➤ཚེས30ཉིན་གྱི་དགོང་མོར། ལོ་གསར་གྱི་ཟློས་གར་དགོང་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་སོགས་དགོང་ཚོགས་སུ་ཞུགས་ནས་ལྟད་མོར་བལྟས།
➤རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས31ཉིན་གྱི་དགོང་མོའི་ཆུ་ཚོད7པར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་དང་དྲ་སྦྲེལ་བརྒྱུད2025ལོའི་ལོ་གསར་གྱི་རྟེན་འབྲེལ་ཞུ་ཚིག་སྤེལ་རྒྱུ་རེད།
➤ཟླ12པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཟུར་པ་ཅི་མི·ཁ་ཐེ་སྐུ་གཤེགས་པར་ཨ་རིའི་ཙུང་ཐུང་པའེ་ཏེང་ལ་མྱ་ངན་གློག་འཕྲིན་བཏང་བ་རེད།
➤ཟླ12པའི་ཚེས30ཉིན།《ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་རྩ་གནད》དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
➤ཚེས30ཉིན། ཆེས་མཐོའི་ཁྲིམས་ཁང་གིས་ཡིག་ཆ་སྤེལ་ནས་དོ་བདག་གི་གཏུག་བཤེར་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ་དང་། འགལ་བ་དང་རྩོད་གཞིའི་ཐག་གཅོད་དང་ཐེངས་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གཏན་འབེབས་བྱས་ཡོད།
➤ཚེས30ཉིན། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་གིས《ཀྲུང་གོའི་བར་སྣང་ས་ཚིགས་ཚན་རིག་ཞིབ་འཇུག་དང་ཉེར་སྤྱོད་འཕེལ་རིམ་སྙན་ཞུ》(2024ལོ)ཡོངས་བསྒྲགས་ངང་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད།
➤ཚེས30ཉིན། འཛམ་གླིང་ཐོག་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་སྟེ། ཐེན་ཧྲན་ཧྲིན་ལི་ཕུག་ལམ་ལམ་ཐིག་ཧྲིལ་པོ་འབྲེལ་མཐུད་བྱུང་ཡོད། རླངས་འཁོར་ཤར་གཏོང་བྱས་རྗེས་ཤིན་ཅང་གི་ལྷོ་བྱང་བར་ཆོད་པའི་ཐེན་ཧྲན་རི་བོ་བརྒལ་བར་སྐར་མ20ལྷག་ཙམ་ལས་དགོས་ཀྱི་མེད་པ་རེད།
➤ཚེས30ཉིན། འཛམ་གླིང་ཐོག་ཨར་འདམ་ངོས་པང་མཐོ་ཤོས་ཀྱི་བྱེ་ཧྲིལ་ཆུ་རགས་སྟེ། ཤིན་ཅང་ཏ་ཧྲི་ཞ་ཆུ་བེད་ལྟེ་གནས་ལས་གྲྭའི་ཆུ་རགས་ཀྱི་གྱང་ཁ་ལེགས་འགྲུབ་བྱུང་ནས་ཐོག་མའི་འཆར་གཞི་ལས་ཟླ་བ་བརྒྱད་ཀྱི་སྔ་སྣུར་དུ་དམིགས་ཚད་གལ་ཆེན་ལེགས་གྲུབ་བྱུང་བ་རེད།
➤ཚན་རྩལ་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་གྲོན་དངུལ་ཐོག་མར་སྒོར་དུང་ཕྱུར200བརྒལ་བ་རེད།
➤ནོར་སྲིད་པུས་སྡེ་ཁག་སོ་སོའི་ལོ་འཁོར་གྱི་གཞུང་དོན་རླངས་འཁོར་ཉོ་སྒྲུབ་སྡོམ་འབོར་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་རྩ་དོན་ཐོག30%ལས་དམའ་མི་རུང་ཞེས་ཁ་གསལ་བཟོས་ཡོད།
