མཚོ་བྱང་ཁུལ་གྱི་ཡུལ་སྐོར་མི་གྲངས་དང་ཡོང་འབབ་སོ་སོ་འཕར་བ།

政务   2025-01-05 10:51   青海  

2024ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རང་འགུལ་ངང་ཞིང་ཆེན་ཡོངས་གྱི“ལྟེ་གཅིག གདུབ་གཅིག སྣེ་མང”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་དང་མཉམ་འདྲེས་བྱས་ཏེ། མདོ་ལ་རི་བོ་དང་མཚོ་སྔོན་པོ་དང་ད་དུང“ཀྲུང་གོའི་རྡུལ་ཕྲན་མཁར”གྱི་དམིགས་བསལ་གྱི་ལེགས་ཆར་བརྟེན་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་པར་བརྟན་བརླིང་ངང་སྐུལ་འདེད་བཏང་ཞིང་། 2024ལོའི་ཟླ11པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི802.72སྣེ་ལེན་བྱས་པ་དང་དུས་མཉམ་ལས32.13%ཡར་འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར35.32ཟིན་པ་དང་དུས་མཉམ་ལས20.83%འཕར།
རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་པར་སྐུལ་འདེད་གཏོང་ཆེད། མཚོ་བྱང་ཁུལ་གྱིས《མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་ལོ་གསུམ་གྱི་བྱ་འགུལ་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས་ཏེ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གངས་དཀར་རི་བོ་དང་མདོ་ལ་རྫོང་གི་ཨ་མྱེས་སྟོང་སོ། མདའ་བཞི་རྫོང་གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་་ལྗོངས་ཁུལ་བདེ་བླག་ངང་བསྐྲུན་པ་དང་། མཚོ་སྐོར་ནུབ་ཕྱོགས་ཀྱི་དམིགས་བསལ་ཆོག་མཆན་བཀོད་པའི་གཉེར་སྐྱོང་ས་ཚིགས6བསྐྲུན་ནས་ཚོང་གཉེར་བྱེད་མགོ་བརྩམས། རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ1དང4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ6། 3Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ7བཅས་གསར་འཛུགས་བྱས་ཏེ་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ5དཔྱད་བསྡུར་གཏན་འབེབས་བྱས་ཐོག རྐང་ཐང་དང་རྟ་རྩལ་འགྲན་བསྡུར། མདའ་འཕེན། རྐང་འཁོར་བཅས་མིང་རྟགས་ཆེ་བའི་ལུས་རྩལ་འགྲན་བསྡུར་བཞི་རྒྱུན་ལྡན་ཅན་དུ་གཉེར་བ་དང་། “མཚོ་སྔོན་དང་ཀན་སུའུ་བར་གྱི་ཡུལ་སྐོར་སྐོར་ལམ་ཆེན་པོ།” “མཚོ་སྔོན་དང་ཞིན་ཅང་བར་གྱི་ཡུལ་སྐོར་སྐོར་ལམ་ཆེན་པོ།” མཚོ་བོད་ཡུལ་སྐོར་སྐོར་ལམ་ཆེན་པོ”བཅས་མཉམ་འགུལ་བྱས་ཏེ། ཧྲན་ཏུང་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན(གྲོང་ཁྱེར)དྲུག་དང་། འབྲུ་གསུམ་གཙང་རྒྱུ། ཀྲུའུ་ཅང་གཙང་རྒྱུ། ཧྲའན་ཀན་ཉིང་ཁྲོན་སོགས་དང་སྤེལ་རེས་མཉམ་ལས་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། ནང་ཁུལ་ཕན་ཚུན་འབྲེལ་མཐུད་དང་ཕྱི་རོལ་ཕན་ཚུན་མཉམ་འགུལ་གྱི་ཡུལ་སྐོར་ལམ་ཐིག་མ་ལག་ཞིག་བསྐྲུན་པ་དང་། “རབ་མཛེས་མཚོ་སྔོན་དང་དག་སྣང་མཚོ་བྱང”ཞེས་མཚན་སྙན་གྲགས་མངོན་གསལ་གྱི་མཐོར་འདེགས་སུ་བཏང་། 
མཚོ་བྱང་ཁུལ་ནི་མདོ་ལ་རི་བོ་དང་མཚོ་སྔོན་པོའི“རྒྱལ་ཁབ་སྤྱི་གླིང་གཉིས”དང“གཙང་པོ་གཅིག་དང་ཁུལ་གཉིས། ཆུ་བོ་གསུམ”ཀྱི་གནད་འགག་ཏུ་གནས་ཤིང་། གནས་ཡུལ་གྱི་ལེགས་ཆ་མངོན་གསལ་ཡིན་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། ཞིང་ཆེན་ནང་ཁུལ་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་རྒྱུ་རྐྱེན་ཆེས་ཆ་ཚང་ཡིན་པ་དང་ཆེས་གཅིག་བསྡུས་ཡིན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། “རབ་མཛེས་མཚོ་སྔོན”གྱི་བསྡུས་རིས་ཤིག་ཀྱང་ཡིན།  

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章