མཚོ་སྔོན་པོ·སྨོན་ལམ་མཐོན་པོ་བྱེས་བགྲོད་འགྲན་སྡུར་གྱི་སྤྱི་བསྒྲཊ།

政务   2024-10-17 16:49   青海  


མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི“མཚོ་སྔོན་གྱོ་རྒྱ”མཚོ་སྔོན་པོ·སྨོན་ལམ་མཐོན་པོ་བྱེས་བགྲོད་འགྲན་སྡུར་གྱི་སྤྱི་བསྒྲགས།

མཚོ་སྔོན་གྱོ་རྒྱ་རྟ་རྒྱུག་འགྲན་སྡུར་གྱི་སྲོལ་རྒྱུན་རིག་གནས་སྔར་ལས་དར་སྤེལ་གཏོང་ཆེད། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད“མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་མེ་སྒྱོགས་དང་པོ་རྒྱག་པའི”སྐོར་གྱི་བླང་བྱ་དང་ལེན་ཧུར་ཐག་བྱས་ནས“ལྟེ་གཅིག་གདུབ་གཅིག་གནས་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་རང་འགུལ་ངང་འདྲེས་པར་བྱས་ཏེ། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི“མཚོ་སྔོན་གྱོ་རྒྱ”མཚོ་སྔོན་པོ·སྨོན་ལམ་མཐོན་པོ་བྱེས་བགྲོད་འགྲན་སྡུར་སྐབས་དང་པོ་གཉེར་ཏེ་མཐའ་འཁོར་གྱི་རྟ་གསོ་བའི་མང་ཚོགས་རྟར་ཞོན་ནས་སྨོན་མཐོན་པོར་ཡུལ་སྐོར་དང་། རྟར་ཞོན་ནས་སྐྱེ་ཁམས་ཉམས་ལེན། སྲོལ་རྒྱུན་རྟ་རྒྱུག་དང་རྟ་རྩལ་འགྲན་སྡུར་ལ་མྱོང་རོལ། རི་ཁུལ་གྱི་བྱེས་བགྲོད་ཐེག་ནུས་འགྲན་སྡུར་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱ་རྒྱུར་རྨང་གཞི་ཡག་པོ་གཏོང་རྒྱུ་ཡིན་ལ། དེ་དང་ཆབས་ཅིག སྨོན་ལམ་མཐོན་པོའི་སྟོན་དགུན་གྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་གསར་བརྗེའི་སྤུས་དག་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ཤུགས་ཆེན་བྱ་ཆེད།  ནུབ་མཚོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་མཚོ་སྔོན་གྱོ་རྒྱ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་བྱེས་བགྲོད་འགྲན་སྡུར་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད་ཅིང་། འགྲན་སྡུར་གྱི་ཞིབ་ཕྲའི་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།   

གཅིག འགྲན་སྡུར་གྱི་དུས་ཚོད་དང་ས་གནས། 

འགྲན་སྡུར་དུས་ཚོད། 2024ལོའི་ཟླ11པའི་ཚེས15ཉིན(གཟའ་པ་སངས)ཆུ་ཚོད10:00སྟེང་མགོ་རྩོམ་རྒྱུ། 
ས་གནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་གསར་བརྗེའི་ཉམས་ཞིབ་རྟེན་གཞི།

གཉིས། འགྲན་སྡུར་གྱི་ལམ་ཐིག

ཐེངས་འདིའི་འགྲན་སྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ13ཡོད་པ་དང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་ནས་མགོ་བརྩམ་སྟེ་སྨོན་ལམ་མཐོན་པོའི་རི་རྩེ་ནས་མཇུག་བསྡུ་བ་ཡིན། ལམ་ངོས་ཧྲིལ་པོ་བྱེ་རྡོ་ལམ་ཡིན་ཞིང་། འགྲན་སྡུར་བྱེད་སྐབས་ལམ་ངོས་ཧྲིལ་པོ་བཀག་སྡོམ་བྱ་རྒྱུ།

