གཅིག མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ། (ཟླ9པའི་ཚེས16ཉིན་ནས་ཚེས22ཉིན་བར།)
སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་གནམ་རུབ་པ་དང་ཆར་ཆུ་མང་དུ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད། ཟླ9པའི་ཚེས18ཉིན་ནས་ཟླ9པའི་ཚེས19ཉིན་བར། ཁུལ་ཡོངས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་ཞིང་། དེའི་རིང་སེར་བ་འབབ་པ་དང་། དུས་ཐུང་ནང་དྲག་ཆར་འབབ་པ་དང་ཐོག་རྒྱག་རླུང་གཡུག་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་འབྱུང་རྒྱུ་རེད། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར།
ཟླ9པའི་ཚེས16ཉིན། ཁུལ་ཡོངས་ལ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་རེད།
ཟླ9པའི་ཚེས17ཉིན། ཁུལ་ཡོངས་ལ་ཐོལ་ཆར་འབབ་རྒྱུ་རེད།
ཟླ9པའི་ཚེས18ཉིན་ནས་ཟླ9པའི་ཚེས19ཉིན་བར། ཁུལ་ཡོངས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་ཞིང་། ཆར་ཆུ་འབབ་ཚད་ཧའོ་སྨི20ནས45བར་ཟིན་རྒྱུ་རེད།
ཟླ9པའི་ཚེས20ཉིན་ནས་ཟླ9པའི་ཚེས22ཉིན་བར། ཁུལ་ཡོངས་ལ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་རེད།
2. ཟླ9པའི་ཚེས18ཉིན་ནས་ཟླ9པའི་ཚེས19ཉིན་བར། ཁུལ་ཡོངས་ལ་མངོན་གསལ་གྱི་ཆར་ཆུ་འབབ་པའི་གནམ་གཤིས་བརྒྱུད་རིམ་འབྱུང་རྒྱུ་ཡིན་པས། གློག་འཁྱུག་ཐོག་རྒྱག་དང་ཐོག་རྒྱག་རླུང་གཡུག དུས་ཐུང་ནང་དྲག་ཆར་དང་སེར་བ་འབབ་པ་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་དང་ཞིང་ཕྱུགས་ལས་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་དོ་སྣང་བྱ་དགོས།
3. གཟའ་འཁོར་འདིར་ཆར་ཆུ་འབབ་ཚད་མང་བ་དང་། དུས་མགོའི་ཆར་འབབ་ཁུལ་དང་རིམ་བརྩེགས་བྱེད་སྲིད་པས་འབྲེལ་ཡོད་སྡེ་ཁག་གིས་ཆར་ཆུ་རིམ་བརྩེགས་བྱས་པ་ལས་འབྱུང་སྲིད་པའི་ས་གཤིས་གནོད་འཚེར་དོ་ཁུར་བྱས་ཏེ། ས་གཤིས་གནོད་འཚེའི་མངོན་མེད་ཉེན་ཁ་གྲལ་བཤེར་དང་ཆུ་ལོག་སྔོན་འགོག་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས། འགོག་སྲུང་བྱ་ཐབས་ནུས་ལྡན་སྤྱད་དེ་ས་གཤིས་ཀྱི་གནོད་འཚེ་འབྱུང་རྒྱུར་སྔོན་འགོག་བྱེད་དགོས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
来源/海北州气象台
责编/格日加布
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系