ཁུལ་གྱི་མགོ་ཁྲིད་ཀྱིས་ནོར་ཁྲལ་དངུལ་རྩའི་ལས་ཁུངས་ལ་འཚམས་འདྲི་བྱས།

政务   2024-12-31 15:21   青海  

ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས་ནོར་ཁྲལ་དངུལ་རྩའི་སྒྲིག་གཞི་ལ་དུས་ཆེན་གཉིས་ཀྱི་
འཚམས་འདྲིའི་བྱེད་སྒོ་སྤེལ།
ནོར་ཁྲལ་སྡེ་ཁག་གི་བྱ་བའི་བརྩོན་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས་ས་གནས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་བྱེད་ཆེད། ནོར་ཁྲལ་དངུལ་རྩའི་ལས་ཁུངས་ཀྱི་ལོ་མཇུག་གི་ངེས་རྩིས་རྒྱག་པའི་སྐབས་ཏེ། ཟླ་12པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གྱི་འོས་མི་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨའེ་ཧུང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཆིས་ཆང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་འཁོར་དང་བཅས་པས་ནོར་ཁྲལ་དངུལ་རྩའི་སྒྲིག་གཞིའི"དུས་ཆེན་གཉིས"ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་གནང་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས། 

ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱིས་སྔ་རྗེས་སུ་ཁུལ་ནོར་སྲིད་ཅུས་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་བྱང་ཁྲལ་དོན་ཅུས། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་བྱང་ལྟ་སྐུལ་དོ་དམ་ཡན་ལག་ཅུས། མི་དམངས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་། ཞིང་ལས་དངུལ་ཁང་མཚོ་བྱང་ཡན་ལག་དངུལ་ཁང་སོགས་ནོར་ཁྲལ་དངུལ་རྩའི་ལས་ཁུངས15ལ་འཚམས་འདྲི་བྱས། ཞབས་ཞུའི་ཚོམས་ཆེན་དང་གཞུང་ལས་ཁང་སོགས་སུ་བསྐྱོད་ནས་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཤིང་། སྒྲིག་གཞི་སོ་སོའི་དྲ་ཚིགས་གཉེར་སྐྱོང་གི་ཕན་འབྲས་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་ཉེན་ཁ་སྔོན་འགོག་དང་སེལ་བ། དེ་བཞིན་ལོ་མཇུག་གི་ངེས་རྩིས་སོགས་ཀྱི་གནས་ཚུལ་ཞིབ་འདྲི་གནང་བ་དང་། དངུལ་རྩའི་སྒྲིག་གཞི་སོ་སོའི་ནང་ཁུལ་གྱི་མཁྲེགས་ཆས་སྒྲིག་ཆས་བཀོད་སྒྲིག་བྱས་ཚུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་། དངུལ་རྩའི་སྒྲིག་གཞི་སོ་སོའི་ལོ་ཧྲིལ་པོའི་གཉེར་སྐྱོང་དམིགས་ཚད་ལེགས་འགྲུབ་བྱས་པའི་གནས་ཚུལ་ལ་ཉན་ཞིང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་ལ་འདྲི་རྩད་གནང་སྟེ། ནོར་ཁྲལ་དངུལ་རྩའི་སྒྲིག་གཞིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ། 

ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱིས་བསྟན་དོན། 2024ལོར། ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ལས་བྱེད་ལས་བཟོ་པས་དངུལ་རྩའི"དོན་ཆེན་ལྔ"ཡག་པོ་བསྒྲུབ་རྒྱུར་གཞོལ་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུས་བ་དང་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་དམིགས་ཏེ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་བཅོས་སྒྱུར་འཕེལ་རྒྱས་དང་ཉེན་ཁའི་དོ་དམ་ལས་དོན་སོ་སོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མངའ་ཁུལ་གྱི་དངུལ་རྩའི་ལས་རིགས་བདེ་འཇགས་ཡིན་པ་དང་ཕན་འབྲས་མཐོ་བ། བརྟན་འཇགས་འཁོར་སྐྱོད་མངོན་འགྱུར་བྱུང་ཡོད། ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར་126.85ཟིན་པ་དེ་ལོ་འགོ་ལས9.46%འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས5.65ལས་མཐོ་བ། འགན་བཅོལ་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་འཁོར་སྐྱོད་བརྟན་པོ་བྱུང་བ་དང་ཞིང་ལས་འགན་བཅོལ་གྱི་སྐྱིན་ཚབ་སྒོར་དུང་ཕྱུར1.67འཇལ་བ་དང་། རོང་འབྲོག་ཁྱིམ་ཚང་ཁྲི10.89ལ་ཕན་པ་ཐོབ་ནས་དཔལ་འབྱོར་གྱི"ཡོམ་འགོག་ཡོ་བྱད"དང་སྤྱི་ཚོགས་ཀྱི"བརྟན་གཏོང་ཡོ་བྱད"ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད། ཁུལ་ཡོངས་ཀྱི་ཁྲལ་དོན་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་ཀྱི་ཡོང་འབབ་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་ཁྲལ་བསྡུའི་གྲོན་དངུལ་བསྡུ་བ་དང་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཆག་ཡང་གཏོང་བའི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ནས་ཁུལ་ཡོངས་ཀྱི་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་ཁྱིམ་ཚང་ཁྲི་ཙམ་ལ་ཕན་པ་ཐོབ་པ་བྱས་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་ཁུལ་ཡོངས་ཀྱི་རྒྱུ་ནོར་འབྱུང་ཁུངས་འཛུགས་སྐྲུན་ལ་རོགས་རམ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཟེར། 
ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱིས་ནན་གྱིས་བསྟན་དོན། 2025ལོ་ནི"ལྔ་བཅུ་བཞིའི"འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རེས་སྐོར་གསར་པའི་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གྱི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་ནོར་ཁྲལ་དངུལ་རྩའི་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་མཚོ་བྱང་ཁུལ་གྱི"243"འཕེལ་རྒྱས་ཀྱི་བཀོད་པ་དང"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞི་ཚུགས་ཏེ་ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩར་ལྟ་སྐུལ་དོ་དམ་དང་། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་བ། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། སྤུས་ལེགས་ཁྲལ་ཁུངས་སྐྱེད་སྲིང་སོགས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ནོར་ཁྲལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་ཁུལ་དུ་བཅའ་སྡོད་བྱས་པའི་ལས་ཁུངས་སྒྲིག་གཞི་སོ་སོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་ཧུར་ཐག་བྱེད་པ་དང་ནོར་ཁྲལ་དངུལ་རྩའི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ནོར་ཁྲལ་དངུལ་རྩའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཟེར།

འཚམས་འདྲིའི་བརྒྱུད་རིམ་ཁྲོད། ཁུལ་ནོར་ཁྲལ་དངུལ་རྩའི་སྒྲིག་གཞིའི་ལས་བྱེད་པ་དང་ལས་བཟོ་བ་ཚོས་མ་འོངས་པའི་བྱ་བའི་ཁྲོད། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་དངུལ་རྩའི་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་ལེན་ཧུར་ཐག་བྱས་ཏེ། ཧུར་ཐག་དང་རང་འགུལ་ངང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་མཉམ་འདྲེས་བྱས་ནས་དངུལ་རྩའི་ཁྲལ་བསྡུའི་ཞབས་ཞུའི་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། དམངས་གཉེར་ཁེ་ལས་ཆུང་ངུ་དང“ཞིང་གསུམ”བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱིས“243”འཕེལ་རྒྱས་བཀོད་པ་དང“མདུན་གྲལ་དུ་བསྐྱོད་པ་གསུམ་གྱི”དམིགས་ཚད་འཛུགས་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

来源/海北州人民政府办公室 海北州财政局 图/祁连山报社全媒体记者 陈文年 吴萍

责编/格日加布

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章