར་རྒྱུད་དང་། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་ནུབ་བྱང་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ནང་སོག་གི་དབུས་རྒྱུད། ཧོ་པེ་ཡི་བྱང་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཧོ་ནན་གྱི་ཤར་རྒྱུད་དང་། ཨན་ཧུའེ་ཡི་བྱང་རྒྱུད། ཧྲན་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章