མཚོ་སྔོན་གྱིས་གསོ་རིག་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

政务   2025-01-03 11:32   青海  


2024ལོའི་ཟླ12པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས(བོད་ལུགས)གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་ཀྲུང་ལུགས(བོད་ལུགས)གསོ་རིག་ཐོན་ཁུངས་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་ཁང53དང་བུད་མེད་བྱིས་པའི་བདེ་སྲུང་སྡེ་ཁག20རུ་ཀྲུང་ལུགས(བོད་ལུགས)ཞབས་ཞུ་སྤེལ་བ་དང་། འཛུགས་སྐྲུན་བྱེད་བཞིན་པའི(བོད་ལུགས)སྨན་ཁང439ཡོད་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ཁྲོད(བོད་ལུགས)སྨན་ཁང་འཛུགས་སྐྲུན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། 100%གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཀྲུང་ལུགས(བོད་ལུགས)ཞབས་ཞུ་མཁོ་འདོན་བྱས། 
ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང། ཞིང་ཆེན་བོད་ལུགས་སྨན་ཁང་། ཞིང་ཆེན་བོད་ལུག་གསོ་རིག་ཞིབ་འཇུག་ཁང་གིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། མཉམ་དུ“1+5+N”ཚན་རིག་ཞིབ་འཇུག་མཉམ་ལས་མ་ལག་འཛུགས་སྒྲུབ་བྱས་ཤིང་། མཐོ་སྒང་གསོ་རིག་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 2024ལོར་མཚོ་སྔོན་ཀྲུང་ལུགས་གསོ་རིག་གིས་ཐོག་དང་པོར་ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་བཙུགས་པ་མ་ཟད། རྒྱལ་ཁབ་གཙོ་གནད་གསར་སྤེལ་འཆར་གཞི་ཁྲོད་ཞུགས་ཤིང་། ཀྲུང་ལུགས(བོད་ལུགས)གསོ་རིག་ཚན་རིག་ཞིབ་འཇུག་གི་ཆུ་ཚད་མུ་མཐུད་ནས་མཐོར་འདེགས་སུ་སོང་། བོད་ལྗོངས་དང་མཉམ་འབྲེལ་བྱས་ནས་སྒྲིག་བཟོ་བྱས་པའི《བོད་ལུགས་ནད་རིགས་རིགས་དབྱེ་དང་ཚབ་ཨང》དེར་རྒྱལ་ཁབ་ཚད་ལྡན་ཨུ་ཡོན་ལྷན་ཁང་གིས་རྣམ་གྲངས་བཙུགས་ཤིང་། བོད་ལུགས་ནད་མིང་རིགས3036བླངས། བོད་ལུགས་གནའ་རྫས་ཡིག་ཚང་རིགས3000བསྡུ་སྒྲིག་མྱུར་སྐྱོབ་བྱས་པ་དང་། པར་སྐྲུན་རིགས1700ལེགས་སྒྲིག་བྱས་ཤིང་། པར་སྐྲུན་བྱས་པའི《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ》དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས། བོད་ལུགས་གསོ་རིགས་ཡིག་ཚང་གྲངས་འཛིན་ཅན་གྱི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། བོད་ལུགས་ཆེད་ལས་གཞི་གྲངས་མཛོད་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་བརྡ་འཕྲིན་དྲ་རྒྱའི་སྟེགས་བུ13འཛུགས་སྐྲུན་ལེགས་འགྲུབ་བྱས། 
རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཀྲུང་ལུགས་བོད་ལུགས་གསོ་རིགས་ཆེད་མཁས་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་བྱ་བ་སྤེལ་བ་དང་། རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་ཀྲུང་ལུགས(བོད་ལུགས)གསོ་རིག་ཆེད་མཁས་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ་དང་། ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་གསོ་རིག་དང་། ནུབ་ལུགས་གསོ་རིག་རྐང་འཛིན་འཇོན་མི་གསོ་སྐྱོང་བྱས། ཀྲུང་ལུགས་བོད་ལུགས་རིག་གནས་རྒྱུན་འཛིན་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཀྲུང་ལུགས(བོད་ལུགས)གསོ་རིག་རིག་གནས་སློབ་རར་བསྐྱོད་པའི་བྱ་འགུལ་དང་། ཀྲུང་ལུགས(བོད་ལུགས)གསོ་རིག་སློབ་ཁྲིད་བྱ་འགུལ་སོགས་སྤེལ་ནས། ཁྱད་ལྡན་རིག་གནས་གསར་སྐྲུན་ཐོན་རྫས་ཁྱབ་གདལ་དུ་བཏང་བ་དང་། ཀྲུང་ལུགས(བོད་ལུགས)གསོ་རིག་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས། མཚོ་སྔོན་དང་ཅང་ཞི་ཀྲུང་ལུགས་གསོ་རིག་མཉམ་ལས་འཕེལ་རྒྱས་གྲོས་ཚོགས་བསྡུས་པ་དང་། བོད་ལུགས་གསོ་རིག་ཆེད་མཁས་པ་ཐེངས་གཉིས་པ་ཅང་ཞི་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་དུ་སོང་ནས“བོད་ལུགས་གསོ་རིག་ཕྱིར་འགྲོ་བའི”འོས་འགན་སྨན་བཅོས་བརྗེ་རེས་བྱ་འགུལ་སྤེལ། ཀྲུང་ལུགས(བོད་ལུགས)རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་པ་དང་། འཇར་པན་དང་ཕྱི་སོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་བར་བརྗེ་རེས་བྱ་འགུལ་སྤེལ།
འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་དང་སྨན་བཅོས་སྡེ་ཁག་གི་སྨན་སྤྱོད་དགོས་མཁོ་བསྐོང་ཆེད། སྨན་བཅོས་འགན་སྲུང་སྲིད་ཇུས་དང་མཐུན་པའི་མི་རིགས་ལུགས་རྫས་ཁ་གསབ་དེ་རང་ཞིང་གི་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་བླངས། ད་ལྟའི་བར་དུ། རྒྱལ་ཁབ་དཀར་ཆག་ཁྲོད་བླངས་པའི་མི་རིགས་ཀྱི་སྨན་སྣ་རིགས96ཡོད་པ་དང་། དེའི་རྨང་གཞིའི་སྟེང་རང་ཞིང་གིས་རིགས60གསར་དུ་ཁ་བསྣན་ནས། ཁྱོན་མི་རིགས་སྨན་རྫས་རིགས་སྣ156དེ་རང་ཞིང་གི་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་བླངས། རྒྱལ་ཡོངས་ཀྱི་སྔོན་ལ་བོད(སོག)གསོ་རིག་སྨན་བཅོས་སྡེ་ཁག་གི་སྡེབ་སྦྱོར་སྨན་བཅོས་འགན་སྲུང་དཀར་ཆག་སྒྲིག་བཟོ་བྱས་ཏེ། ནད་ཐོག་ལག་ལེན་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་བ་དང་། ཞིང་ཆེན་ཡོངས་སུ་སྤྱི་སྤྱོད་རིགས492དང་། སྡེབ་སྦྱོར་རིགས2774དེ་སྨན་བཅོས་འགན་སྲུང་རྩིས་སྤྲོད་ཁྱབ་ཁོངས་སུ་བླངས། དེ་མིན་ད་དུང་ཀྲུང་ལུགས་བོད་ལུགས་སྡེབ་སྦྱོར་རིགས202སྨན་བཅོས་འགན་སྲུང་ཁྲོད་བླངས་ནས། འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ལ་སྟབས་བདེ་བཟོས། ཁྱད་པར་དུ་གཞི་རིམ་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ནད་ཐོག་ལག་ལེན་ཁྲོད་ཀྱི་ཀྲུང་ལུགས(བོད་ལུགས)སྡེབ་སྦྱོར་བེད་སྤྱོད་དགོས་མཁོ་བསྐངས། ད་ཡོད་ཀྱི་ཀྲུང་ལུགས་གྱི་བཏུང་ཆུ་རིགས892ཀྱི་རྨང་གཞིའི་སྟེང་། བོད་ལུགས་སྨན་བཅོས་སྡེ་ཁག་གི་བེད་སྤྱོད་བྱེད་པའི་བཏུང་ཆུ་དེ་སྨན་བཅོས་རྩིས་སྤྲོད་ཁྱབ་ཁོངས་སུ་བླངས་ཏེ། མང་ཚོགས་ཀྱི་སྨན་པར་སྟོན་པའི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད། ། 

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章