ཡུས་ཧྲུའུ་སྤྱི་བདེ་ཡིས་དྲ་དཔོན་གཉིས་ལ་ཆད་པ་བཅད་འདུག

政务   2025-01-04 15:00   青海  
ཉེ་ཆར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དྲ་འཕྲིན་གཞུང་དོན་ཁང་དང་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་དྲ་བདེ་རུ་ཆེན་གྱིས་དྲ་རྒྱའི་བདེ་འཇགས་སྐོར་ཞིབ་ཁྲོད། མངའ་ཁུལ་གྱི་དྲ་དཔོན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་གཉིས་ཀྱིས་ཐད་གཏོང་བྱེད་སྐབས། བྱ་སྤྱོད་ཐ་ཤལ་དང་སྐད་ཆ་བཙོག་པ་བཤད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཐད་གཏོང་བྱས་པའི་ཆད་གཅོད་ནང་དོན་དེ་བས་ཀྱང་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་སྤྱི་པའི་སྲོལ་བཟང་དང་འགལ་ཡོད་པ་དང་། རྒྱ་ཆེའི་དྲ་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་པ་རེད། དེའི་སྐབས་སུ་དྲ་དམངས་བརྒྱ་ལྷག་གིས་ཐད་གཏོང་ལ་ལྟ་བཞིན་ཡོད་པར་མ་ཟད། ཐད་གཏོང་བརྙན་དུ་ཕབ་ནས་དྲ་ཐོག་ཏུ་ཁྱབ་སྒྲོག་ཡང་བྱས་པས་ཤུགས་རྐྱེན་ངན་པ་བཟོས།
ཟླ12པའི་ཚེས31ཉིན། ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དྲ་འཕྲིན་གཞུང་དོན་ཁང་གིས་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་དྲ་བདེ་རུ་ཆེན་དང་མཉམ་འབྲེལ་འོག ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་གཉིས་ལ་ལས་དོན་མི་སྣས་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་བཤད་པ་དང་། དྲ་དཔོན་གཉིས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《དྲ་སྦྲེལ་ཐད་གཏོང་ཞབས་ཕྱིའི་དོ་དམ་གཏན་འབེབས》《དྲ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་དང་ཁྱབ་གདལ་བཏང་སྟེ། དྲ་ཐོག་བྱ་སྤྱོད་ཀྱི་ཚད་གཞི་དང་བླང་བྱ་ཁ་གསལ་བཟོས་ཤིང་། དྲ་ལམ་ནི་ཁྲིམས་མེད་ལུགས་མེད་ཀྱི་གནས་ཤིག་མིན་པས། བསམ་སྦྱོར་གང་ཡིན་རུང་ཚང་མས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་སྲུང་བྱ་དགོས་པའི་སྐྱོན་བརྗོད་སློབ་གསོ་བྱས།

བསོད་ཆེ་གེ་མོ་དང་བུ་ཆེ་གེ་མོ་ཡི་ཐད་གཏོང་ཨང་གྲངས་སོ་སོར་ཉིན15དང་ཟླ1གི་རིང་ལ་སྒོ་རྒྱག་པའི་ཆད་གཅོད་བྱས།

ཡོང་ཁུངས། ཡུས་ཧྲུའུ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། 

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章