2025ལོའི་དུས་ཆེན་དང་གུང་གསེང་གི་དུས་ཚོད་འདི་རེད།

政务   2025-01-04 12:37   青海  

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས2024ལོའི་སྤྱི་ཟླ11པའི་ཚེས12ཉིན། སྤྱི་ལོ2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་། ནང་དོན་ཞིབ་ཕྲ་ནི་གཤམ་གསལ་ལྟར།    

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ2024ལོའི་ཟླ11པར་བཟོ་བཅོས་བརྒྱབ་པའི《རྒྱལ་ཡོངས་ཀྱི་ལོ་གསར་དང་དུས་ཆེན། དྲན་གསོ་ཉིན་མོའི་གུང་གསེང་གཏོང་ཐབས》གཞིར་བཟུང་། སྤྱི་ལོ2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་། སྤྱི་དམངས་ཡོངས་ལ་གུང་གསེང་གཏོང་བའི་ཉིན2མང་དུ་ཕྱིན་པ་དང་། དེའི་ནང་དཔྱིད་གསར་དུས་ཆེན་དང་ངལ་རྩོལ་དུས་ཆེན་ལ་ཉིན་རེ་རེ་མང་དུ་ཕྱིན་ཡོད། དེར་བརྟེན་གུང་གསེང་ངལ་གསོ་ལེགས་སྒྲིག་བྱེད་པའི་རྩ་དོན་སྔར་ལས་ལེགས་འགྱུར་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཕུད་དཔྱིད་གསར་དུས་ཆེན་ནི་ལུགས་རྙིང་ལོའི་གནམ་གང་ནས་བཟུང་ལེགས་སྒྲིག་བྱས་རྗེས་ངལ་གསོ་ཉིན8ཡིན་པ་དང་། རྒྱལ་སྟོན་དུས་ཆེན་ནི་ཟླ10པའི་ཚེས1ཉིན་ནས་བཟུང་ལེགས་སྒྲིག་བྱས་རྗེས་ངལ་གསོ་ཉིན7ཡིན་པ། ངལ་རྩོལ་དུས་ཆེན་ནི་ལེགས་སྒྲིག་བྱས་རྗེས་ངལ་གསོ་ཉིན5ཡིན་པ། སྤྱི་ལོའི་ལོ་གསར་ཚེས་དང་། དྭངས་གསལ་དུས་ཆེན། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་སོ་སོ་ལེགས་སྒྲིག་བྱས་རྗེས་ངལ་གསོ་ཉིན3(གལ་སྲིད་གཟའ་ལྷག་པ་དང་འཁེལ་ཡོད་ན་ཏག་ཏག་ཉིན་དེར་ངལ་གསོ་རྒྱག་རྒྱུ)ཡིན་པ། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དེ་ཟླ་མཆོད་དུས་ཆེན་དང་ཏག་ཏག་འཁེལ་ན་ཟླ་སྒྲིལ་བཏང་ནས་ངལ་གསོ་ཉིན་བརྒྱད་ཡིན་པ་བཅས་རེད།

གོང་གསལ་གྱི་རྩ་དོན་ལྟར། ད་ལྟ་སྤྱི་ལོ2025ལོའི་སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཀྱི་གུང་གསེང་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་ཞིབ་ཕྲ་གཤམ་གསལ་ལྟར།

གཅིག སྤྱི་ལོའི་ལོ་གསར། སྤྱི་ཟླ1པོའི་ཚེས1ཉིན(གཟའ་ལྷག་པ)ངལ་གསོ་ཉིན་གཅིག ངལ་གསོ་ལེགས་སྒྲིག་བྱ་རྒྱུ་མིན།
གཉིས། དཔྱིད་གསར་དུས་ཆེན། སྤྱི་ཟླ1པོའི་ཚེས28ཉིན(ལུགས་རྙིང་ལོའི་གནམ་གང་དང་རེས་གཟའ་མིག་དམར)ནས་སྤྱི་ཟླ2པོའི་ཚེས4ཉིན་བར་གུང་གསེང་ལེགས་སྒྲིག་བྱས་ནས་ངལ་གསོ་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན8ཡོད། སྤྱི་ཟླ1པོའི་ཚེས26ཉིན(གཟའ་ཉི་མ)དང་སྤྱི་ཟླ2པའི་ཚེས8ཉིན(གཟའ་སྤེན་པ)ལས་ཀར་འགྲོ་དགོས།
གསུམ། དྭངས་གསལ་དུས་ཆེན། སྤྱི་ཟླ4པའི་ཚེས4ཉིན(གཟའ་པ་སངས)ནས་ཚེས6ཉིན(གཟའ་ཉི་མ)བར་གུང་གསེང་གཏོང་རྒྱུ་ཡིན་ཞིང་། ཁྱོན་བསྡོམས་ཉིན3ཡོད།བཞི། ངལ་རྩོལ་དུས་ཆེན། སྤྱི་ཟླ5པའི་ཚེས1ཉིན(གཟའ་ཕུར་བུ)ནས་ཚེས5ཉིན(གཟའ་ཟླ་བ)བར་གུང་གསེང་ལེགས་སྒྲིག་བྱས་ནས་ངལ་གསོ་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན5ཡོད། སྤྱི་ཟླ4པའི་ཚེས27ཉིན(གཟའ་ཉི་མ)ལས་ཀར་འགྲོ་དགོས།
ལྔ། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན། སྤྱི་ཟླ5པའི་ཚེས31ཉིན་(གཟའ་སྤེན་པ) ནས་སྤྱི་ཟླ6པའི་ཚེས2ཉིན(གཟའ་ཟླ་བ)བར་གུང་གསེང་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན3ཡོད།
དྲུག རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན། སྤྱི་ཟླ10པའི་ཚེས1ཉིན(གཟའ་ལྷག་པ)ནས་ཚེས8ཉིན(གཟའ་ལྷག་པ)བར་གུང་གསེང་ལེགས་སྒྲིག་བྱས་ནས་ངལ་གསོ་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན8ཡོད། སྤྱི་ཟླ9པའི་ཚེས28ཉིན(གཟའ་ཉི་མ)དང་སྤྱི་ཟླ10པའི་ཚེས11ཉིན(གཟའ་སྤེན་པ)ལས་ཀར་འགྲོ་དགོས།

དུས་ཆེན་དང་གུང་གསེང་རིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་རེས་དང་བདེ་འཇགས། བདེ་སྲུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་བཀོད་སྒྲིག་འོས་འཚམ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་འཕྲད་ཚེ། གཏན་འབེབས་གཞིར་བཟུང་དུས་ཐོག་ལ་སྙན་སེང་ཞུ་བ་དང་ཐག་གཅོད་འོས་འཚམ་གྱིས་མི་དམངས་མང་ཚོགས་འཆམ་མཐུན་དང་བདེ་འཇགས་ངང་དུས་ཆེན་དང་གུང་གསེང་གཏོང་ཐུབ་པར་འགན་ལེན་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/格日加布

监制/杨本才让 

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章