ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-01-02 09:49   青海  
གསར་འགྱུར་གལ་ཆེན།

2025ལོའི་ཉིན་དང་པོར། རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་འདུ་རར་རྒྱལ་དར་བསྒྲེངས་པའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། 

འགྲིམ་འགྲུལ་སྐྱེལ་འདྲེན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས1ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར1.8ལས་བརྒལ་ཡོད་པ་རེད། དེའི་ནང་ལྕགས་ལམ་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི115ཡིན་པ་རེད། 

བཟོ་ལས་དང་ཆ་འཕྲིན་ཅན་པུ་ཡིས་ཉེ་ཆར་ཇུས་གཞི་པར་འགྲེམས་བྱས་ནས2027ལོར་སླེབས་སྐབས། “5G+བཟོ་ལས་དྲ་སྦྲེལ”དེ་དངོས་ཚན་དཔལ་འབྱོར་གྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་མཉམ་འདྲེས་བྱས་ནས5Gབཟོ་གྲྭ་ཁྲི1འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པ་རེད། 

རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར127555སླེབས་པ་དང་། GDPཡི་བསྡུར་ཚད་ཀྱི9.9%ཟིན་ཡོད། 

ཚེས1ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་གསུམ་གྱིས《ལྡེམ་ཤུགས་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་བསྟར་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་ལྡེམ་ཤུགས་ལས་འཁྱུར་ངལ་གསོའི་གོ་རིམ་དང་གཞི་རྩའི་རྒན་གསོའི་དངུལ་ལེན་པ་སོགས་ཐད་གཏན་འབེབས་ཁ་གསལ་བྱས་ཡོད། 

2024ལོའི་ཟླ1པོ་ནས་ཟླ11པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི5.6གསར་དུ་བསྒྱུར་བཀོད་བྱེད་མགོ་བརྩམས་ཡོད། 

2024ལོའི་ཟླ1པོ་ནས་ཟླ11པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་མུ་མཐུད་དུ་མགྱོགས་མྱུར་འཕར་བ་དང་། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར67277.6ཡིན། དེ་དུས་མཚུངས་ལས14.2%འཕར་ཡོད། 

ཚེས1ཉིན། ཤར་ཕྱོགས་མཁའ་འགྲུལ་གནམ་གྲུC919ཡིས་འཕུར་སྐྱོད་ཀྱི་འགན་འཁུར་བའིMU721“ཧྲང་ཧའེ་ཧུང་ཆའོ་ནས་ཤང་ཀང་བར”གྱི་དུས་བཀག་ཚོང་ལས་དུས་གཏན་གནམ་གྲུ་འཕུར་རྒྱུ་ཡིན་པ་རེད། དེ་ནི་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཡིས་ཧྲང་ཧའེ་དང་ཤང་ཀང་གི་དུས་བཀག་ཚོང་ལས་དུས་གཏན་གནམ་གྲུ་འཕུར་ཐེངས་དང་པོ་ཡིན་ལ། ས་ཁུལ་གྱི་མཁའ་ལམ་གྱི་ཚོང་ལས་གཉེར་སྐྱོང་དངོས་སུ་བྱེད་མགོ་བརྩམས་པ་རེད། 

ཀྲུང་གོ་དང་མར་ཏི་ཝེའི(马尔代夫)རང་མོས་ཉོ་ཚོང་གྲོས་ཆོད་དེ་ཚེས1ཉིན་དངོས་སུ་གཉེར་མགོ་བརྩམས་ཡོད། རང་རྒྱལ་གྱིས་མར་ཏི་ཝེར་ཕྱིར་གཏོང་བྱས་པའི་བཟོ་ལས་ཐོན་རྫས་དང་ཞིང་ལས་ཐོན་རྫས་མང་ཆེ་བ། མར་ཏི་ཝེར་ནས་ཐོན་པའི་ཆུ་ཐོན་ཐོན་རྫས་མང་ཆེ་བར་གྲོས་མཐུན་གྱི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་རེད། 