➤ཚེས30ཉིན། ཧན་གོའི་ཙུང་ཐུང་ལས་ཚབ་ཚུའེ་ཤང་མུའུ་ལ་གྲོང་མིའི་ཚོགས་པས་ནང་ཟིང་ཇུས་འགོད་དང་དེའི་ནང་ཞུགས་པ། དེར་གཞོགས་འདེགས་བཅས་བྱེད་པའི་དོགས་གཞི་ཡོད་པའི་སྐྱོན་འདོན་ཞུ་གཏུག་བྱས་པས་ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད།
སྤྱི་ཚོགས།
➤ཉེ་ཆར། རང་རྒྱལ་གྱི་ས་ཁུལ་མང་ཆེ་བ་གཅིག་རྗེས་གཉིས་མཐུད་དུ་དྲོད་ཚད་སླར་གསོ་བྱུང་ཡོད། སྔོན་དཔག་བྱས་པར་གཞིགས་ན། ལོ་གསར་ཉིན་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་དང་ཁངས་འབབ་པའི་གནས་ཚུལ་ཉུང་བ་དང་། གནམ་ཐང་བ་ནས་སྤྲིན་མང་བའི་གནམ་གཤིས་ཡིན་པས། འགྲོ་འོང་བྱེད་པར་འཚམ་པ་རེད།
➤ཚེས30ཉིན། ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཞིབ་བཤེར་བྱས་པ་བརྒྱུད། འབར་མ་བྱང་རྒྱུད་ཀྱི་གོ་ཀན་མིང་ཅ་ཉེས་གསོག་ཚོགས་པའི་ཁོངས་མི་དང་འབྲེལ་ཡོད་ཉེས་གསོག་ཚོགས་པའི་ཁོངས་མི་མིང་གོ་ཕིང་དང་མིང་ཀྲེན་ཀྲེན་སོགས་མི39ལ་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།
➤ཚེས30ཉིན། ཧོ་པེ་ཧན་ཏན་གྱི་དམའ་རིམ་སློབ་འབྲིང་གི་སློབ་མ་བསད་པའི་གྱོད་དོན་ལ་འདྲི་གཅོད་དང་པོའི་ཁྲིམས་བཅད་བྱས།
➤མིག་སྔར། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21ཡིས་གཉེན་སྒྲིག་ཐོ་འགོད་ཀྱི“ཞིང་ཆེན་ལས་བརྒལ་ནས་སྒྲུབ་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཟླ11པའི་ཟླ་མཇུག་བར་དུ“ཞིང་ཆེན་ལས་བརྒལ་ནས་སྒྲུབ་པའི”གཉེན་སྒྲིག་ཁྲི45ཐོ་འགོད་བྱས་ཡོད་པ་རེད།
➤རྒྱལ་ཡོངས་དམངས་སྲིད་ལས་དོན་ཚོགས་འདུའི་གནས་ཚུལ་ལ་གཞིགས་ན། རང་རྒྱལ་གྱིས2025ལོར་ཡོང་འབབ་དམའ་བའི་མི་འབོར་ངོས་འཛིན་བྱེད་ཐབས་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཐབས་བཟོ་རྒྱུ་ཡིན་པ་རེད།
➤ རིག་གནས་གནས་སྐོར་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རིག་གནས་དང་གནས་སྐོར་པུའུ་ཡི་ལག་རྩལ་གསར་གཏོད་ལྟེ་གནས11ཀྱིས་འཛུགས་སྐྲུན་དུས་ཡུན་གྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་ནས་དངོས་སུ་འཁོར་སྐྱོད་བྱེད་བཞིན་ཡོད།
