མཚོ་སྔོན་ཞིང་ཆེན་གྱིས་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་བསྡུས།

政务   2025-01-01 12:53   青海  

ཟླ12པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་བསྡུས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་མཐུན་ཧོང་ཅན་ཧྥ་ཚོགས་འདུར་ཞུགས་པར་མ་ཟད་ཀྲུང་དབྱང་གི་ཐག་གཅོད་དེ། བློ་མཐུན་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་འགན་ཁུར་བ་དང་། བློ་མཐུན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་ལས་འགན་མི་འཁུར་བ། བློ་མཐུན་ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་འཁུར་བ་ཁྱབ་བསྒྲགས་བྱས། ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ལའོ་ཏུང་ཁྲོན་གྱིས་གཏམ་བཤད་ལ། མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། ཐེངས་འདིར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱས་པ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བྱམས་བརྩེའི་ཐུགས་ཁུར་བྱས་པ་དང། མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། མཚོ་སྔོན་གྱི་མགོ་ཁྲིད་མི་སྣ་འཛུགས་སྐྲུན་ཐད་མཐོང་ཆེན་ཚད་མེད་བྱས་པ་གང་ལེགས་སྒོས་མངོན་ཡོད། ངས་སྙིང་ཐག་པ་ནས་ཀྲུང་དབྱང་གི་ཐག་གཅོད་ལ་བརྩི་བཀུར་དང་དང་ལེན་བྱེད་པ་དང་།  བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ཅིང་ལག་ལེན་དངོས་ལ་བརྟེན་ནས། གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ་དང་། འཆར་འགོད་ཡག་པོ་བྱེད་པ།  ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དམ་འཛིན་བྱས་ནས་བྱ་བ་བསྒྲུབ་པ།  ངལ་བ་འབྲས་མེད་ཀྱི་དོན་མི་བསྒྲུབ་པ་དང་། དངོས་གཉེར་བརྩོན་ལེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་རྒྱུ་ཡིན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་མཐོ་སྒང་དང་འབྲེལ་བས། མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་ཚད་མེད་གནང་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གསུམ་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་ངེས་གནས། རྒྱུན་འཁྱོངས་གསུམ་གྱི་བླང་བྱ་གལ་ཆེན་བཅས་གཏན་འཁེལ་གསལ་བོ་བྱས་ཏེ། ང་ཚོས་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ལྷག་པར་དུ་ད་ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཚོ་སྔོན་གྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་མང་པོར་འགྲེལ་བཤད་ཟབ་མོ་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་བྱ་བའི་སྤྱིའི་ཁ་ཕྱོགས་དང་སྤྱིའི་དམིགས་འབེན། སྤྱིའི་ལས་འགན་བཅས་སྔར་ལས་གཏན་འཁེལ་གསལ་བོ་བྱས། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟནབརླིང་ཐད་བླངས་པའི་གྲུབ་འབྲས་ཡོད་ཚད་ཀྱི་རྩ་བ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ལ་རག་ལས་ཤིང་། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུན་མཐུད་འབད་བརྩོན་བྱས་པའི་མཇུག་འབྲས་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཀྱང་ཡིན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ལོ་ངོ་གཉིས་ཀྱི་རིང་ལ། བློ་མཐུན་ཁྲིན་ཀང་མགོ་གཙོ་ཡིན་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་དཀའ་སེལ་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པར་སྣེ་ཁྲིད་དེ། དུས་དང་བསྟུན་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་བཞིའི་རིང་། གནས་འདིའི་རི་ཆུ་སྟོང་ཕྲག་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག། ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་རིགས་སོ་སོའི་མང་ཚོགས་བཅས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་ནས་སྐུལ་མ་ཐེབས་ཡོད་པས། ཀྲུང་ཧྭའི་ཆུ་མཛོད་སྲུང་མཁན་ཞིག་བྱེད་ཐུབ་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་ངའི་གཟི་བརྗིད་ཆེན་པོ་ཞིག་ཏུ་འདོད་ཡོད།  ཀྲུང་དབྱང་གིས་ངས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་འགན་ཁུར་དགོས་པ་ཐག་བཅད་པས། ངའི་འགན་འཁྲི་སྔར་ལས་ལྕི་ཞིང་། ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ལ་བཅངས་པའི་ཡིད་ཆེས་དང་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རེ་བ་སྟོང་ཟད་དུ་མི་གཏོང་བར་དྲིན་བསམ་ཡར་བརྩོན་དང་། ཁག་ཁུར་འགན་སྒྲུབ། ལས་བརྩོན་ལས་གཉེར། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུས་བཏིང་བའི་རྨང་གཞི་བརྟན་པོའི་སྟེང་། འབད་པ་ཆེན་པོས་ཏང་ཀྲུང་དབྱང་བློ་བདེ་བ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་རྣམས་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་བྱེད་ཐབས་གཙོ་བོ་ཞིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དག་ཏན་ཏན་ཏིག་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་བརྒྱུད་ནས་ཞུམ་མེད་མདུན་སྐྱོད་བྱེད་ཅིང་། མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི་བརྩེ་སེམས་དང་ཁག་ཁུར་ལ་བརྟེན་ནས། བསྐྱོད་ལམ་གསར་བ་འབད་པས་བསྐྱོད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་དགོས། ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་གསལ་བོས་ཆབ་སྲིད་གླེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་ཅིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཏང་ལ་བློ་དཀར་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ཡིད་ལ་དམ་པོར་འཛིན་པ། རང་གི་མིག་ལ་གཅེས་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བྱེད་པ་དང་། རང་གི་ཚེ་སྲོག་ལ་གཅེས་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་ནས། མཐའ་གཅིག་ཏུ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་དགོས། ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་གཞི་གདངས་དམ་འཛིན་ནན་མོ་བྱེད་པ། རང་འགུལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་དགོས་ལ། གལ་ཆེན་དམ་འཛིན་དང་གལ་ཆུང་ཟུར་འཇོག་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་སྲུང་སྐྱོབ། འཕེལ་རྒྱས་དང་དམངས་ཚིས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྔར་ལས་གཅིག་འདོམས་ལེགས་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྤེལ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་བྱས་ནས། རིམ་པ་མང་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་བཟོ་བ། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། དམའ་སྲུང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ནན་མོ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། མཐའ་གཅིག་ཏུ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་འཁུར་ནས། ཕྱོགས་ཡོངས་ནས་ནན་མོར་སྐྱོང་བ་དང་མཐའ་གཅིག་ཏུ་ནན་སྐྱོང་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་པོའི་བྱ་བ་དམ་འཛིན་ནན་མོ་བྱེད་པ་དང་། བློ་དཀར་སྤྱོད་གཙང་ཁག་ཁུར་ལྡན་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་རུ་ཁག་འཛུགས་སྐྲུན་བྱས་ཏེ། སྤྱོད་གཙང་སྲོལ་ཡག་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།
ལའོ་ཏུང་ཁྲོན་གྱིས་ཀྲུང་དབྱང་གི་ཆོད་དོན་མཐའ་གཅིག་ཏུ་དང་ལེན་དང་ཡོངས་སུ་སྲུང་སྐྱོང་བྱེད་ཅེས་བཤད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ཐད་ཀྱི་ཐུགས་ཁུར་ཟབ་མོ་དེ་ནི་ང་ཚོ་དཀའ་ངལ་ཡོད་ཚད་རྣམ་པར་རྒྱལ་བའི་གདིང་ཤུགས་ཆེན་པོ་དང་རྒྱབ་རྟེན་གལ་ཆེན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ང་ཚོས་ལས་དོན་ཡོད་ཚད་ལེགས་པོར་བསྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་གཞི་རྩའི་བསྲུང་བྱས་ཡིན། མཚོ་སྔོན་གྱི་ཆ་ཤས་ཤིག་ཏུ་གྱུར་ནས་མཚོ་སྔོན་གྱི་མི་དམངས་ལ་ཞབས་འདེགས་ཞུ་དགོས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པར་མ་ཟད། དེ་ནི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་དང་ལས་འགན་གལ་ཆེན་ཞིག་པ་ཤེས་རྟོགས་ཟབ་མོ་བྱུང་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། འགན་འཁྲི་སེམས་སུ་ཉར་ཞིང་འགན་འཁྲི་ཕྲག་ཏུ་ཁུར་ནས་འགན་སྒྲུབ་ལག་བསྟར་བྱེད་རྒྱུ་ཡིན། བློ་མཐུན་ཝུའུ་ཞའོ་ཅུན་གྱིས་མགོ་ཁྲིད་པའི