སློབ་མས་སློབ་གྲྭར་ཁ་པར་འཁྱེར་ཆོག་མིན་ཐད།

政务   2024-10-16 16:51   青海  

གསར་འགོད་པས་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག ཉེ་ཆར《ཀོང་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ཡོང་བར་བྱེད་པའི་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་ཆོག་མཆན་སྤྲད་པ་དང་། 2024ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། འདི་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ཡོང་བར་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་རེད།
《སྲོལ་ཡིག》གི་དོན་ཚན་གཉིས་པར《སྲོལ་ཡིག》དེ་ཀོང་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ཡོང་བར་བྱེད་པའི་ལས་དོན་ལ་སྤྱོད་རྒྱུར་འཚམ་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཞེས་པ་ནི་སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ། ལག་རྩལ་ལས་བཟོའི་སློབ་གྲྭ། དམིགས་བསལ་སློབ་གསོའི་སློབ་གྲྭ། ཆེད་དམིགས་སློབ་གྲྭ་བཅས་ཀྱི་སློབ་མར་ཟེར་གྱིན་ཡོད་པ་རེད། 
སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་སྐྱོན་སྔོན་འགོག་བྱེད་པའི་གནད་དོན་ཐད《སྲོལ་ཡིག》གི་དོན་ཚན14པའི་ནང་། ལྟ་སྐྱོང་བྱ་ཡུལ་གྱིས་ལག་ཁྱེར་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་སྤྱོད་པར་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་བ་གཞན་དག་གིས་ཚོད་འཛིན་ནན་མོར་བྱེད་དགོས་པ་དང་། ལག་ཁྱེར་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་སྤྱོད་མཁན་ལྟ་སྐྱོང་བས་བེད་སྤྱོད་བྱེད་ཡུལ་དང་དུས་མཚམས། དུས་ཡུན། གློག་ཕྱོད། ནང་དོན། ནུས་པ། དབང་ཚད་སོགས་ཀྱི་དོན་ཚན་ཚད་ལྡན་བཟོ་དགོས་པ་དང་འབྲེལ་སློབ་གྲྭར་གཞོགས་འདེགས་བྱས་ནས་སློབ་མས་སློབ་གྲྭའི་ནང་ལག་ཁྱེར་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་སྤྱོད་པར་ཚོད་འཛིན་བྱེད་པའམ་ཡང་ན་ཚོད་འཛིན་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།
སློབ་མས་ལག་ཁྱེར་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་འཁྱེར་ནས་སློབ་གྲྭར་སྐྱོད་པའམ་ཡང་ན་སློབ་གྲྭའི་ནང་བེད་སྤྱོད་བྱེད་རིགས་སློབ་གྲྭས་བཀག་འགོག་བྱས་ཆོག  འཁྱེར་ཆོག་པའི་བཀའ་ཁྲོལ་བྱུང་རིགས་གཅིག་གྱུར་ཐོག་བདག་སྐྱོང་བྱེད་དགོས་པ་དང་། སློབ་ཁྲིད་ཀྱི་དགོས་མཁོའི་དབང་གིས་འཁྱེར་ཆོག་རིགས་མ་གཏོགས་འཁྱེར་མི་ཆོག
སློབ་གྲྭས་སྤྱི་པའི་ས་ཁོངས་སུ་སྤྱི་སྤྱོད་ཁ་པར་བཙུགས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་བབ་བསྟུན་འབྲེལ་གཏུག་བྱེད་བྱར་མཁོ་སྤྲོད་བྱེད་དགོས།
སློབ་གྲྭས་སློབ་གྲྭ་དེ་གའི་དོན་དངོས་དང་སྒྲིག་སྲོལ་ལ་གཞིགས་ནས་སློབ་མར་སློབ་གྲྭའི་ནང་ལག་ཁྱེར་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་སྤྱོད་དུ་འཇུག་མིན་གཏན་འབེབས་བྱས་ཆོག

ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章