ཟླ་མཆོད་གུང་གསེང་རིང་མཚོ་སྔོན་མྱུར་ལམ་འགྲིམ་འགྲུལ་ཚད་ཁྲི79.72ཟིན

政务   2024-09-19 16:09   青海  

ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་འགྲིམ་འགྲུལ་ཚད་ཁྲི79.72ཟིན།
2024ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་སྟེང་སྤྱིའི་འགྲིམ་འགྲུལ་ཚད་ཁྲི79.72ཟིན་ནས་ལྗང་མདོག་སྐྱེལ་འདྲེན་རླངས་འཁོར་ཁྲི0.34འགན་ལེན་བྱས་ཤིང་། ཤར་བགྲོད་གྲོན་དངུལ་སྒོར་ཁྲི55.76རིན་མེད་བཏང་བས་གཞུང་ལམ་དྲ་བ་འཁོར་སྐྱོད་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད།

སར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་སྟངས་འཛིན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གུང་གསེང་རིང་ཞིང་ཆེན་ཡོངས་ཀྱི་ཁྲལ་བསྡུ་ས་ཚིགས་སོ་སོས་འགན་ལེན་གྱི་ཞིབ་ཕྲའི་གནས་ཚུལ་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། རླངས་འཁོར་འཁོར་རྒྱུག་གི་དུས་བབ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ལས་རེས་དང་ལས་སྒྲུབ་སྟོབས་ཤུགས་ཆེ་རུ་གཏོང་བ། བློ་གྲོས་ཅན་གྱི་ལས་སྟེགས་སྤྱད་དེ་ལམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ནས་ལམ་གྱི་གནས་ཚུལ་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་སྤྱི་དམངས་ཕྱིར་སྐྱོད་པར་ཁྲིད་སྟོན་བྱས་ཡོད།  གཞུང་ལམ་དྲ་བའི་གཉེར་སྐྱོང་གི་གནད་དོན་སྣ་ཚོགས་མགྱོགས་མྱུར་སྒོས་ཐག་གཅོད་བྱས་པ་དང་། ཁ་ལོ་བ་དང་འགྲུལ་པའི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་སྒོས་སེལ་བ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རླངས་འཁོར་མགྱོགས་མྱུར་དང་གོ་རིམ་ལྡན་པའི་ངང་ཤར་བགྲོད་ཐུབ་པའི་འགན་ལེན་གང་ལེགས་བྱས།

མྱུར་བགྲོད་གཞུང་ལམ་བདག་སྐྱོང་སྡེ་ཁག་དང་འཕྲུལ་གློག་སྐྱེལ་འདྲེན་འགན་སྲུང་རུ་ཆེན་སོ་སོ། བཟོ་ཁུལ་ཁག་གིས"འཚང་གཡོལ་དུས་གཡོལ"གྱི་བདག་སྐྱོང་བྱ་བ་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་སྐོར་ཞིབ་ཐེངས་མང་བྱེད་ཤུགས་ཆེ་རུ་བཏང་ནས། གཟར་ངོས་རྡོ་ཟགས་དང་འགྲིམ་འགྲུལ་དོན་རྐྱེན་སོགས་ཐོལ་བྱུང་གནས་ཚུལ་ཐག་གཅོད་ནུས་ལྡན་བྱས།


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/青海日报 

责编/格日加布

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章