གསུམ། མིང་ཐོ་འགོད་སྟངས་དང་ས་གནས།

མིང་ཐོ་འགོད་པའི་དུས་ཚོད། 2024ལོའི་ཟླ10པའི་ཚེས20ཉིན་ནས་ཟླ11པའི་ཚེས13ཉིན་གྱི་ཆུ་ཚོད18བར་ཡིན། དུས་ལས་ཡོལ་ན་མིང་ཐོ་འགོད་མི་ཆོག་པ་དང་འགྲན་སྡུར་ལ་ཞུགས་མི་ཆོག 
ཡུལ་དངོས་ནས་མིང་ཐོ་འགོད་ས། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་བརྒྱད་པ། 

ཁ་པར་གྱི་ལམ་ནས་མིང་ཐོ་འགོད་པའི་འབྲེལ་གཏུག་མི་སྣ།

ཡུས་ཧུའེ། 18197365036 ནུབ་མཚོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ། 
སྐལ་འབུམ་རྒྱལ། 13086248886 རྩ་འཛུགས་ཨུ་ལྷན་གྱི་ཁོངས་མི། 
དགེ་ལེགས། 18809709993 རྩ་འཛུགས་ཨུ་ལྷན་གྱི་ཁོངས་མི། 
ཐེངས་འདིའི་འགྲན་སྡུར་གྱི་མིང་ཐོ་འགོད་རིན་ལ་མི་རེར་སྒོར80ཡིན་ཞིང་། མིང་ཐོ་བཀོད་རྗེས་དུས་ལྟར་འགྲན་སྡུར་ལ་ཞུགས་མ་ཐུབ་ན་མིང་ཐོ་འགོད་རིན་ཕྱིར་མི་སློག

བཞི། གཙོ་སྒྲུབ་ལས་ཁུངས། 

དའ་བཞི་རྫོང་མི་དམངས་སྲིད་གཞུང་།

ལྔ། འགན་སྒྲུབ་ལས་ཁུངས། 

ནུབ་མཚོ་གྲོང་རྡལ་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས།

དྲུག རོགས་སྒྲུབ་ལས་ཁུངས། 

ཚོ་སྔོན་པོ་རྟ་རྒྱུག་མཐུན་ཚོགས།

བདུན། བྱ་དགའི་རྣམ་གྲངས།

ཨང་དང་པོ། སྒོར10000དང་གཟི་བརྗིད་དཔང་ཡིག

ཨང་གཉིས་པ། སྒོར6000དང་གཟི་བརྗིད་དཔང་ཡིག

ཨང་གསུམ་པ། སྒོར3000དང་གཟི་བརྗིད་དཔང་ཡིག

ཨང་བཞི་པ། སྒོར1000དང་གཟི་བརྗིད་དཔང་ཡིག

ཨང་ལྔ་པ། སྒོར800དང་གཟི་བརྗིད་དཔང་ཡིག

ཨང་དྲུག་པ། སྒོར500དང་གཟི་བརྗིད་དཔང་ཡིག

ཨང་བདུན་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བརྒྱད་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་དགུ་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བཅུ་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བཅུ་གཅིག་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བཅུ་གཉིས་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བཅུ་གསུམ་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བཅུ་བཞི་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཨང་བཅོ་ལྔ་པ། སྒོར300དང་གཟི་བརྗིད་དཔང་ཡིག

ཐེངས་འདིའི་འགྲན་སྡུར་ནང་ཞུགས་པའི་རྟ་ལ་ལོ་ཚོད་དང་གཟུགས་ཀྱི་མཐོ་དམའ་སོགས་ཀྱི་ཁྱད་པར་མི་འབྱེད་ལ། ཞིང་ཆེན་ཡོངས་ཀྱི་རྟ་འགྲན་སྡུར་ནང་ཞུགས་ཆོག ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའི་ཨང་རིམ་ཐོབ་པའི་རྟ་མ་ཡིན་པའི་རྟ་རྣམས་ཀྱིས་འགྲན་སྡུར་གྱི་ལམ་ཐག་ཧྲིལ་བོ་ལེགས་འགྲུབ་བྱས་ཚེ་ལེགས་སྐྱེས་འོས་འཚམ་རེ་སྤྲོད་རྒྱུ་ཡིན།

གཤམ་གྱི阅读原文ཞེས་པ་མནན་ན་ཞིབ་ཕྲའི་ནང་དོན་ཆ་ཚང་ལ་བལྟ་ཆོག

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章