མཚོ་བྱང་ཁུལ་གྱི་གལ་ཆེའི་གནམ་གཤིས་སྔོན་བརྡ།

政务   2024-10-18 10:25   青海  


མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས། སྔོན་དཔག་བྱས་པ་ལྟར་ན། ཟླ10པའི་ཚེས18ཉིན་ནས་ཚེས20ཉིན་བར་མཚོ་བྱང་ཁུལ་ལ་མངོན་གསལ་གྱིས་ཁ་བ་འབབ་པ་དང་དྲོད་ཚད་ཇེ་དམའ་རུ་འགྲོ་བ། རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད། 
ཚེས18ཉིན་ཁུལ་ཡོངས་ལ་སྤྲིན་མང་རྒྱུ་རེད། ཚེས19ཉིན་ཁུལ་ཡོངས་ལ་ཁ་བ་འབྲིང་ཙམ་ནས་ཁ་བ་ཆེན་པོ་འབབ་རྒྱུ་རེད། རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི3ནས10བར་ཡིན་པ་དང་། མདོ་ལའི་ཤར་རྒྱུད་དང་རྐང་ཚའི་བྱང་རྒྱུད། མདའ་བཞིའི་བྱང་རྒྱུད། འཇུ་ལག་གི་ནུབ་རྒྱུད་བཅས་ལ་ཆར་ཆུ་འབབ་ཚད་ཧའོ་སྨི10ཡན་ཟིན་རྒྱུ་རེད། ཚེས18ཉིན་ནས20ཉིན་བར། ཁུལ་ཡོངས་ཀྱི་ཉིན་རེའི་དྲོད་ཚད་མཐོ་ཤོས་རིམ་རྩིས་བྱས་ན6ནས8℃བར་ཇེ་དམའ་རུ་འགྲོ་རྒྱུ་ཡིན་ཞིང་། ས་ཁུལ་ཁ་ཤས་སུ10℃ཡན་ཇེ་དམའ་རུ་འགྲོ་རྒྱུ་རེད། ཚེས20ཉིན་ཁུལ་ཡོངས་ལ་གནམ་ཐང་བ་དང་མཚོ་སྐོར་ས་ཁུལ་དུ་རིམ་པ6ནས7བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད། 

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台   责编/彭毛才旦

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章