➤ ཚེས30ཉིན། ལྕགས་ལམ12306ཡིས་སྤ་སེ་ཉོ་བའི་ཆ་འཕྲིན་སྔོན་ལ་སྐོང་བའི་ཞབས་ཞུ་སྔར་བས་ལེགས་སུ་བཏང་སྟེ། “མ་ལག་གིས་སྤ་སེ་ཉོ་བའི་མངགས་ཐོ་རང་འགུལ་ངང་སྤྲོད་པའི”ནུས་པ་ཚོད་ལྟ་བྱས་ནས་བཏོན་པ་རེད།
➤ཚེས28ཉིན་གྱི་ཆུ་ཚོད23དང་སྐར་མ46བར། རང་རྒྱལ་གྱི2024ལོའི་ལོ་འཁོར་གྱི་གློག་བརྙན་ལྟ་མཁན་མི་གྲངས་དུང་ཕྱུར10ལས་བརྒལ་ཡོད།
➤ཅང་སུའུ་ནན་ཐུང་གི་སྐྱེས་པ་ཞིག་མགྱོགས་ཟས་ཟ་ཁང་དུ་ཟ་མ་ཟ་སྐབས་ཟས་རིགས་ཀྱིས་མིད་པ་འགག་པས། ཚོང་བདག་ཝུའུ་ཏན་ཧུའེ་འཕྲལ་མར་མདུན་དུ་བསྐྱོད་དེ་ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་བྱ་ཐབས་སྤྱད་དེ་འགྲུལ་བ་དེའི་ཉེན་ཁ་བདེ་རུ་བསྒྱུར་རོགས་བྱས་པ་རེད།
སྲིད་ཇུས།
➤པེ་ཅིན་གྱིས2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་། གསོག་ཉར་ཁང་བའི(存量房)སྤྱི་གསོག་མ་དངུལ་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་གཏོང་རྒྱུའི་ཁ་གསལ་བཟོས་ཡོད།
➤ཐེན་ཅིན་གྱིས2025ལོ་ནས་བཟུང་། གྲོང་ཁྱེར་འདིའི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་བསྟུད་མར་ལོ་བཞི་ཞུགས་པའི་འགན་བཅོལ་ནང་ཞུགས་མཁན་མི་སྣར་སྒོ་བསྟེན(འཕྲལ་བཅོས)སྨན་བཅོས་ཀྱི་རྩིས་ཞུ་ཐོབ་ཐང་མཐོ་རུ་གཏོང་རྒྱུ་དང་། སྒོ་བསྟེན(འཕྲལ་བཅོས)སྨན་བཅོས་ཀྱི་དངུལ་སྤྲོད་ཚད་མཐོ་ཤོས་སྒོར1000མཐོ་རུ་གཏོང་རྒྱུའི་ཁ་གསལ་བཟོས་ཡོད་པ་རེད།
➤ཧུའུ་པེས་གྲོང་གསེབ་ཀྱི་རྫབ་རླངས་སྒྲིག་བཀོད་སྤྱོད་བཞིན་པ་དང་། བེད་མེད་དུ་འཇོག་པ། སྤྱོད་སྒོ་སྒྱུར་བཅོས། བེད་མེད་དུ་གཏོང་བ་བཅས་ཀྱི་རྣམ་པ་ལྟར། ཡིག་ཚགས་དང་བྱང་བུ་འཛུགས་པར་ཁྱིམ་ཚང་དང་རྫབ་རླངས་རྫིང་བུ་གཅིག་ཀྱང་མི་ལུས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
དེ་རིང་གི་གནམ་གཤིས།
➤ཧེ་ལུང་ཅང་གི་དབུས་ཤར་རྒྱུད་དང་། ཅི་ལིན་ཤར་རྒྱུད། ནང་སོག་བྱང་ཤར་རྒྱུད་། ཞིན་ཅང་བྱང་རྒྱུད་དང་ཞིན་ཅང་ལྷོ་ནུབ་རྒྱུད་རི་ཁུལ། སི་ཁྲོན་ནུབ་རྒྱུད་ས་མཐོ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་། ཞིན་ཅང་ཨ་ལེ་ཐའེ་དང་ཐ་ཁྲེང་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ཤར་རྒྱུད། ཀུའེ་ཀྲོའུ་དབུས་ནུབ་རྒྱུད་དང་། ཡུན་ནན་ལྷོ་རྒྱུད་དང་བྱང་ཤར་རྒྱུད་། ཐའེ་དབན་གླིང་ཕྲན་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/格日加布
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系