མཚོ་སྔོན་ཞིང་ཆེན་གྱིས་ཟླ་མཆོད་དུས་ཆེན་སྔ་ཕྱིའི་མཁོ་བསྟུན་ཐག་གཅོད་བྱ་བར་ཤུགས་སྣོན་བྱས།
གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་ཆར་ཞོད་ཆེ་བའི་དུས་སྐབས་ཡོལ་མེད་པ་དང་། གྲལ་བཤེར་བྱེད་མཚམས་མི་འཇོག་པ། དག་ཐེར་ལེགས་བཅོས་མཚམས་མི་འཇོག་པ་བཅས་ཀྱི་བླང་བྱ་ལྟར། གཙོ་བོ་རི་ཁུལ་ནས་ཁང་བ་བསྐྲུན་པ་དང་། གཞུང་ལམ་དང་ལྕགས་ལམ་འགྲམ་རྒྱུད། བཟོ་སྐྲུན་ཁུལ་དང་། ཡུལ་སྐོར་ཁུལ། སློབ་གྲྭ་ཆུང་འབྲིང་ཁུལ་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་ནས། ཕྱོགས་ཡོངས་ནས་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་སྐོར་བཤེར་བྱས་པ་དང་། ས་གཤིས་གནོད་འཚེ་དང་ཉེན་ཁ་ཡོད་སར་དུས་ཐོག་ཏུ་ཉེན་ཁའི་ཁུལ་ཁོངས་དབྱེ་ཞིང་། ཉེན་སྟོན་བྱང་བུ་བཞག་ནས། ཉེན་ཁ་ཐེབས་སླ་བའི་མི་སྣ་ཕྱིར་འཐེན་བྱས་པར་མ་ཟད་གནས་སྤོར་བདེ་འགོད་ལེགས་པོ་བྱས་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས།ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མ་མཐའི་བསམ་བློ་དམ་པོར་འཛུགས་པ་དང་། ཕྱོགས་ཡོངས་ནས་ཞོད་འགོག་གནོད་སེལ་གྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱེད་ཅིང་། མཉམ་འབྲེལ་ལས་སྒྲུབ་དང་འགན་འཁྲིའི་ལམ་ལུགས་ཀྱི་བྱ་བའི་རྣམ་པ་ཇེ་ལེགས་སུ་བཏང་བ་དང་། རིམ་པ་སོ་སོས་རྫོང་དང་ཡུལ་ཚོ། སྡེ་བ། ཚོ་ཆུང་། ཁྱིམ་ཚང་བཅས་རིམ་པ་སོ་སོའི་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ། དོགས་ཟོན་བྱེད་ཐབས་དང་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་བྱེད་ཅིང་། མི་མང་པོར་མཉམ་དུ་ཤི་རྨས་ཐེབས་པའི་གནས་ཚུལ་མི་འབྱུང་བའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་པ་དང་། རང་འགུལ་གྱིས་གཡོལ་ཐབས་བྱེད་པ་དེ་འགག་རྩའི་བྱེད་ཐབས་བྱས་ནས། ས་གཤིས་གནོད་འཚེའི་ཉེན་ཁའི་ཁུལ་དང་། དྲག་ཆར་འབབ་ཤས་ཆེ་བའི་ཁུལ། གནས་སྤོར་བདེ་འགོད་ཁུལ་དང་། མང་ཚོགས་ཕྱིར་འཐེན་བྱེད་ས་བཅས་ཀྱི་སྐོར་བཤེར་ཞིབ་བཤེར་དང་། བདེ་འཇགས་དོ་དམ་ཚོད་འཛིན། སློབ་གསོ་སློབ་སྟོན་བཅས་ཀྱི་བྱ་བར་ཤུགས་བསྣན་ལ། མང་ཚོགས་ལ་ཁ་གཏད་ནས་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། མང་ཚོགས་ཀྱི་གནོད་འགོག་ཉེན་གཡོལ་དང་རང་སྐྱོབ་གཞན་སྐྱོབ་ནུས་པ་མཐོར་འདེགས་སུ་བཏང་།ཡོང་ཁུངས། གངས་ལྗོངས་མེ་ལོང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/项吉当知
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系