མཚོ་བྱང་ཁུལ་ལ་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བཏང་འདུག

政务   2024-09-19 11:40   青海  

མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་ཟླ9པའི་ཚེས19ཉིན་གྱི་ཆུ་ཚོད11དང་སྐར་མ10སྟེང་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བཏང་བ་སྟེ། སྔོན་དཔག་བྱས་པ་ལྟར་ན་ཟླ9པའི་ཚེས19ཉིན་གྱི་ཆུ་ཚོད12ནས་ཚེས20ཉིན་གྱི་ཆུ་ཚོད12བར་མདའ་བཞི་དང་འཇུ་ལག་གི་ནུབ་རྒྱུད། མདོ་ལའི་ཤར་རྒྱུད། རྐང་ཚའི་ས་ཁུལ་མང་ཆེ་བ་བཅས་ལ་ཆར་ཆེན་འབབ་རྒྱུ་ཡིན་ཞིང་། རིམ་རྩིས་བྱས་ནས་ཆར་འབབ་ཚད་ཧའོ་སྨི25ཡན་ཟིན་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་ཧའོ་སྨི35ཡན་ཟིན་རྒྱུ་རེད། ཆེས་འབབ་དུས་ཆུ་ཚོད་རེའི་ནང་ཧའོ་སྨི15ནས20བར་ཟིན་རྒྱུ་ཡིན་ཞིང་། ཆར་འབབ་ཚད་གཙོ་བོ་ཚེས19ཉིན་གྱི་དགོང་མོ་རེད། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། ཆུ་བོ་ཆུང་འབྲིང་གི་ཆུ་ལོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁྱིལ་ཆུའི་གནོད་སྐྱོན་སོགས་ཞོར་ཐོན་གནོད་འཚེ་འབྱུང་ཉེན་ཆེ་བས་དོགས་ཟོན་བྱ་དགོས།
འགོག་སྲུང་ཕྱོགས་སྟོན།
1.དྲག་ཆར་འབབ་པའི་ས་ཁུལ་གྱི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལྟར་ཞོད་འགོག་བྱ་བ་ལེགས་པོར་བསྒྲུབ་དགོས།   
2.སློབ་གྲྭ་དང་བྱིས་སྗོར་ཁང་གིས་འགོག་སྲུང་བྱེད་ཐབས་སྤྱད་དེ་། སློབ་མ་དང་བྱིས་པའི་བདེ་འཇགས་ལ་འགན་ལེན་བྱ་དགོས།     
3.ཁ་ལོ་པས་གཞུང་ལམ་དུ་ཆུ་གསོག་ཡོད་པ་དང་འགྲིམ་འགྲུལ་འགག་པ་སོགས་ལ་དོ་སྣང་བྱས་ནས་རླངས་འཁོར་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས།   
4.ཕྱི་རོལ་དུ་སྐམ་ཡོད་པའི་དངོས་པོ་ནང་དུ་བླངས་ནས་རློན་པ་མི་བྱེད་པར་བྱ་དགོས།
5.ས་དམའ་ས་དང་ཉེན་ཁ་ཡོད་པའི་ཁང་པའི་ཕྱི་རོལ་གྱི་གློག་ཁུངས་གཅོད་དགོས།
6.གྲོང་ཁྱེར་དང་ཞིང་ཁ། ཆུ་རགས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་བྱས་ཏེ་འཁྱིལ་ཆུ་ཕྱིར་འབུད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ་དང།

ཆུ་མཛོད་ཀྱི་བདེ་འཇགས་ཆུ་གནས་རྒྱུན་འཁྱོངས་བྱ་དགོས།  

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台   

责编/项吉当知

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章