སྤྱི་ཚོགས། 

ཚེས1ཉིན། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་པར་གཞི་གསར་པ་ལག་ལེན་བསྟར་བ་དང་། འབྲས་སྐྲན་དང་དལ་བའི་ནད། བྱིས་པའི་སྨན་རྫས། མཐོང་དཀོན་པའི་ནད་སོགས་ཁྱབ་ཁོངས་ཀྱི་སྨན་རྫས་རིགས91གསར་དུ་དཀར་ཆག་ནང་བཅུག་པ་རེད། 

ཚེས1ཉིན་ནས་བཟུང་། མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་འགྲོ་མགོ་ཚུགས་ཡོད།  

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས2025ལོ་ནས2027ལོ་ནི“བྱིས་ནད་ཚན་ཁག་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུའི་ལོར”གཏན་འཁེལ་བྱས་ནས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་བྱིས་ནད་ཚན་ཁག་དང་བསམ་པའི་འཕྲོད་བསྟེན་ཚན་ཁག་གི་ཞན་ཆ་ཁ་གསབ་བྱ་རྒྱུ་ཡིན་པ་རེད། 

ཚེས1ཉིན། རྒྱལ་ཁབ་གློག་བརྙན་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། རང་རྒྱལ་གྱི2024ལོའི་གློག་བརྙན་གྱི་སྤ་སེ་སྡོམ་འབོར་སྒོར་དུང་ཕྱུར425.02སླེབས་ཡོད་པ་དང་། གློག་བརྙན་ལྟ་མཁན་གྱི་མི་ཐེངས་སྡོམ་འབོར་དུང་ཕྱུར10.1ཡིན། 

ཚེས1ཉིན། ཅང་སུའུ་ཉིང་དབྱང(宁阳)འབྲི་ཆུའི་ཟམ་ཆེན་དུ་དངོས་སུ་རླངས་འཁོར་བཏང་ནས་གཉེར་སྐྱོང་བྱས་ཡོད།  རླངས་འཁོར་ཤར་གཏོང་བྱས་རྗེས། ནན་ཅིང་ལུང་ཐན(龙潭)ནས་དབྱང་ཀྲོའུ་དབྱི་ཀྲེང(扬州仪征)བར་སྐར་མ6ལས་དགོས་ཀྱི་མེད། 

ཚེས1ཉིན། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི“ཧྭ་ལུང་ཨང་དང་པོའི”ཉིང་རྡུལ་གློག་ཁང་རྟེན་གཞི་སྟེ། ཀྲང་ཀྲོའུ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་ཨང་དང་པོ་ཚོང་ལས་འཁོར་སྐྱོད་དངོས་སུ་བྱེད་མགོ་བརྩམས་པ་རེད། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲི་ཆུའི་འགག་གསུམ་མཚོ་འགྲུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་འགག་གསུམ་ལྟེ་གནས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ཕན་འབྲས་བརྟན་བརླིང་ཡིན་པ་དང་། འགག་གསུམ་བརྒྱུད་པའི་ཟོང་འདྲེན་ཏུན་དུང་ཕྱུར1.59སླེབས་ནས་སྔོན་དཔག་གི་དམིགས་ཚད་ལས་བརྒལ་ཡོད་པ་རེད། 

2024ལོར། ཧྲང་ཧའེ་གནམ་ཐང་གི་འགྲུལ་པ་འདོན་འཇུག་བྱེད་ཚད་མི་ཐེངས་དུང་ཕྱུར1.24ལས་བརྒལ་ནས་དུས་མཚུངས་ལས29%འཕར་བ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། 

