གཏམ་བཟང་། མཚོ་བྱང་ཁུལ་དུ་རྒྱལ་ཁབ་ཀྱི3Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསུམ་ཇེ་མང་དུ་ཕྱིན་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས《ཡུལ་སྐོར་ལྗོངས་ཁུལ12རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(མཚོ་སྔོན་རིག་གནས་ཡུལ་སྐོར[2024]ཨང376)སྤེལ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དབྱེ་བ་དང་དཔྱད་བསྡུར་གཏན་འབེབས》དང《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱ་ཐབས》གཞིར་བཟུང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་སྒྲིག་འཛུགས་བྱས་པར་མ་ཟད། 2024ལོའི་ཟླ12པའི་ཚེས26ཉིན་ཡོངས་བསྒྲགས་ལེགས་གྲུབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ12རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱས། དེའི་ནང་མཚོ་བྱང་ཁུལ་འཇུ་ལག་རྫོང་མེ་ལྷ་གངས་དཀར་ལྗོངས་ཁུལ་དང་། མདོ་ལ་རྫོང་གི་ལབ་ཙེ་སྒང་ལྗོངས་ཁུལ། བློན་པོ་བྱ་རྒོད་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་དཔྱད་བསྡུར་གཏན་འབེབས་བྱས་ཡོད་པ་རེད།
བློན་པོ་བྱ་རྒོད་ལྗོངས་ཁུལ།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州旅游综合服务中心
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原者所有,如有侵权请立即与我们联系