གཅིག མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།(ཟླ1པོའི་ཚེས6ཉིན་ནས་ཟླ1པོའི་ཚེས12ཉིན་བར།)སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་ཁུལ་ཡོངས་ལ་ཁངས་འབབ་པ་དང་དྲོད་ཚད་ཇེ་དམའ་རུ་འགྲོ་བ། རླུང་གཡུག་པ་བཅས་ཀྱི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར། ཟླ1པོའི་ཚེས6ཉིན་ནས7ཉིན་བར། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད། ཟླ1པོའི་ཚེས8ཉིན། ཁུལ་ཡོངས་ལ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་ཞིང་། ཉིན་རེའི་ཆེས་མཐོ་བའི་དྲོད་ཚད2~4℃བར་ཇེ་དམའ་རུ་འགྲོ་རྒྱུ་རེད། ཟླ1པོའི་ཚེས9ཉིན། ཉིན་མོར་ཁུལ་ཡོངས་ལ་སྤྲིན་མང་རྒྱུ་ཡིན་ཞིང་། དགོང་མོར་ཁུལ་ཡོངས་ལ་ཁངས་ཆུང་ཆུང་འབབ་རྒྱུ་རེད། ཟླ1པོའི་ཚེས10ཉིན། ཁུལ་ཡོངས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་ཡིན་ཞིང་། ཉིན་རེའི་ཆེས་མཐོ་བའི་དྲོད་ཚད2~4℃ཇེ་དམའ་རུ་འགྲོ་རྒྱུ་རེད། མདའ་བཞི་དང་རྐང་ཚར་རིམ་པ6~7བར་གྱི་རླུང་གཡུག་རྒྱུ་ཡིན་ཞིང་། རིམ་པ8ཡན་གྱི་ཐོལ་རླུང་གཡུག་རྒྱུ་རེད།ཟླ1པོའི་ཚེས11ཉིན། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་ཡིན་ཞིང་། ཉིན་རེའི་ཆེས་མཐོ་བའི་དྲོད་ཚད2~4℃ཇེ་དམའ་རུ་འགྲོ་རྒྱུ་རེད། མདའ་བཞི་དང་རྐང་ཚར་རིམ་པ5~6བར་གྱི་རླུང་གཡུག་རྒྱུ་ཡིན་ཞིང་། རིམ་པ7ཡན་གྱི་ཐོལ་རླུང་གཡུག་རྒྱུ་རེད།ཟླ1པོའི་ཚེས12ཉིན། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད།གཉིས། ཐབས་ཇུས་དང་གྲོས་གཞི། 1.ཚེས8ཉིན་ནས10ཉིན་བར་ཁུལ་ཡོངས་ལ་ཁངས་འབབ་པ་དང་དྲོད་ཚད་ཇེ་དམའ་རུ་འགྲོ་བའི་གནམ་གཤིས་འབྱུང་རྒྱུ་ཡིན་པས། འགྲིམ་འགྲུལ་ཤར་བགྲོད་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་སོགས་ལ་ཤུགས་རྐྱེན་ཅུང་ཆེ་བས། བྱ་བའི་བཀོད་གཏོང་ལ་ཤུགས་བསྣན་ཏེ་གནམ་གཤིས་མི་ལེགས་པས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པ་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།
2.ཚེས10ཉིན་ནས11ཉིན་བར་མདའ་བཞི་དང་རྐང་ཚར་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་རླུང་ཆེན་གཡུག་པའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ཕྱུགས་ལས་ཐོན་སྐྱེད། ཕྱི་རོལ་དུ་བྱ་བ་སྒྲུབ་པ། སྤྱི་དམངས་ཕྱིར་སྐྱོད་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་བར་དོགས་ཟོན་བྱེད་དགོས།
3.གཟའ་འཁོར་འདིར་དྲོད་ཚད་ཅུང་དམའ་བས། མང་ཚོགས་ཀྱིས་གྲང་འགོག་དྲོད་སྲུང་དང་ཆམ་པ་ཕོག་པར་གཟབ་དགོས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州气象台
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系