མཚོ་བྱང་མདོ་ལའི་ནགས་ཚལ་ཉེན་རྟོག་པས་ཁྲིམས་འགལ་ངང་རི་དྭགས་རྔོན་པའི་གྱོད་གཞི་ཞིག་རྩད་ཆོད་པ།
ཉེ་ཆར། མཚོ་བྱང་ཁུལ་མདོ་ལ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་འགལ་ངང་རི་དྭགས་རྔོན་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་ལ། ཡུལ་དངོས་ནས་དོགས་ཡོད་ཉེས་ཅན3བཟུང་ཞིང་། འཕྱི་རོ21རྩད་ཆོད།
ཟླ9པའི་ཚེས4ཉིན། མཚོ་བྱང་ཁུལ་མདོ་ལ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས“མི་འགའ་ཞིག་གིས་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་དར་ལུང་ལུང་བ་རུ་འཕྱི་བ་འཛིན་བཞིན་འདུག”ཅེས་ཉེན་བརྡ་བཏང་། ཉེན་བརྡ་འབྱོར་རྗེས། མི་དམངས་ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་གྱོད་གཞི་བྱུང་སའི་ཉེ་འགྲམ་དུ་ཡོད་པའི་དོགས་ཡོད་མི་སྣ་དང་དེ་བཞིན་རླངས་འཁོར་ལ་མཐིལ་རྟོགས་བྱས་ཤིང་། ཀན་སུའུ་མིན་ལིག་གི་སྡོད་དམངས་ཧན་ཆེ་གེ་མོ་དང་ཝང་ཆེ་གེ་མོ། ཝང་ཆེ་གེ་མོ་བཅས་གསུམ་གྱིས་སྐོར་བའི་བྱེས་བགྲོད་རླངས་འཁོར་དཀར་པོ་ལ་དོགས་གཞི་ཡོད་པ་ཤེས་ཏེ་འཕྲལ་མར་བཀག་ནས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད། རླངས་འཁོར་ནང་འཕྱི་བའི་རོ་གང་མང་དང་རྔོན་རྒྱག་ཡོ་བྱད། རས་ཁུག་བཅས་མང་པོ་ཡོད་པ་ཤེས་རྟོགས་བྱུང་། འདྲི་རྩད་བྱས་པ་བརྒྱུད། མི་གསུམ་གྱིས་སྨན་ཆུ་དང་རྙི་བེད་སྤྱད་དེ་འབྲོང་ལུང་ཡུལ་ཚོ་དར་ལུང་ལུང་བའི་ཕྱུགས་རར་འཕྱི་བ་འཛིན་བཟུང་བྱས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ངོས་ལེན་བྱས། མིག་སྔར། དོགས་ཡོད་ཉེས་ཅན་གསུམ་པོར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད་པ་དང་གྱོད་གཞི་སྔར་ལས་མྱུལ་ཞིབ་བྱེད་བཞིན་པའི་སྒང་ཡིན།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北州公安局森警支队
责编/项吉当知
监制/杨本才让 总监制/刘增奎
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系