སྨོན་ལམ་མཐོན་པོ་ནས་མི་སྟོང་གི་རྐང་བགྲོད་མཐོ་འཛེཊ་བྱེད་སྒོ་སྤེལ།

政务   2025-01-02 15:06   青海  

རྒྱལ་ཡོངས་མང་ཚོགས་གངས་འཁྱགས་དུས་ཚིགས་ཀྱི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་གི2025ལོའི་རྒྱལ་ཡོངས་ཀྱི་ལོ་གསར་མཐོ་འཛེགས་ལུས་སྦྱོང་ཚོགས་ཆེན་སྐབས་བཅུ་གཅིག་པའི་མཚོ་སྔོན་ཡན་ལག་ཚོགས་ར་དང་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོ་ལས2025ལོའི"ལོ་གསར་བསུ་བའི"སྨོན་ལམ་མཐོན་པོའི་སྒང་ལ་མི་སྟོང་གི་རྐང་ཐང་མཐོ་འཛེགས་བྱེད་པའི་བྱེད་སྒོ་སྤེལ། 

2024ལོའི་ཟླ12པའི་ཚེས31ཉིན། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་དང་། ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས། ནུབ་མཚོ་རིག་གནས་ཡུལ་སྐོར་སྨྱན་སྦྱོར་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་རྒྱལ་ཡོངས་མང་ཚོགས་གངས་འཁྱགས་དུས་ཚིགས་ཀྱི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་གི2025ལོའི་རྒྱལ་ཡོངས་ཀྱི་ལོ་གསར་མཐོ་འཛེགས་ལུས་སྦྱོང་ཚོགས་ཆེན་སྐབས་བཅུ་གཅིག་པའི་མཚོ་སྔོན་ཡན་ལག་ཚོགས་ར་དང་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོ་ལས2025ལོའི"ལོ་གསར་བསུ་བའི"སྨོན་ལམ་མཐོན་པོའི་སྒང་དུ་མི་སྟོང་གི་རྐང་བགྲོད་མཐོ་འཛེགས་བྱེད་སྒོ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་ནས་འཚོགས་མགོ་བརྩམས། 


ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རིན་འོས་མི་ཆན་གོ་ཆིན། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཅུས་ཀྲང་གཞོན་པ་ལིའུ་ཞིན་ཧའེ།  ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི།  ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན། ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན། ཞིང་ཆེན་ལུས་རྩལ་ཅུས་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས། ཞིང་ཆེན་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས། ཁུལ་ཐད་གཏོགས་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བྱེད་སྒོར་ཞུགས།  ཀྲང་ཧྲིང་ཡོན་གྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ལིའུ་ཞིན་ཧའེ་ཡིས་ཤིས་ཚིག་ཕུལ། མ་རུའུ་ཞང་གིས་གཙོ་སྐྱོང་གནང་།    

ལིའུ་ཞིན་ཧའེ་ཡིས་ཤིས་ཚིག་ཁྲོད་བསྟན་དོན། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་གཏིང་ཟབ་ཏུ་སྤེལ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བྱང་ཚད་དང་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད།   མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་པ”དང“གངས་འཁྱག་ཀྱང་གསེར་རི་དང་དངུལ་རི་ཡིན”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་དང་རང་འགུལ་ངང་མཉམ་འདྲེས་དང་ཞབས་ཞུ་བྱེད་པ་དང་། འགྲན་སྡུར་ལས་སྟེགས་བསྐྲུན་ནས་གངས་འཁྱག་ཕྱི་རོལ་གྱི་ལུས་རྩལ་སྔར་ལས་ཁྱབ་གདལ་གཏོང་བ་དང་། གངས་འཁྱག་དཔལ་འབྱོར་འཕེལ་རྒྱས་གཏོང་བ། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”བཅས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།   རྒྱལ་ཡོངས་མང་ཚོགས་གངས་འཁྱགས་དུས་ཚིགས་སྐབས་བཅུ་གཅིག་པདང་ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་སོ་སོར་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གངས་འཁྱག་ཕྱི་རོལ་བྱེད་སྒོ་སྤེལ་ལ། 2024ལོར་ཞིང་ཆེན་ཡོངས་ཀྱིས་གངས་འཁྱགས་ཕྱི་རོལ་བྱེད་སྒོ་ཁྱོན་རྣམ་གྲངས་ཆེན་པོ18དང་རྣམ་གྲངས་ཆུང་གྲས63སྤེལ་བ་དང་གངས་འཁྱག་ལུས་རྩལ་གང་སར་དར་རྒྱས་བྱུང་བས།  མང་ཚོགས་ཀྱི་དགུན་དུས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། དགུན་དུས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་མང་དུ་གཏོང་བ། འཛད་སྤྱོད་ལ་སྐུལ་ཁྲིད་བཅས་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་གསོན་ཤུགས་བསྣན་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་བྱང་ཁུལ་གཉིས་ཀྱིས་ཐུན་མོང་ཐོག་སྨོན་ལམ་མཐོན་པོ་དེ་རི་ཁུལ་ཕྱི་རོལ་ལུས་རྩལ་འགྲན་སྡུར་གྱི་ཆས་རྟགས་ཞིག་ཏུ་བཏོད་དེ་གསར་བརྗེའི་ཉམས་ཞིབ་དང་རི་ཁུལ་ཕྱི་རོལ་ལུས་རྩལ།  རྐང་ཐང་སྒར་འདེབས་བྱེད་སྒོ་བཅས་གཞི་གཅིག་ཏུ་གྱུར་པའི་ཕྱི་རོལ་ལུས་རྩལ་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཤིང་།  དགེ་མཚན་ལྡན་པའི་ཐོན་ཁུངས་དེ་དགེ་མཚན་ལྡན་པའི་ཐོན་ལས་སུ་བསྒྱུར་ནས་ལུས་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ཡོད་ཟེར།        

