མདའ་བཞི་རྫོང་གིས་བོད་ལུག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་བཏང་།

政务   2024-12-30 17:27   青海  

མདའ་བཞི་རྫོང་གིས་བོད་ལུག་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་རང་ས་གནས་ཀྱི་དམིགས་བསལ་གྱི་གྲང་ངར་ཆེ་བའི་གནམ་གཤིས་དང་། དྭངས་གཙང་གི་ཐོན་སྐྱེད་ཁོར་ཡུག ཞིང་ཕྱུགས་ཐོན་ཁུངས་སྣ་མང་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ལུག་ཐོན་ལས་མ་ལག་གསོ་སྐྱོང་འཐུས་ཚང་དུ་བཏང་ནས་བོད་ལུག་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།    

རྟེན་གཞིའི་གཞི་ཁྱོན་རྒྱ་སྐྱེད་དུ་བཏང་བ། ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ལུག་ཁྲི་ཡི་གསོ་སྤེལ་རྟེན་གཞི1དང་། བོད་ལུག་སྟོང་གི་གསོ་སྤེལ་རྟེན་གཞི8། བོད་ལུག་ཐོན་རྫས་ལས་སྣོན་རྟེན་གཞི2། གསོན་ཕྱུགས་ཉོ་ཚོང་ཁྲོམ་ར1། རྩྭའི་ཐོན་ལས་རྟེན་གཞི1བཅས་བསྐྲུན་ཡོད་ཅིང་། གཟན་རྩྭ་འདེབས་འཛུགས་དང་གཟན་ཆས་ལས་སྣོན། གཞི་ཁྱོན་ལྡན་པའི་གསོ་སྤེལ། སྐྱེ་ལྡན་ལུད་རྫས་ལས་སྣོན། གསོན་ཕྱུགས་ཉོ་ཚོང་། བོད་ལུག་བཤས་གཏོང་། ཚགས་ལྡན་ལས་སྣོན། གྲང་སྦྲེལ་ཕྱིར་ཚོང་། བཟའ་བཏུང་རྒྱུད་འབྲེལ། དྲ་ཕྱི་ནང་གི་ཕྱིར་ཚོང་བྱེད་པའི“གནས་བཅུ་གཞི་གཅིག”གི་བོད་ལུག་ཐོན་ལས་གཞི་ཁྱོན་ཐོག་མར་ཆགས་ཡོད།

རྒྱུད་སྤེལ་མ་ལག་འཐུས་ཚང་དུ་བཏང་བ།     “རྫོང་ལ་རྒྱུད་སྤེལ་རྟེན་གཞི་ཡོད་པ་དང་ཡུལ་ཚོར་ལྟེ་བའི་ཁྱུ་ཚོགས་ཡོད་པ། སྡེ་བར་དཔེ་སྟོན་ཁྱིམ་ཚང་ཡོད་པ”བཅས་ཀྱི་བོད་ལུག་རྒྱུད་བཟང་རྒྱུད་སྤེལ་མ་ལག་ཧུར་ཐག་བཙུགས་ཤིང་། མིག་སྔར་མཐོ་སྒང་གི་བོད་ལུག་རྒྱུད་རྒྱུད་སྤེལ་ར་བ2བསྐྲུན་ཡོད་པ་དང་ལོ་རེར་རྒྱུད་སྤེལ་ནུས་པ3000ཙམ་ཡོད་ལ། མཐོ་སྒང་གི་བོད་ལུག་ལྟེ་བའི་ཁྱུ284བཙུགས་པ་དང་རྒྱུད་སྤེལ་མ་མོ་ཁྲི6ལྷག་ཙམ་ཟིན་ཞིང་།  མཐོ་སྒང་གི་བོད་ལུག་གསོ་སྤེལ་བྱེད་པའི་ཁྱིམ་ཚང3000ལྷག་ཙམ་ཡོད།    

ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཁེ་ལས1དང་། ཞིང་ཆེན་རིམ་པའི་སྣེ་ཁྲིད་ཁེ་ལས1། ཁུལ་རིམ་པའི་སྣེ་ཁྲིད་ཁེ་ལས2། རྣམ་གསར་གཉེར་སྐྱོང་གཙོ་གཟུགས170བཅས་གསོ་སྐྱོང་བྱས་ཤིང་། ཁྱད་ཆོས་ལྡན་པའི་བོད་ལུག་ཐོན་རྫས་རིགས100ལྷག་ཙམ་གསར་སྤེལ་བྱས་ལ།  མདའ་བཞིའི་ནོར་གནགདངམདའ་བཞིའི་ལུ་གུའི་ཤ ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་གཉིས་ཞིང་ལས་གྲོང་གསེབ་པུའུ་ཡིས་ཁས་ལེན་བྱས་པ་དང་། རང་ས་གནས་ཀྱི་བོད་ལུག་ཐོན་རྫས་རིགས400ལྷག་ཙམ་དྲ་ཐོག་ནས་ཕྱིར་ཚོང་བྱེད་པ་མངོན་འགྱུར་བྱུང་།    

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

源/海北党务

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章