ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-10-14 08:34   青海  
གསར་འགྱུར་གལ་ཆེན།

དུས་ཚིགས1པོ་ནས3པའི་བར་རྒྱལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས3.6%འཕར་ཡོད་པ་རེད། 

ཉིན་ཤས་གོང་། རྒྱལ་ཁབ་གྲངས་གཞི་ཅུས་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི་དབང་བཅོལ་གཉེར་སྐྱོང་ལག་བསྟར་ཚད་གཞི(ཚོད་ལྟའི་ལག་བསྟར)དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད། 

ད་ལོའི་ཟླ1པོ་ནས9པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་གཉིས་ཁྲི2000ལས་བརྒལ་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཀྱིས་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཀྱི40%ཙམ་ཟིན་གྱི་ཡོད་པ་རེད། 

རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“2024ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500”ཡི་མིང་ཐོ་ཁྱབ་བསྒྲགས་བྱས། 2023ལོར། དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་ལས་གཉེར་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི41.91ཡིན་པ་དང་། ལོ་གོང་མ་ལས5.22%འཕར་ཡོད་པ་རེད། 

བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རང་རྒྱལ་གྱི་གྲུབ་ཆའི་རྣམ་པའི་མི་ཐབས་ཀྱི་རིག་ནུས་ཞབས་ཞུའི་དཔེ་དབྱིབས་ཆེན་པོའི་ཐོ་འགོད་སྤྱོད་མཁན་དུང་ཕྱུར6ལས་བརྒལ་ཡོད་པ་རེད། 

ཟླ9པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)དེ་དུས་མཚུངས་ལས0.4%འཕར་ཡོད་པ་རེད།

ཚེས13ཉིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་འདེམས་བསྐོའི་འབྲས་བུ་ཡོངས་བསྒྲགས་བྱས་ཤིང་། ཚེན་ཧའོ་ཧུའེ་ལ་འདེམས་བསྐོ་ཨུ་ལྷན400ཡི་འདེམས་ཤོག་འཕངས་པའི་ཁྲོད། འདེམས་ཤོག394ཐོབ་ནས་སྐབས་དྲུག་པའི་སྲིད་འཛིན་དཔོན་གྱི་འདེམ་སྒུག་པར་གྱུར། 

ཚེས13ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ2501གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་ཞིབ་བྱེད་མགོ་བརྩམས་པ་རེད། དེ་ནི་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་སྤེལ་བའི་དབང་སྲུང་སྐོར་ཞིབ་བྱེད་སྒོ་ཞིག་རེད། 

ཚེས13ཉིན། ལེ་པ་ནོན་གྱི་གཙོ་བདག་ཏང་གིས་ལེ་པ་ནོན་གྱི་ལྷོ་རྒྱུད་མཐའ་མཚམས་ས་ཁུལ་དུ་བཙན་འཛུལ་བྱེད་རྩིས་ཡོད་པའི་དབྱི་སི་རལ་གྱི་དམག་དཔུང་དང་དམག་འཁྲུག་བརྒྱབ་ཅེས་བཤད་པ་རེད། 

སྤྱི་ཚོགས།

དེ་རིང་དང་སང་ཉིན་རིང་། ཅུང་དྲག་པའི་མཁའ་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནང་སོག་གི་དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ་མང་ཆེ་བའི་གནམ་གཤིས་ཀྱི་དྲོད་ཚད6~10℃བར་མར་ཆག་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད12~14℃བར་མར་ཆག་རྒྱུ་རེད། 

རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་དཀྲོག་གཏམ་གྱི་དཔེ་མཚོན་གྱོད་གཞི12ཁྱབ་བརྡ་བཏང་། 

ཚེས13ཉིན། ཀྲེང་ཆིན་ཝུན1:2ཀྱི་མཐའ་འབྲས་ཐོག་ནས་ས་པ་ལུན་ཁ་དང་ཕམ་ནས2024ལོའི་ཝུའུ་ཧན་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་རྐྱང་རྒྱག་གི་ཨང་གཉིས་པ་ཐོབ་པ་རེད། 

ནོར་སྲིད་པུས་བརྡ་ཐོ་བཏང་སྟེ། ཀྲུང་གོའི་ཕན་བདེའི་རྒྱན་ཤོག་འགྲེམས་སྤེལ་དོ་དམ་ལྟེ་གནས་ཀྱིས་ཧྲུག་ཧྲུག་གཏོང་བའི་བྱེད་ཐབས་སྤྱད་དེ་བྲིན་ཚོང་བྱེད་མཚམས་བཞག་པའི“དྲུག་དྲུག་ལེགས”སོགས་འཕྲལ་མར་འབྱེད་པའི་རྣམ་པའི་ཕན་བདེའི་རྒྱན་ཤོག28མེད་པ་བཟོ་རྒྱུའི་མོས་མཐུན་བྱས་པ་རེད། 