་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་དང་མཉམ་དུ། མཚོ་སྔོན་རང་ཁྱིམ་དུ་བཀུར་ཞིང་མཚོ་སྔོན་གྱི་ཆེད་དུ་འབད་འབུངས་བྱེད་ལ། མཚོ་སྔོན་དང་མཉམ་སྐྱོད་བྱ་རྒྱུ་ཡིན། མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་རྒྱས་སུ་གཏོང་བའི་ལག་བསྟར་མཁན་བྱས་ཏེ། འཆར་འགོད་རེའུ་མིག་དངོས་འབེབས་དང་མཐའ་གཅིག་ཏུ་དངོས་འབེབ་དམ་འཛིན་བྱ་རྒྱུ་ཡིན། གོམ་གང་མདུན་སྤོས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་དགོས། ངས་ནམ་ཡང་བློ་དཀར་སེམས་སུ་ཉར་ནས་ལངས་ཕྱོགས་གསལ་བོས་ཆབ་སྲིད་གླེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཇེ་དྲག་དང་རང་རྟོན་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བྱས་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་རྒྱུ། ངས་ནམ་ཡང་འགན་འཁྲིའི་བསམ་པ་བཅངས་ཏེ། མངགས་བཅོལ་སེམས་ལ་བཟུང་ནས་སྐྱེ་ཁམས་དམ་འཛིན་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དམིགས་ཡུལ་དུ་བྱེད་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་རྐྱེན་སྲོལ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་འདེགས་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་རྒྱུ་ཡིན། ངས་ནམ་ཡང་ཡར་བརྩོན་གྱི་བསམ་པ་བཅངས་ནས། ཁག་ཁུར་བྱེད་ཕྱོགས་ཡོད་པར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་ལ། སྒྲུབ་འོས་པ་བསྒྲུབ་པ་དང་བསྒྲུབ་མི་འོས་པ་མི་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱེད་ཅིང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་འཆར་འགོད་དང་བློ་སེམས་བརྟན་པོས་དངོས་འབེབས་དམ་འཛིན་བྱས་ནས། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་་གསར་པར་ཚུལ་སྒྱུར་བྱ་རྒྱུ་ཡིན། ངས་ནམ་ཡང་མི་དམངས་སེམས་སུ་ཉར་ནས། དམངས་ཚིས་ཕན་འདོགས་ཀྱི་བརྗོད་དོན་ལག་ལེན་དུ་བསྟར་ཞིང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལངས་ཕྱོགས་སྟེང་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་། ཇུས་ཆོད་འདོན་པ། དོན་དག་བསྒྲུབ་བཅས་བྱས་ཏེ། ཤུགས་ཆེན་པོས་མང་ཚོགས་ཀྱི་སེམས་ཚགས་དང་སེམས་ཁྲལ་ཐག་གཅོད་བྱེད་པ་དང་། དམངས་ཀྱི་འདོད་བློ་དང་ཆབ་སྲིད་ཀྱི་དགོངས་པ་དངོས་སུ་བསྒྲུབ་ཐུབ་པར་བྱེད་རྒྱུ། ངས་ནམ་ཡང་གོང་བཀུར་གྱི་བསམ་པ་བཅངས་ནས། ཁྲིམས་ལྟ་སྲིད་འཛིན་གྱིས་ཁྲིམས་སྐྱོང་གཙིག་འཛིན་དང་། རྩ་ཁྲིམས་ལ་བརྩི་བཀུར་དང་བཅའ་ཁྲིམས་ལ་གོང་བཀུར་བྱེད་ཅིང་། རྩ་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པ་དང་བཅའ་ཁྲིམས་ལྟར་སྲིད་བཟུང་ནས། ནུས་ཤུགས་ཡོད་ཚད་བཏོན་ནས་སྲིད་གཞུང་བཅོས་སྐྱོང་གི་ཕན་ནུས་དང་ཆུ་ཚད་མཐོ་རུ་བཏང་སྟེ། ལས་དོན་ཁག་སོ་སོ་དུས་དང་རྣམ་པ་ཀུན་དུ་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱ་རྒྱུ་ཡིན། ངས་ནམ་ཡང་རང་གཅུན་ནན་མོ་བྱས་ཏེ། ལས་དོན་གཙང་སྒྲུབ་ཀྱིས་ཚད་མཐའ་སྲུང་བ་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་ལ། ཀྲུང་དབྱང་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་རེ་འགའ་མཐའ་གཅིག་ཏུ་དངོས་འབེབས་བྱེད་རྒྱུ་དང་། ཁྱད་དབང་བསམ་པ་དང་ཁྱད་དབང་བྱེད་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། ཁྱིམ་མི་ཉེ་འབྲེལ་དང་ཉེ་འགྲམ་དུ་བྱ་བ་བསྒྲུབ་མཁན་ལ་དོ་དམ་ནན་མོ་བྱས་ཏེ། བློ་དཀར་ཞིང་ཁག་ཁུར་ཡོད་པ་དང་། མི་དམངས་ཀྱི་དོན་དུ་སྲིད་གཙང་དངོས་གཉེར་བྱེད་པའི་སྣང་བརྙན་བཟང་བོ་མངོན་པར་བྱ་རྒྱུ་ཡིན་ཞེས་བསྟན།
ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་། ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་བློ་མཐུན་རྒན་པ། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་མགོ་ཁྲིད་གཙོ་བོ།   ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ལས་དོན་སྡེ་ཁག མཐོ་རིམ་སློབ་གྲྭ་བཅས་ཀྱི་འགན་ཁུར་མི་སྣ་གཙོ་བོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཨུ་ཡོན་གཙོ་བོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་གཙོ་བོ་བཅས་ཚོགས་འདུར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章