ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་བསྡུས།

政务   2024-10-15 12:05   青海  

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས།

 ཟླ10པའི་ཚེས14ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། དབྱང་ཧྥ་སིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་པའི་གཏན་འབེབས་བརྒྱུད་བསྒྲགས་བྱས། གྲོས་ཚོགས་སུ་ཞུགས་པའི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་རྒྱུ་ཡིན་ཞེས་བསྟན།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དབྱང་ཧྥ་སིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པར་ཁེགས་ཡུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ།  བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་ཀྱི་རྣམ་འགྱུར་གསལ་པོ་གང་ལེགས་སྒོས་མངོན་ལ། རུལ་སུངས་ལ་ངོ་རྒོལ་བྱེད་པར་གུ་ཡངས་གཏན་ནས་མི་བྱེད་པ་དང་། ལྷོད་གཡེང་གཏན་ནས་མི་བྱེད་པ། སྙིང་རྗེ་གཏན་ནས་མི་སྒོམ་པ་བཅས་ཀྱི་བརྡ་རྟགས་དྲག་པོ་གང་ལེགས་སྒོས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་དང་ལས་བྱེད་པའི་དཔུང་སྡེ་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་གང་ལེགས་སྒོས་མཚོན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་རང་འགུལ་ངང་གཅིག་གྱུར་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས།  སྒྲིག་ཁྲིམས་ལག་བསྟར་བྱེད་ཚད་ཇེ་ནན་ནས་ཇེ་ནན་ཡིན་པ་དང་། ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་པར་ངོས་འཛིན་ཟབ་མོ་བྱས་ནས། འདོད་ཧམ་གྱི་གནོད་འཚེ་རྟག་ཏུ་བསམ་པ་དང་། རང་གཅུན་གྱི་བསམ་པ་རྟག་ཏུ་འཆང་བ། དུས་ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་རྒོལ་གྱི་ངེས་ཤུགས་བཅས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་གནས་ཡོད་པས། ངེས་པར་དུ་བསླབ་བྱ་ཟབ་མོ་ལེན་པ་དང་ཉེན་བརྡ་མཚམས་མ་ཆད་པར་གཏོང་དགོས། རྒྱུན་རྣམ་དང་ཡུན་ཕན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་སེལ་བ། “ལས་བྱེད་པས་སྒྲུབ་དགོས་པ་དང་།  རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ནན་ཏན་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་དཀར་དང་། སྤྱོད་གཙང་། ཁག་ཁུར་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཏང་གཤིས་དང་ཏང་སྲོལ། ཏང་ཁྲིམས་བཅས་མཉམ་དུ་དམ་འཛིན།  སྤྱོད་ངན་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་པར་མཐོང་ཆེན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་ལས་བྱེད་པ6གི་གྱོད་གཞིར་བརྟེན་ནས་ཆེད་དོན་སློབ་གསོ་དང་བཅོས་སྐྱོང་བྱེད་པ་རྒྱུན་མཐུད་ངང་ཟབ་སྤེལ་བཅས་བྱས་ཏེ། སྒྲིག་འགལ་ངང་ཟ་འཐུང་དང་མངོན་མེད་གཞན་འགྱུར་གྱི“སྤྱོད་ངན་བཞི”ཡི་གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཡུན་རིང་བཅོས་སྐྱོང་བྱེད་པ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྟེར་ལེན་གྱི་གནད་དོན་ལ་ཆེད་དུ་བཅོས་སྒྲིག་ཏན་ཏིག་བྱེད་པ། དབང་ཆ་གཅིག་འདུས་དང་མ་དངུལ་གཅིག་འདུས།  ཐོན་ཁུངས་གཅིག་འདུས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་གཏིང་ཟབ་བྱས་ནས།   དགོངས་གཞི་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།   ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་ཁུར་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་དང་། “མགོ་ཁྲིད་པ་གཙོ་བོའི”འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི།  ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སློབ་གསོ་དམ་འཛིན་དང་། དོ་དམ་དམ་འཛིན། ལྟ་སྐུལ་དམ་འཛིན་བཅས་བྱས་ཏེ།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“མགོ་ཁྲིད་པ་གཙོ་བོ”དང་མགོ་ཁྲིད་ཚན་ཁག་གི་གཙོ་གནད་ལྟ་སྐུལ་ཆ་སྡེབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་མོ་དང་། རང་འགན་ནན་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་མོ་བཅས་བྱེད་པར་ལྟ་སྐུལ་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་སྐྲུན་གྱི་འཕེལ་རྒྱས་ཁོར་ཡུག་མུ་མཐུད་དུ་བསྐྲུན་དགོས།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章