ཉེ་ཆར། ཀོང་ཏུང་ཅང་མོན་དུ་ས་འོག་སྨི700རུ་གནས་པའི་ཕྲན་རྡུལ་འབྲིང་མའི་ཚོད་ལྟའི་ལྟེ་གནས་ཀྱི་བརྟག་ཞིབ་འཚོལ་ཞིབ་ཡོ་བྱད་ཀྱིས་འཛམ་གླིང་ཐོག་གི་སྐྱེ་ལྡན་ཤེལ་རིལ་ཆེ་ཤོས་སྒྲིག་སྦྱོར་ལེགས་གྲུབ་བྱུང་བ་དང་། ཚན་རིག་སྒྲིག་ཆས་ཆེན་པོ་དེ་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད་པ་རེད། 

ཏ་ལེན་མཚོ་དོན་ཅུས་མཚོ་བསྐྱོད་ཐ་ཚིག་བསྒྲགས་ནས་ཚེས13ཉིན་གྱི་ཆུ་ཚོད16ནས་ཚེས20ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་ནས་མཚོ་འགྲུལ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བ་རེད། 

ཉེ་དུས། ཀོང་ཤིས་ཅིང་ཤིས(靖西)མཐའ་མཚམས་དོ་དམ་རུ་ཆེན་གྱིས་སྦྲུལ་རིགས་ལྐོག་ཚོང་རྒྱག་པའི་དོགས་གཞི་ཁག་གཉིས་བསྟུད་མར་རྩད་ཆོད། ལྗིད་ཚད་ཏུན2.7ཡོད་པ་དང་། གྱོད་འབྲེལ་ཉེས་གསོག་དོགས་ཅན་2འཛིན་བཟུང་བྱས་པ་རེད། 

“ཙི་ཅིན་ཧྲན-ཨ་ཐེ་ལ་སི”ཞེས་པའི་སྐར་མ་དུ་བ་མཇུག་རིང་ཉིན་ཤས་གོང་ཐག་ཉེ་སར་བརྒྱུད་ཅིང་། ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་ནས་ཚེས26ཉིན་བར་སྐར་མ་དུ་བ་མཇུག་རིང་དེར་ལྟ་ཞིབ་ཚད་ལེན་བྱེད་པའི་དུས་ཚོད་ཡག་ཤོས་དེ་ཡིན་པ་རེད། 

ཉེ་ཆར། ཧུའུ་པེའི་ཅིང་མོན(荆门)གྱི་ཀྲང་ཞའོ་ཨའེ་ཡིས་ཁྲག་གསོའི་ཕྲ་ཕུང་ཧའོ་ཧྲེང323ཞལ་འདེབས་ཕུལ་ནས་ཁྲག་རིལ་དཀར་པོའི་ནད་ཕོག་མཁན་ཞིག་ལ་རོགས་སྐྱོབ་བྱས་པ་རེད། 2012ལོ་ནས་བཟུང་། ཀྲང་ཞའོ་ཨའེ་ཡིས་ལོ་ལྟར་ཁྲག་སྦྱིན་ཐེངས་རེ་འབུལ་བ་དང་། ལོ10ལྷག་ལ་ཁྲག་སྦྱིན་བྱེད་པ་རྒྱུན་འཁྱོངས་བྱས་པ་རེད།  

སྲིད་ཇུས། 

ཐེན་ཅིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ། རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ནད་གཡོག་མི་སྣ་དུད་ཚང་དུ་བསྐྱོད་ནས་གཟུགས་པོ་འཁྲུ་རོགས་བྱེད་པའི་ཞབས་འདེགས་ཞུ་བའམ་ཡང་ན་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་གཟུགས་པོ་འཁྲུ་རོགས་བྱེད་པའི་ཆེད་ཁུལ་བཙུགས་ཏེ་དེའི་ནང་ཞུགས་མེད་པའི་རྒན་རྒོན་ལ་སྒོ་མོ་འབྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། 

སི་ཁྲོན་གྱིས་ཁ་གསལ་བཏང་དོན། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་ཁྱད་ཆོས་ལྡན་པའི་ལས་རིགས་ཀྱི་ཐོན་སློབ་མཉམ་འདྲེས་ཀྱི་ཐུན་མོང་སྒྲིག་གཞི2ནས4བར་བཏོད་དེ་ལོ་ལྟར་གསོ་སྦྱོང་གི་གཞི་ཁྱོན་མི་ཐེངས2000ལས་མི་ཉུང་བ་བྱ་རྒྱུ་རེད། 

ཀྲེ་ཅང་གིས་འབྲེལ་ཡོད་ཐོབ་ཐང་དང་འཚམ་པའི་རིམ་པ་མཐོ་བའི་རང་འགུལ་འཁོར་རིགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ལམ་དུ་སྐྱོད་པའི་སྐོར་ལ་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས། 

དེ་རིང་གི་གནམ་གཤིས། 

ཧེ་ལུང་ཅང་གི་ནུབ་རྒྱུད་དང་ཅི་ལིན་གྱི་ནུབ་རྒྱུད། ཅང་སུའུ་ཡི་ཤར་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད། ཀོང་ཤིས་ཀྱི་བྱང་རྒྱུད། ཧུའུ་ནན་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་དང་ཀོང་ཤིས་ཀྱི་ནུབ་བྱང་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章