བྱེད་སྒོ་མགོ་མ་བརྩམས་སྔོན་ལ། ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ཡུལ་དངོས་ཀྱི་ཡོ་ལང་རྣམ་པར་རྒྱས། ཆུ་ཚོད10དང་སྐར་མ30ཡི་ཐོག་འགྲན་སྡུར་གྱི་དུང་བརྡ་གྲགས་པ་དང་ལྷན་དུ་རྐང་བགྲོད་རུ་ཁག་གོམ་སྟབས་བརྟན་པོས་ལོ་གསར་བའི་བགྲོད་ལམ་གསར་བའི་ཕྱོགས་སུ་བསྐྱོད། ལྷབ་ལྷུབ་སྐྱོད་པའི་རུ་དར་དང་དགའ་སྤྲོའི་འབོད་སྒྲ། གྲལ་དག་པའི་དཔུང་ཁག་བཅས་ཀྱི་ཐོག་ནས་ཚང་མའི་དགའ་སྤྲོའི་ཡོ་ལང་རབ་ནས་རབ་ཏུ་འཕེལ་ཏེ་གོམ་འགྲོས་མྱུར་མོ་དང་གོམ་སྟབས་ཆེན་པོས་མདུན་ཕྱོགས་སུ་བསྐྱོད། དགུན་གྱི་བཙག་རླུང་བཙན་པོས་མི་ཚང་མའི་སྤྲོ་སེམས་ལ་འགོག་རྐྱེན་ཅུང་ཙམ་ཡང་མ་ཐེབས་པར་སྤྲོ་སྣང་ལྡན་པའི་མི་ཚོགས་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་དགུན་དུས་མཛེས་ལྗོངས་ཕན་ཚུན་འོད་དུ་འཚེར་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར།

 ཐེངས་འདིའི་རྐང་བགྲོད་མཐོ་འཛེགས་བྱེད་སྒོའི་ཁྲོད་ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་རྐང་བགྲོད་ལ་དགའ་བོ་བྱེད་མཁན་ཆིག་སྟོང་ལྷག་ཙམ་སྨོན་ལམ་མཐོན་པོའི་སྒར་ས3841ནས་སྨོན་ལམ་མཐོན་པོའི་རི་རྩེ་བར་སྤྱི་ལེ7ཙམ་གྱི་རྐང་བགྲོད་བྱེད་སྒོར་ཞུགས། དེའི་རིང་ད་དུང་ལོ་གསར་གྱི་བདེ་འཇགས་ཅོང་རྡུང་བ་དང་རི་རྩེའི་དགུན་གོས་འཁྲབ་སྟོན་ལ་ལྟ་བ། གསར་བརྗེའི་གླུ་དབྱངས་ལེན་པ་སོགས་ཀྱི་བྱེད་སྒོ་སྤེལ། 

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད། ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་འོག ལུས་རྩལ་ཐོན་ལས་ཀྱི་བཀོད་སྒྲིག་དང་གྲུབ་ཚུལ་ལེགས་སྒྱུར་ཧུར་ཐག་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྟོབས་ཆེར་གཏོང་བ། མི་རིགས་ཀྱི་ཁྱད་ལྡན་ལུས་རྩལ་གཏོད་པ། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་དང“ཕྱི་རོལ་གྱི་ཡང་པའི”ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་མེ་ལྷ་གངས་དཀར་གྱི་གངས་ཤུད་རི་འཛེགས་དང་ཀྲུང་གོའི་རྡུལ་ཕྲན་མཁར་རི་འཛེགས་འགྲན་སྡུར། མདོ་ལ་རི་བོ·མཚོ་སྔོན་པོའི་རྐང་བགྲོད་འགྲན་སྡུར་སོགས་འགྲན་སྡུར་ཆེ་གྲས་མུ་མཐུད་དུ་གཉེར་བས། མཚོ་བྱང་ཁུལ་གྱི་ཕྱི་རོལ་ལུས་རྩལ་གྱི་ཕྱི་ཕྱོགས་ཤུགས་རྐྱེན་མུ་མཐུད་ཆེ་རུ་ཕྱིན་ལ། “ཕྱི་རོལ་ལུས་རྩལ་དང་སྐྱེ་ཁམས་ཡུལ་སྐོར”དེ་རིམ་བཞིན་མཚོ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་གསེར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད། 

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

来源/海北祁连山报 文图/祁连山报社记者 杜照林 陈文年 吴萍 马淑珍

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章