སང་ཉིན། ང་ཚོ་འཇུ་ལག་ནས་འཛོམས་ཡོང་།

政务   2024-09-07 16:19   青海  



"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་

འགྲན་སྡུར་ཆེན་མོ།


མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁགV
Sམཚོ་ཤར་མཚོ་སྔོན་འཐེན་ཐུག་རུ་ཁག

དུས་ཚོད། ཟླ9པའི་ཚེས8ཉིན། (གཟའ་ཉི་མ།) ཆུ་ཚོད15:00

ས་གནས། འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བ།


རང་སའི་རུ་ཁག:མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག

མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གི་རུ་རྟགས་དེ་ཕྱི་ནང་རིམ་པ་གཉིས་ཀྱིས་གྲུབ་ཡོད་ལ།  ནང་གི་རིམ་པ་དེ་མདོ་ལའི་བོད་ལུག་དང་རྐང་གྲུག་གཉིས་ཀྱིས་གྲུབ་ཡོད་པ་དང་།  ཕྱིའི་རིམ་པ་ནས་ཀྱི་སྙེ་མས་བཏུམས་ཡོད། རུ་རྟགས་དེས་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རུ་རྟགས་ཀྱི་ལྷུ་ལག་ཚང་མ་དམ་དུ་འབྲེལ་ཡོད་པ་དེས་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་བུ་དང་བུ་མོ་ཚོ་སེ་འབྲུ་བཞིན་དམ་དུ་སྦྲེལ་ཏེ་ཁྲག་རྒྱུན་རྒྱུན་མཐུད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་མཚོན་ཡོད།  རུ་རྟགས་ཀྱི་དཀྱིལ་དུ་ཀྲུང་གོའི་ལུག་གྲགས་ཅན་དྲུག་གི་ཡ་ཀྱལ་ཡིན་པའི་མདོ་ལའི་ལུག་གཙོ་བོ་བྱས་ནས་བཟོས་ཡོད། མདོ་ལའི་བོད་ལུག་ནི་མཚོ་བྱང་ཁུལ་གྱི་མདོ་ལ་རི་འདབས་ཀྱི་ཕྱུགས་རའི་ས་ཁོངས་སྤྱི་བའི་མིང་བྱང་འོག་གི་ཁྱད་ལྡན་མིང་བྱང་གཙོ་བོ་ཞིག་ཡིན་པའི་ཆ་ནས།   གཙོ་བོ་མདོ་དབུས་མཐོ་སྒང་གི་མདོ་ལ་རི་རྒྱུད་དུ་འཚོ་སྡོད་བྱས་ཡོད། དེའི་འཚོ་གནས་ཀྱི་ཁོར་ཡུག་ནི་ཐུན་མིན་ཁྱད་དུ་འཕགས་ཤིང་ས་བབ་ཅུང་མཐོ་བ་དང་གནམ་གཤིས་ལ་གྲང་ངར་ཆེ་ནའང་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་ཡོད་པ་མཚོན།  


སྐུ་མགྲོན་རུ་ཁག:མཚོ་ཤར་མཚོ་སྔོན་འཐེན་ཐུག་རུ་ཁག


མཚོ་ཤར་མཚོ་སྔོན་འཐེན་ཐུག་རུ་ཁག་གི་རུ་རྟགས་དེ“ཉི་སེར”དང“གངས་རི”། “རྐང་གྲུག”། “གྲོ་སྙེ”།“འཐེན་ཐུག”། “ཕུབ”སོགས་གཞི་རྒྱུ་སྣ་མང་མཉམ་འདྲེས་ཀྱིས་ཇུས་འགོད་བྱས་པ་ཞིག་ཡིན། ཉི་སེར་གྱིས་ཉི་གཞོན་ཐོན་ལས་མཚོན་ལ། དེས་མང་ཚོགས་རྐང་གྲུག་གམ་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པ་མཚོན། གངས་རི་ཡིས་མཚོ་སྔོན་གྱི་ས་ཁོངས་གནས་ཡུལ་མཚོན། གྲོ་སྙེ་ཡིས་གྲུབ་འབྲས་དང་དར་རྒྱས། མཐུན་སྒྲིལ། མཛའ་བརྩེ་བཅས་མཚོན་ཞིང་། དེས་སྐྱེ་སྟོབས་དང་རེ་བ་མཚོན། སྤྱི་མཚན་གྱི་ཐིག་རིས་ཀྱིས་ཕྱོགས་གཅིག་ནས་ཆུའི་གཞི་རྒྱུ་དང་མུ་འབྲེལ་གྱི་རི་རྒྱུད་མཚོན་ལ། ཕྱོགས་གཞན་ཞིག་ནས་མཚོ་སྔོན་གྱི་འཐེན་ཐུག་དེ། “ཕྱུག་འགྱུར་གྱི་ཐུག་པ”དང“འཆམ་མཐུན་གྱི་ཐུག་པ”“བདེ་སྐྱིད་ཀྱི་ཐུག་པ”ཞིག་ཡིན་པར་མཚོན།  སྤྱིའི་རྣམ་པ“ཕུབ”དབྱིབས་ཀྱིས་འགྲན་བསྡུར་ཁྲོད་ཀྱི་བཀག་འགོག་དང་འགོག་སྲུང་། ཕར་རྒོལ་བཅས་མཚོན་ཡོད།









ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章