གནའ་བོའི་ཕོ་བྲང(故宫)གི་བྱང་གླིང་ཁུལ་གྱི་རྣམ་གྲངས་སྔོན་དཔག་བྱས་ན་ད་ལོའི་ཟླ10པར་ལེགས་འགྲུབ་འབྱུར་རྒྱུ་རེད། མིག་སྔར། རྣམ་གྲངས་དེ་གྲུབ་ཆ་གཙོ་བོའི་ཨར་ལས་དུས་མཚམས་སུ་གནས་ཡོད། 

ཉེ་ཆར། ཀྲེ་ཅང་ཧང་ཀྲོའུ་ཡི་སྐྱེས་པ་ཞིག་གློ་བུར་དུ་ནད་ཕོག་ནས་སར་འགྱེལ་བ་དང་། ནད་གཡོག་ལི་ཆིན་ཆིན་ལས་ཚོགས་སུ་འགྲོ་བའི་ལམ་བར་དུ་དོན་དག་དེར་ཐུག་ནས་འཕྲལ་དུ་མྱུར་སྐྱོབ་སྤེལ།   མང་ཚོགས་ཀྱིས་གཞོགས་འདེགས་འོག སྐྱེས་པ་དེ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཡོད། 

སྲིད་ཇུས།

ཐེན་ཅིན་གྱིས་ཐེན་ཅིན་དུ་སྟབས་བསྟུན་ལས་ཞུགས་བྱེད་པའི་མི་སྣ་དང་། ཞིང་པ་ལས་བཟོ་པ། ལས་ཞུགས་རྣམ་པ་གསར་པའི་མི་སྣ་སོགས་གྲོང་ཁྱེར་དེའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ན་ཐེམ་ཐོ་ཚོད་འཛིན་མི་ཐེབས་པའི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་རེད། 

ཀོང་ཏུང་གིས་གནས་འཁེལ་སྨན་རྫས་སྒྲིག་གཞིས་འགན་བཅོལ་ནང་ཞུགས་མཁན་མི་སྣས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་ལས་བརྒལ་བའི་སྨན་བཅོས་ཐད་ཀར་སྡོམ་རྩིས་བྱེད་པར་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། གྲོང་ཁྱེར་ཁག་གིས་ས་གནས་གཞན་དུ་དྲ་སྦྲེལ་གཏན་འཁེལ་བྱས་པའི་སྨན་རྫས་སྒྲིག་གཞི་ཕན་ཚུན་ཁས་ལེན་བྱེད་དགོས་ཞེས་ཁ་གསལ་བཟོས་ཡོད་པ་རེད། 

ཧྥུ་ཅན་གྱིས་ཇུས་གཞི་དཔར་འགྲེམས་བྱས་ནས་གྲངས་གཞི་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་གཉེན་སྒྲིག་ལག་ཁྱེར་དང་ཁྲོམ་རའི་གཙོ་གཟུགས་ཀྱི་ལས་གཉེར་ལག་ཁྱེར་སོགས་སྒྲུབ་པར་ཤོག་བུའི་རྒྱུ་ཆ་སྤྲོད་དགོས་པ་དེ་འགྲོ་ལུགས་སྒྲུབ་པའི་བླང་བྱའི་ནང་བཀོད་མེད། 

དེ་རིང་གི་གནམ་གཤིས།

ནང་སོག་གི་བྱང་ཤར་རྒྱུད་དང་། ཤིན་ཅང་གི་པེ་ཅང་གི་བྱང་རྒྱུད་། ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། དེའི་ནང་། ཤིན་ཅང་ཨ་ལེ་ཐའེ་དང་ཐ་ཁྲེང་བྱང་རྒྱུད། ནན་ཅང་གི་ལྷོ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད།  སི་ཁྲོན་ཤར་རྒྱུད་དང་། ཁྲུང་ཆིང་ནུབ་རྒྱུད། ཀུའེ་ཀྲོའུ་དབུས་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད། དེའི་ནང་། ཐའེ་ཝན་གླིང་ཕྲན་དབུས་བྱང་གི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章