ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།
ཟླ12པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས83པ་གཙོ་སྐྱོང་བྱས་ནས་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ཞིང་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས།
ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་ཁོང་དུ་ཆུད་པ་དང་གནད་ལ་འཁེལ་དགོས་ལ། “ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་དགོས་པའི”བྱ་བའི་བླང་བྱ་ལག་ལེན་གཏིང་ཟབ་བྱས་ཏེ། “ལྔ་བཅུ་བཞིའི” དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་དང་། “ལྔ་བཅོ་ལྔའི”མགོ་ཡག་པོ་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིངས་དགོས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། སང་ལོའི་བྱ་བའི་བསམ་ཕྱོགས་དང་འཕེལ་རྒྱས་དམིགས་ཚད། བསྒྱུར་བཅོས་གལ་ཆེན། སྲིད་ཇུས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ཡག་པོ་བྱས་ནས་དམིགས་འབེན་ཁ་གསལ་དང་། ལས་འགན་གསལ་བ། འཛིན་ས་ཞིབ་ཕྲ། འགན་སྲུང་ནུས་ལྡན་བཅས་ཡོང་བར་འགན་ལེན་བྱ་དགོས། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་གཞི་ཚུགས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། གནས་ཚུལ་དངོས་གསལ་པོ་ཤེས་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བ། ཚོད་འཛིན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ལྔ་བཅོ་ལྔའི”འཆར་འགོད《རྩ་གནད》བཟོ་དགོས། གསར་གཏོད་འདུ་ཤེས་དང་སྒོ་འབྱེད་རང་བཞིན་གྱི་བསམ་གཞིགས་ལ་བརྟེན་ནས་མཚོ་བྱང་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པ་དང་། མཚོ་བྱང་གི་འབྱུང་འགྱུར་འཆར་འགོད་བྱེད་དགོས། དམངས་འཚོ་འགན་སྲུང་ལས་དོན་འབུར་ཐོན་གྱིས་དམ་འཛིན་བྱས་ཏེ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་བརླིང་། འགྲིམ་འགྲུལ་དང་ཟོག་འགྲེམས་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲིའི་ལས་དོན་དམ་འཛིན་བྱས་ཏེ། འགལ་རྩོད་དང་མངོན་མེད་ཉེན་ཁ་སྣ་ཚོགས་ཞིབ་བཤེར་དང་ཐག་གཅོད་གཏིང་ཟབ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སེམས་ཁུར་དང་། སེམས་ཤུགས་རྣམ་དག་གིས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ལ་འགན་ལེན་བྱ་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་འབྲེལ་ཡོད་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་འདུ་ཤེས་དང་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་ཧུར་ཐག་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི“བསྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་འདེམས་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་རྟེན་གཞི་འཛུགས་པ་སོགས་ཀྱི་ཐད་ལ་བྱས་རྗེས་ཧུར་ཐག་འཇོག་པ་དང་དཔའ་ངར་ཆེན་པོས་གྲུབ་འབྲས་བཟང་པོ་གཏོད་དགོས་ཟེར།
ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བའི་ལས་དོན་ལེགས་པར་བསྒྲུབས་པའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ་དམིགས་ནས། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལས་གྲྭ་བེད་སྤྱོད་ཡག་པོ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“ས་གནས་གསུམ་གྱི་ཚོང་སྒྲོམ་བརྒྱའི”འཛུགས་སྐྲུན་བྱ་སྤྱོད་ཀྱི་ཚད་གཞི་མཐོར་འདེགས་དང་ཁྱབ་རྒྱ་རྒྱ་སྐྱེད་བཏང་ནས་རོང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ། རྨོ་ཞིང་དང་ཡུན་རིང་གཞི་རྩའི་ཞིང་སའི་དམར་ཐིག་ནན་སྲུང་བྱེད་པ། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང“ཞིང་ལས་མིན་པ་ཅན་དུ་འགྱུར་བ”བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། “འབྲུ་རིགས་མིན་པ་ཅན་དུ་འགྱུར་བ”སྔོན་འགོག་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དབུལ་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་སྔོན་འགོག་འདུམ་འགྲིག་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གནད་དོན་གང་ཞིག་ཐོག་མའི་དུས་རིམ་དུ་ཐག་གཅོད་བྱེད་དགོས་ཟེར།
ཚོགས་འདུའི་ཐོག《ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད2025ལོའི་སྤྱི་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ཁྲིམས་ནན་སྲུང་གི་བྱ་བ་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་སྦྱོར》གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། སྤྱི་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ཁྲིམས་ནན་སྲུང་གི་བྱ་བ་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
州委常委会召开会议
会议还研究了其他事项。
ཡོང་ཁུངས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/彭毛才旦
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系