སྤྱི་ལོ2024ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་ཡོངས་བསྒྲགས་བྱས།

政务   2024-12-31 17:07   青海  

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ2024ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་ཡོངས་བསྒྲགས་བྱས།

གཅིག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་ལམ་ཚད་ཀྱི་རྡོ་རིང་གསར་པ་ཞིག་བཞེངས་པ།
གཉིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གཟབ་རྒྱས་ངང་གཉེར་ཞིང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

གསུམ། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། ནན་ཞིང་གསལ་བའི་སྒྲིག་ཁྲིམས་ཀྱིས་ཏང་དེ་ཉིད་སྔར་བས་སྟོབས་དང་ལྡན་པར་འགྱུར་བར་བྱས་པ།

བཞི། དཔལ་འབྱོར་གྱི་སྲིད་ཇུས་མང་དག་ཅིག་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དཔལ་འབྱོར་ལེགས་ཕྱོགས་དང་། གྲུབ་གཞི་ལེགས་འགྱུར། འཕེལ་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་བཅས་ཀྱི་ཐོག་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ།

ལྔ། སྤྱི་ལོ2024ལོར་རང་རྒྱལ་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི14130ཟིན་ནས་ཐེངས་དང་པོར་རྒྱ་མ་དུང་ཕྱུར་ཁྲི14000གི་སྐས་རིམ་གསར་པར་སླེབས་པ།

དྲུག ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་ཐོག་རྒྱང་བགྲོད་ཐུབ་པ།

བདུན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཡིད་བཞིན་ལེགས་གྲུབ་བྱུང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི“ལྷོ་ཕྱོགས་ཀྱི་གྲོས་མཐུན”ལས་བཀྲག་མདངས་འཚེར་བ།

 བརྒྱད། བཟོ་སྐྲུན་ལས་རིགས་ལ་ཕྱི་རྒྱལ་གྱིས་མ་དངུལ་གཏོང་བའི་ཚད་བཀག་ཁྱོན་ཡོངས་ནས་མེད་པར་བཟོས་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་ཧུར་ཐག་ངང་བཏོད་པ།

དགུ། ཟླ་བ་ལྷ་མོ་དྲུག་པ་རྟགས་ཅན་གྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་པ་དང་། “ཕུགས་འདུན”རྟགས་ཅན་རྒྱ་མཚོར་ཞུགས་པ། ཧྲེན་ཀྲུང་བགྲོད་ལམ་ཆེན་མོའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ། ལྷོ་སྣེའི་ཆིང་ལིན་ས་ཚིགས་བེད་སྤྱོད་གཏོང་འགོ་ཚུགས་པ། ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་འབོར་ཁྲི1000ལས་བརྒལ་བ། གསར་གཏོད་ཀྱིས་ཀྲུང་གོ་འདི་ཉིད་མཐོ་ཚད་གསར་པ་ཞིག་གི་ཐོག་སླེབས་པར་བྱས་པ།

བཅུ། ཀྲུང་གོའི་དཔྱིད་གསར་དུས་ཆེན་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱས་པ་ལེགས་གྲུབ་བྱུང་བ་དང་། རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྤྱི་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章